མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་འཛིན་གསར་པའི་ཕྱག་འཇུ་དང་པོ།

བོད་ཀྱི་དུས་བབ།
༢༠༡༣/༠༣/༢༥
Share on FacebookShare on TwitterShare on EmailShare on Whatsapp

 

ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་རྒྱ་ནག་གི་སྲིད་འཛིན་གསར་པ་ཞི་ཅིན་ཕེན་ཨུ་རུ་སུའི་རྒྱལ་ས་མའོ་སུ་ཁའོ་རུ་འབྱོར་ཏེ། ར་ཤི་ཡའི་སྲིད་འཛིན་པུ་ཊེན་དང་མཇལ་འཕྲད་ཐོག་མ་བྱས་ཡོད།

ཉེ་ལམ་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྟེང་ཞི་ཅིན་ཕེན་རྒྱ་ནག་གི་སྲིད་འཛིན་དུ་བསྐོ་བཞག་བྱས་རྗེས། ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་ཨུ་རུ་སུར་གཞུང་འབྲེལ་གཟིགས་སྐོར་ཐོག་མ་དེ་གནང་ཡོད་པ་དང་། སྐབས་དེར་ཪ་ཤི་ཡའི་སྲིད་འཛིན་པུ་ཊེན་གྱིས། སྲིད་འཛིན་ཞི་ཅིན་ཕེན་གྱིས་ཐོག་མར་འཚམས་འདྲི་བྱེད་ས་ཨུ་རུ་སི་བདམས་པ་ལས་ཕྱོགས་གཉིས་ཀྱིས་ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་པ་མ་ཟད། འབྲེལ་བ་དེའི་དམིགས་བསལ་རང་བཞིན་དང་འཐབ་ཇུས་རང་བཞིན་མཚོན་ཡོད། འདི་ནི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་འཚམས་འདྲི་ཞིག་ཡིན་སྟབས། གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ངེས་ལ། ཨུ་རུ་སུ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་ཐུབ་པར་ཡིད་ཆེས་ཡོད་ཟེར།

སྲིད་འཛིན་ཞེ་ཅིན་ཕེན་དང་པུ་ཊེན་གཉིས་ཐུག་འཕྲད་གནང་པ་དང་སྦྲགས་ཕྱོགས་གཉིས་ཀྱི་ཚོང་འབྲེལ་དང་གྲོགས་པོའི་འབྲེལ་ལམ་ཇེ་བཟང་དུ་གཏོང་སྐོར་ལ་གྲོས་བསྡུར་མིང་རྟགས་བཅས་བཀོད་ཡོད། ཆབ་སྲིད་དཔྱད་བརྗོད་པ་ཚོས་བརྗོད་ན་ཞེ་ཅིན་ཕེན་གྱིས་ཨུ་རུ་སུ་ཕྱིར་སྐྱོད་བྱེད་སའི་རྒྱལ་ཁབ་ཆེས་ཐོག་མ་དེ་བདམས་དགོས་དོན་ནི་རྒྱ་ནག་གི་ངོས་ནས་ཆེད་དུ་ཨུ་རུ་སུ་རྒྱ་ནག་གིས་རྒྱལ་ཁབ་གལ་ཆེན་ཞིག་ཏུ་རྩི་བཞིན་པའི་རྣམ་འགྱུར་སྟོན་པ་ཞིག་ཡིན་པ་དང་། མ་འོངས་བར་རྒྱལ་ཁབ་གཉིས་ཀྱི་ཚོང་ལམ་ཐད་འབྲེལ་བ་ཟབ་ཏུ་གཏོང་འཆར་ཡིན་པ་བརྗོད་འདུག

ད་རེབ་སྲིད་འཛིན་ཞེ་ཅིན་ཕེན་ཨུ་རུ་སུ་ (Russia) གཙོ་བྱས་པའི་ལྷོ་ཨ་ཧྥེ་རི་ཁ་(South Africa)དང་། ཏན་ཛན་ནེ་ཡ་(Tanzania)ཁོན་གོ་སྤྱི་མཐུན་རྒྱལ་ཁབ་(the Republic of Congo)བཅས་རྒྱལ་ཁབ་ ༤ ནང་ཟླ་འདིའི་ཚེས་ ༣༠ ཉིན་བར་གཟིགས་སྐོར་ཏུ་ཕེབས་འཆར་ཡོད་པ་དང་། ཐེངས་འདིའི་གཟིགས་སྐོར་འདི་ནི་ཞེ་ཅིན་ཕེན་རྒྱ་ནག་གི་སྲིད་འཛིན་ལ་བསྡད་རྗེས་ཀྱི་གཟིགས་སྐོར་ཐོག་མ་དེ་ཆགས་ཡོད།

ཨུ་རུ་སུ་ནི་འཛམ་གླིང་གི་ནུས་ཤུགས་(energy)མཁོ་འདོན་བྱེད་མཁན་ཆེས་ཆེ་ཤོས་དེ་ཡིན་པ་དང་། དེ་བཞིན་རྒྱ་ནག་ནི་ནུས་ཤུགས་བེད་སྤྱོད་བྱེད་མཁན་མང་ཤོས་དེ་ཡིན་པ་རེད་འདུག རྒྱལ་ཁབ་འདི་གཉིས་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་ལྟ་བ་གཅིག་པ་འཛིན་མཁན་ཞིག་ཡིན་པ་དང་། མཉམ་སྦྲེལ་རྒྱལ་ཚོགས་ནང་དུ་ཨུ་རུ་སུའི་སྣེ་ཁྲིད་འོག་རྒྱ་ནག་གིས་སེ་རི་ཡའི་(Syria)ནང་འཁྲུག་ལ་ཕྱི་ཕྱོགས་ནས་ཇུས་གཏོགས་བྱེད་པར་ངོ་རྒོལ་བྱས་ཡོད་འདུག       

རྒྱ་ནག་དང་ཨུ་རུ་སུ་གཉིས་ནི་འདས་པའི་ལོ་རྒྱུས་ནང་དམར་ཤོག་ལྟ་བ་ཤུགས་ཆེན་འཛིན་མཁན་རྒྱལ་ཁབ་སྟོབས་ལྡན་གཉིས་ཡིན་པ་དང་། འཛམ་གླིང་ཆེན་གཉིས་པ་མཚམས་བཞག་རྗེས་གྲང་དམག་མགོ་བཙུགས་པ་དང་། ༡༩༩༡ ལོའི་བར་ཨུ་རུ་སུ་(USSR)དམར་པོའི་སྲིད་གཞུང་མགོ་རྟིང་མ་སློག་བར་རྒྱལ་ཁབ་འདི་གཉིས་དམར་ཤོག་པའི་རྒྱལ་ཁབ་ཆེས་ཆེ་ཤོས་ཏེ་ཡིན་པ་དང་། ཨ་མེ་རི་ཁ་གཙོ་བྱས་པའི་དམངས་གཙོའི་རྒྱལ་ཁབ་ཁག་གི་ཁ་གཏད་གཅོག་ཡུལ་གཙོ་གྲས་དེ་ཆགས་ཡོད།                        

 

 

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

ཆུ་ཚོད་ ༣ སྔོན་ལ།
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥

མཆན། 4

  1. རྭ་རྒྱ་བློ་དབང་། says:
    ལོ་ 13 སྔོན།

    གསར་འགྱུར་རྩོམ་ཡིག་འདི་འབྲི་བ་པོའི་ཞེ་ཚིག་ལ་ལྟོས་ན་ཇི་འདྲའི་གུས་ལུགས་ལྡན་པ་ལ་ཨང་སྙམས་པ་ཞིག་འབྱུང་གི་འདུག

    Reply
  2. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    ཞི་ཅིན་ཕིན་གྱིས་ཕྱོགས་བསྐྱོད་དང་པོ་དང་ལག་འཇུ་དང་པོ་འདིས་ག་རེ་མཚོན་པ་རེད་ཟེར་ན། ཨུ་ཀྲུང་གཉིས་ཁྱི་སྤྱང་ལག་སྦྲེལ་གཏོང་མཚམས་བཞག་མེད་ཟེར་གྱི་ཡོད་པ་རེད་ལ། ཨ་རིས་གཙོས་པའི་ནུབ་ཕྱོགས་དགྲར་འཛིན་སྟོབས་ཤུགས་ལ་ཁ་གཏད་བཅོགས་ཆེད་ཡིན་པ་གདོན་མི་ཟ།

    Reply
  3. འཇིགས་བྲལ་བསྟན་འཛིན། says:
    ལོ་ 13 སྔོན།

    ཞི་ཅིན་ཕིན་གྱི་བཟའ་ཟླ་དང་། ཕྲུ་གུའི་མིང་དེ་དཀྱིལ་དུ་རྒྱ་ཡིག་ནང་བྲིས་འདུག དེ་བོད་ཡིག་ནང་སྒྲ་གདངས་སླེབས་ཀྱི་མེད་པ་ཡིན་ནམ།

    Reply
  4. དོན་འགྲུབ་བཀྲ་ཤིས། says:
    ལོ་ 13 སྔོན།

    སྲིད་འཛིན་ཞི་ཅིན་ཕེན་གྱི་སྐུ་ལྕམ་ 彭麗媛 ཞུ་བ་ཁོང་མོ་ནི་རྒྱ་ནག་དམངས་གཞས་གཏོང་མཁན་སྐད་གྲགས་ཅན་ཞིག་རེད། རྒྱ་ནག་དབུས་ཀྲུང་དབྱིང་བརྙན་འཕྲིན་ཁང་གི་ལོ་གསར་དགོང་ཚོགས་སྟེང་འཁྲབ་སྟོན་བྱས་ཏེ་མི་མང་གིས་དགའ་བསུ་ཆེན་པོ་ཐོབ་ཡོད། ད་ལྟ་ལོ་ ༥༠ རེད། མོ་དང་སྲིད་འཛིན་ཞི་གཉིས་ལ་ཕྲུ་གུ་བུ་མོ་གཅིག་ལས་མེད་ཅིང་། མོའི་མིང་ལ་ 些明澤 ཟེར་ཞིང་། རང་ལོ་ ༢༠ ཡིན། མོ་ ༢༠༡༠ ལོའི་ཟླ་ ༥ པའི་ནང་ཨ་རིའི་ཧ་ཝར་ཌི་གཙུག་ལག་སློབ་ཆེན་ནང་སློབ་ཞུགས་གནང་ཡོད་ཀྱང་། སྔར་ལོའི་ལོ་མཇུག་ཙམ་ལ་གློ་བུར་དུ་རྩ་དགོངས་ཞུས་ཏེ་ཕྱིར་རྒྱ་ནག་ནང་ལོག་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese