མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་ནས་ཡོང་མཁན་ཚོ་མི་རིཊ་ང་དྲུག་གི་གྲས་ནས་འཕུད་འདུག

བོད་ཀྱི་དུས་བབ།
༢༠༡༣/༠༣/༢༥
Share on FacebookShare on TwitterShare on EmailShare on Whatsapp

བོད་ནང་གཉེན་འཕྲད་དུ་སྐྱོད་མཁན་ཞིག་གིས་བརྗོད་པ་ལྟར་ན། དེང་སྐབས་རྒྱ་གཞུང་གིས་བོད་ནང་གི་ས་གནས་གང་སར་དམ་དྲག་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་གར་སོགས་ནས་ཡོང་མཁན་ཚོར་ལྷག་པར་དོགས་ཟོན་བྱས་ཏེ་འགྲོ་ས་སྡོད་ས་མེད་པ་བཟོ་བཞིན་ཡོད་འདུག

སྔར་ལོ་བོད་ནང་གཉེན་འཕྲད་དུ་བསྐྱོད་དེ་ཟླ་འགའི་རྗེས་ཕྱིར་རྒྱ་གར་ངྷ་རམ་ས་ལར་འབྱོར་ཡོད་ཅིང་། མིང་བརྗོད་འདོད་མེད་པའི་ཨ་མདོ་བླ་བྲང་ཕྱོགས་ཀྱི་བུད་མེད་ཅིག་ལ། གསར་འགོད་པས་ཁོང་མོའི་ཕ་ཡུལ་ཕྱོགས་ཀྱི་གནས་སྟངས་སྐོར་གླེང་མོལ་བྱས་སྐབས་ཁོང་མོས་བརྗོད་དོན་ལ་བོད་ནང་འཛུགས་སྐྲུན་གྱི་ཕྱོགས་ནས་སྔོན་མ་དང་བསྡུར་ན། གྲོང་ཁྱེར་གྲོང་གསེབ་གཉིས་ཀར་འགྱུར་བ་ཆེན་པོ་ཕྱིན་ཡོད་པ་དང་། ལྷག་པར་དུ་མདོ་སྨད་གཙོད་གྲོང་ཁྱེར་ལ་མཚོན་ན་དྲ་ཁང་དང་ཆང་ཁང་། ཇ་ཁང་སོགས་ཀྱི་རྒྱས་སྤྲོས་གཏོང་ས་ཧ་ཅང་མང་པོ་བཙུགས་ཡོད་འདུག བོད་རིགས་ན་གཞོན་ཚོར་དངུལ་ཏོག་ཙམ་རེ་རག་མ་ཐག་བག་མེད་ལོངས་སྤྱོད་བྱེད་པ་དར་སྲོལ་ཆེན་པོ་བྱེད་ཀྱི་ཡོད་འདུག

བོད་ནང་གི་འབྲོག་ས་མང་པོ་ཞིག་རྒྱ་གཞུང་གི་བཙན་དབང་འོག་གྲོང་ཁྱེར་དུ་གནས་སྤོར་བྱེད་འཇུག་གི་ཡོད་པ་དང་། ཡང་ས་ཆ་ལ་ལར་རང་འགུལ་ཐོག་སྒོ་ཕྱུགས་བཙོང་པ་དང་ཞིང་ས་བདག་མེད་དུ་གཡུགས་ཏེ་གྲོང་ཁྱེར་དུ་གནས་སྤོར་བྱེད་ཀྱི་ཡོད་ཅིང་། གཞོན་སྐྱེས་ཕལ་ཆེ་བ་དཔལ་འབྱོར་འགྲན་རྩོད་ནང་དུ་ཞུགས་ཏེ་རླངས་འཁོར་དང་ཁང་པ། ཁ་པར། གྱོན་ཆས་སོགས་ཀྱི་འགྲན་བསྡུར་ཤུགས་ཆེན་པོ་ཡིན་འདུག རྒན་པ་ཚོས་སྒོ་ཕྱུཊ་དང་ས་ཞིང་། སྲོལ་རྒྱུན་འཚོ་བ་སྐྱེལ་ཕྱོགས་སོགས་མེད་པ་བཟོས་པར་བློ་འགྱོད་དང་། མི་རབས་རྗེས་མ་ཚོར་དཀའ་ངལ་ཆེན་པོ་འཕྲད་རྒྱུར་སེམས་འཚབ་བྱེད་ཀྱི་ཡོད་འདུག

བོད་ནང་གི་རང་ལུས་མེར་བསྲེཊ་བྱུང་སྐབས་ས་གནས་ཀྱི་གནས་སྟངས་གང་འདྲ་ཡིན་མིན་སྐོར་ལ་གླེང་མོལ་བྱས་སྐབས། ཁོང་མོ་ཕ་ཡུལ་དུ་ལོག་སྐབས་ཧ་ཅང་ལྷིང་འཇགས་ཡིན་ཡང་། རྗེས་སུ་རང་ལུས་མེར་བསྲེཊ་སྔ་རྗེས་སུ་བྱུང་སྟབས། དགོན་གྲོང་གཉིས་ལ་དམ་དྲག་ཆེ་རུ་བཏང་བ་མ་ཟད། ལམ་ཁ་ཡོངས་རྫོགས་བཀག་འགོག་གིས་ཐོབ་ཐང་ལག་འཁྱེར་ལ་ཞིབ་བཤེར་དང་། ཁ་པར་ནང་ཏཱ་ལའེ་རུ་ཚོགས་དང་ཕྱི་རྒྱལ་དུ་ཡོད་པའི་བོད་པ་ཚོས་སྐུལ་སློང་བྱས་ཏེ། བོད་མི་འདི་དང་འདིས་མེར་བསྲེཊ་བཏང་ཡོད་ཚུལ་དང་། མ་འོངས་པར་མེར་བསྲེཊ་སྐུལ་སློང་བྱེད་མཁན་ཡོད་ཚེ་ཁོང་ཚོར་རྩིས་སྤྲོད་བྱ་དགོས་སྐོར། སྐུལ་མ་བྱེད་བཞིན་པ་དང་གྲ་སྒྲིག་ཡོད་མཁན་ཤེས་ན་རྒྱ་སྒོར་ཁྲི་ ༣༠ ལྷག་གི་བྱ་དགའ་ཡོད་པ་མ་ཟད། ཁོའི་མ་འོངས་པའི་བདེ་འཇགས་ལ་འགན་ལེན་ཡོད་སྐོར་སོགས་ཀྱི་འཕྲིན་ཐུང་རིམ་བསྟུད་དུ་གཏོང་གི་ཡོད་འདུག

ཁོང་མོར་ཐེངས་འདིར་ཕ་མ་ནང་མི་ཚོ་དང་མཉམ་དུ་སྡོད་རིང་ཚོར་བ་གང་འདྲ་བྱུང་ཡོད་མེད་དྲིས་པའི་ལན་དུ་ཁོང་མོས། “ ང་འདི་ནས་ལམ་ལ་ཆས་པའི་གནམ་ཐང་དང་པོ་ནས་བཟུང་ང་ཚོའི་སྤ་སེ་མཐོང་མ་ཐག་ལམ་སེང་ཁང་པ་ཞིག་ཏུ་འཁྲིད་དེ་ཅ་དངོས་དང་ལུས་ཡོངས་ལ་སྔོག་བཤེར་བྱས་པ་མ་ཟད། རྒྱ་གར་ལ་ག་དུས་སོང་མིན་དང་ག་རེ་བྱེད་དུ་སོང་མིན། ཕ་ཡུལ་ལ་ལོག་དགོས་པའི་རྒྱུ་མཚན་དང་ས་ཆ་གང་དུ་འགྲོ་མིན་སོགས་འདྲི་རྩད་བྱེད་པ་དང་པར་རྒྱག་པ་སོགས་བྱས་སོང་། ཕ་ཡུལ་དུ་སྡོད་རིང་ལའང་རྒྱ་ནག་གི་ཐོབ་ཐང་ལག་འཁྱེར་མེད་སྟབས། ས་ཆ་ཁུག་ཀྱོག་ཅིག་ཏུ་འཛུལ་སྡོད་པ་ལས་ཡར་མར་འགྲོ་སྐྱོད་བྱེད་པར་དཀའ་ངལ་ཆེན་པོ་འདུག རྒྱ་གར་ནས་ཡོང་མཁན་ཚོ་རྒྱ་ནག་ཁོ་རང་ཚོས་བཤད་བཞིན་པའི་མི་རིགས་ང་དྲུག་གི་ཁོངས་སུ་མི་བརྩི་བར། དགྲ་ཁ་གཏད་རང་ལ་ངོས་འཛིན་བྱེད་ཀྱི་འདུག

རང་ལུས་མེར་བསྲེཊ་ཀྱི་གནས་ཚུལ་རེ་རེ་བྱུང་སྐབས་རྒྱ་གར་དང་ཡོང་མཁན་ལ་དོགས་པ་བྱས་ཏེ། ས་གནས་དཔོན་རིགས་ཚོས་ཉེས་མེད་བོད་མི་གསུམ་རྩིས་སྤྲོད་བྱས་པའི་གནས་ཚུལ་ཡང་གོ་རྒྱུ་འདུག ལག་འཁྱེར་ཁ་པར་སོགས་ལ་རྒྱ་གཞུང་གིས་ལྐོག་ཉན་བྱེད་ཀྱི་ཡོད་ས་རེད། སྒྲུང་ཞིག་བཤད་རྒྱུ་འདུག བཟའ་ཟླ་གཉིས་ཀྱི་ཁྱོ་ག་མཱ་ཅིང་རྩེད་སར་ཕྱིན་ཏེ་ནང་དུ་མ་ལོག་སྟབས། སྐྱེས་དམན་གྱིས་ཁ་པར་བཏང་སྟེ་ཁྱེད་རང་མ་ལོག་ཚེ་ངས་རང་ལུས་མེར་བསྲེཊ་གཏོང་རྒྱུ་ཡིན་ཞེས་ཀུ་རེ་རྩེད་ཡོད་འདུག སྐར་མ་བཅུ་གྲངས་རྗེས་ལ་ཉེན་རྟོག་པ་འབྱོར་ཏེ་ཁོ་རང་གཉིས་ཀ་འཛིན་བཟུང་བྱས་ཡོད་པ་མ་ཟད། རྗེས་སུ་རྒྱ་སྒོར་ཁྲི་ ༡༠ ཡི་ཆད་པ་དང་ལས་གནས་ནས་གནས་དབྱུང་བཏང་འདུག ” ཅེས་བརྗོད་བྱུང་།

ཡང་ཁོང་མོར་ཕྱིར་རྒྱ་གར་ནང་ལོག་དོན་གང་ཡིན་དྲིས་པར། “ སྤྱིར་བཏང་ང་རང་ཡུལ་ནས་འདུག་རྩིས་ཡོད་ཀྱང་། རང་ལུས་མེར་བསྲེགས་བསྟུད་མར་བྱུང་སྟེ་རླངས་འཁོར་ཞིག་བསླེབས་ནའང་ནང་མི་ཚང་མ་ཞེ་སྣང་སྐྱེས་ཀྱི་འདུག་ལ། ང་རང་ཉིད་ལ་མཚོན་ནའང་དོགས་མི་བདེ་བ་ཡོང་གི་འདུག དེ་ནས་བོད་ནང་གི་བོད་མི་ཚོ་དང་བསམ་བློའི་ཕྱོགས་ནས་ཀྱང་མི་མཐུན་པ་ཡོང་གི་འདུག་སྟབས་ཕྱིར་མི་ཡོང་ཐབས་མེད་ཆགས་སོང ” ཞེས་བརྗོད་བྱུང་།

མཇུག་ཏུ་ཁོང་མོར་གཞིས་བཞུགས་བོད་མི་ཚོས་བོད་བྱེས་ལ་གཟིགས་ཚུལ་གང་འདྲ་ཡོད་མེད་དྲིས་པར “ བྱེས་སྡོད་བོད་མི་ཚོར་རེ་བ་ཆེན་པོ་རྒྱག་གི་འདུག ཧ་ལམ་ཟླ་བ་འགའི་རྗེས་སུ་བྱེས་སྡོད་བོད་མི་ཚོས་བོད་ལ་རང་དབང་ཞིག་འཁྱེར་ནས་ཡོང་གི་ཡོད་པ་ལྟ་བུའི་བསམ་ཚུལ་བཟུང་འདུག མེར་བསྲེཊ་གནང་མཁན་ཚོར་བསྔོ་སྨོན་ཆོད་འབུལ་བྱེད་སྐབས། ༧གོང་ས་མཆོག་དང་སྲིད་སྐྱོང་། ཟམ་གདོང་རིན་པོ་ཆེ་གསུམ་གྱི་སྐུ་པར་བཤམས་ཡོད་ཡོད་པ་འདྲ་བོ་རེད། དེང་སྐབས་ཕྱི་ཕྱོགས་ཀྱི་གནས་ཚུལ་གོ་རྒྱུར་དཀའ་ངལ་ཆེན་པོ་མེད་སྟབས། མ་འོངས་པར་བྱེས་བཞུགས་བོད་མི་ཚོས་ཁོང་ཚོའི་འཚོ་བ་སྐྱེལ་སྟངས་དང་བསམ་བློ་གཏོང་ཕྱོགས་ཐོག་ལམ་སྟོན་གནང་རྒྱུ་གལ་ཆེན་པོ་ཆགས་འདུག་བསམ་པ་བྱུང་སོང་། ” ཞེས་བརྗོད་བྱུང་།

 

གསར་འགོད་པ།དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༡༣ སྔོན་ལ།
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༡༦ སྔོན་ལ།
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

༢༠༢༦/༠༣/༣༡
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠

མཆན། 3

  1. ཐོ་རེངས། says:
    ལོ་ 13 སྔོན།

    ང་ཚོ་མི་རིགས་ ༥༦ གི་གྲལ་ནས་ཕུད་ཟིན་ན་ཡག་པོ་རེད། ང་ཚོས་ནམ་རྒྱུན་བོད་ཟེར་བ་དེ་མི་རིགས་༥༦ ལས་གྲུབ་པའི་རྒྱ་ནག་གི་ཆ་མིན་ཟེར་གྱིན་ཡོད་པ་མ་རེད་དམ།
    ད་ཁྱེད་རང་བཙན་གཤོལ་བ་འགའ་རེ་ལ་འགྱོད་པ་གསར་བ་ཞིག་སྐྱེ་ཀྱིན་ཡོད་པ་འདྲ།

    Reply
  2. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    འདི་བོད་ནང་གི་དངོས་ཡོད་གནས་སྟངས་ཞིག་ཡིན་བདེན་པ་རེད་འདུག། སྐབས་རེ་ངས་བོད་ནང་རང་གི་ཕ་མ་སྤུན་མཆེད་དང་ཁ་བརྡ་བྱེད་དུས་འདི་འདྲ་རང་བཤད་ཀྱི་འདུག།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    བོད་ནང་གི
    ཞིང་པས་ཞིང་ཚོང་འབྲུ་རིགས་ཆད་རྟགས་རེད། །
    འབྲོག་པས་ཕྱུགས་ཚོང་ཕྱུགས་རིགས་ཆད་རྟགས་རེད། །
    དགོན་པ་སྟོང་པ་གྲྭ་རྒྱུན་ཆད་རྟགས་རེད། །
    སློབ་གྲྭ་ཕན་མེད་ཤེས་རིག་ཆད་རྟགས་རེད། །
    བོད་མི་ཚོས།
    ཞིང་པས་ཞིང་ས་མི་རབས་རྗེས་མར་སྤྲོད། །
    འབྲོག་པས་ཕྱུགས་རིགས་སྔར་ལྷག་མང་དུ་སྤེལ། །
    དགོན་པར་སྡོམ་གཙང་གྲྭ་རྒྱུན་ཉུང་ཡང་འགྲིགས། །
    སློབ་གྲྭར་དགེ་རྒན་ཚད་ལྡན་འཚོ་སྐྱོང་གྱིས། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese