མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སང་ཉིན་བོད་དོན་གླེང་དགོས།

བོད་ཀྱི་དུས་བབ།
༢༠༡༣/༠༣/༢༥
Share on FacebookShare on TwitterShare on EmailShare on Whatsapp

སང་ཉིན་གྱི་ལྷོ་ཨ་ཧྥི་རི་ཀའི་རྒྱལ་ཁབ་ལྔའི་ལྷན་ཚོགས་ཐོག་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་ལ་གནོན་ཤུགས་སྤྲད་དེ་བོད་ཐོག་འཛིན་པའི་སྲིད་ཇུས་བསྐྱར་བྱེད་འཇུག་དགོས་ཟེར།

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢ པའི་སྟེང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་ཁང་དུ། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་བསྐྱངས་ཏེ། སང་ཉིན་ཕྱི་ཚེས་ ༢༦ ནས་ ༢༧ ཉིན་བར་ལྷོ་ཨ་ཧྥི་རི་ཀའི་རྒྱལ་ས་ཌུར་བྷན་ནང་། རྒྱ་དཀར་ནག་གཉིས་དང་། ལྷོ་ཨ་ཧྥི་རི་ཀ་དང་བྷར་ཛལ། ར་ཤི་ཡ་བཅས་མཐུན་ཕྱོགས་རྒྱལ་ཁབ་ཁག་ལྔ་(BRICS Summit)ཡི་ལྷན་ཚོགས་ཤིག་བསྐོང་འཆར་ཡོད་པའི་ཐོག བོད་དོན་གླེང་སློང་གནང་དགོས་པ་དང་། རྒྱལ་ཁབ་ཁག་གི་སྲིད་འཛིན་ཚོས་རྒྱ་ནག་གི་སྲིད་འཛིན་གསར་པ་ཞཱི་ཅིན་ཕེན་ལ་གནོན་ཤུགས་སྤྲད་དེ། བོད་ཐོག་འཛིན་པའི་སྲིད་ཇུས་ལ་བསྐྱར་ཞིབ་དགོས་པའི་རེ་སྐུལ་ཞུ་དགོས་སྐོར་བརྗོད་བྱུང་།

གསར་འགོད་ལྷན་ཚོགས་སྟེང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་སྒྲོལ་མ་ལགས་ཀྱིས། ཞཱི་ཅིན་ཕེན་རྒྱ་ནག་གི་སྲིད་འཛིན་དུ་བསྐོ་བཞག་བྱས་པའི་ཚུན་ལ། བོད་ནང་དམག་མི་སྔར་ལས་མང་དུ་བཏང་པ་དང་། ཉེས་མེད་འཛིན་བཟུང་བཀག་ཉར་སྔར་ལས་ཤུགས་ཆེ་རུ་བཏང་ཡོད་སྟབས། ད་རེབ་ཚོགས་བཅར་རྒྱལ་ཁབ་ཁག་གི་དབུ་འཁྲིད་ཚོས་ངེས་པར་དུ་ཞཱི་ཅིན་ཕེན་ལ་བོད་དོན་གླེང་དགོས་ཟེར། ཡང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས། ཞཱི་ཅིན་ཕེན་གྱིས་ངེས་པར་དུ་བོད་མིའི་མངོན་འདོད་ཁྲིམས་མཐུན་ལག་བསྟར་བྱས་ཏེ། ད་ལྟའི་བོད་ནང་གི་བོད་མིའི་རང་ལུས་མེར་བསྲེགས་ཀྱི་རླབས་རྒྱུན་མཚམས་འཇོག་ཡོང་པར་བྱ་དགོས་ཟེར། 

གཞན་ཐེངས་འདིའི་རྒྱལ་ཁབ་ལྔའི་ལྷན་ཚོགས་ལ་དམིགས་ཏེ་རཱ་ཤཱི་ཡའི་ནང་གི་བོད་སྐྱོབ་ཐེབས་རྩ་ཚོགས་པ་(Save Tibet Foundation, Russia) དང་། བྷར་ཛལ་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་(Tibet Culture Brazil)། ལྷོ་ཨ་ཧྥི་རི་ཀའི་བོད་རིགས་མཐུན་ཚོགས་(Tibet Society South Africa)། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ཀྱིས་སོ་སོའི་སྲིད་འཛིན་དང་སྲིད་བློན་ལ་ད་རེབ་ལྷན་ཚོགས་སྟེང་བོད་དོན་གླེང་སློང་བྱ་དགོས་པའི་ཞུ་ཡིག་ཕུལ་ཡོད་པ་མ་ཟད། འབྲེལ་ཡོད་གཞུང་ཚབ་ཁག་ལའང་ཞུ་ཡིག་ཕུལ་ཡོད་འདུག

རྒྱལ་ཁབ་ལྔའི་ལྷན་ཚོགས་འཚོགས་ལ་ཉེ་བའི་སྐབས་སུ་རྒྱ་གར་གྲོས་ཚོགས་འཐུས་མི་ཤཱི་རེ་རཱ་ཇེཝ་(Shri Rajeev Chandrasekhar) མཆོག་གིས་ཟླ་འདིའི་ཚེས་ ༡༤ ཉིན་འཁོད་པའི་ཞུ་ཡིག་ཅིག་སྲིད་བློན་མན་མོན་ཧན་སེན་མཆོག་ལ་ཕུལ་ཏེ། ཐེངས་འདིའི་རྒྱལ་ཁབ་ལྔའི་ལྷན་ཚོགས་ཐོག་རྒྱ་ནག་གི་སྲིད་འཛིན་ཞཱི་ཅིན་ཕེན་ལ་ངེས་པར་དུ་ད་ལྟའི་བོད་ནང་གི་རང་ལུས་མེར་བསྲེགས་སྐོར་གླེང་སློང་བྱ་དགོས་པའི་འབོད་སྐུལ་གནང་ཡོད་འདུག

ཞུ་ཡིག་དེར། རྒྱ་གར་ནི་འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་ཤིག་ཡིན་པའི་ངོས་ནས་བོད་དང་བོད་མིའི་རྩ་དོན་ལ་རྒྱབ་སྐྱོར་བྱ་དགོས་པའི་འགན་འཁྲི་ཡོད་པ་པ་དང་། ལྷོ་ཨ་ཧྥི་རི་ཀའི་ནང་རྒྱལ་ཁབ་ལྔའི་ལྷན་ཚོགས་འཚོགས་སྐབས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་འགྲོ་བ་མིའི་ཐོབ་ཐང་སྐོར་ལ། རྒྱ་ནག་གི་སྲིད་འཛིན་ལ་ངེས་པར་དུ་གླེང་སློང་གནང་དགོས་སྐོར་སོགས་འཁོད་ཡོད་འདུག

མཇུག་ཏུ་གོང་གསལ་རྒྱལ་ཁབ་ལྔའི་མགོ་ཁྲིད་ཚོས་བོད་ཐོབ་འཛིན་པའི་རྣམ་འགྱུར་མཚོན་པའི་འཁྲབ་སྟོན་ཞིག་བཅས་གནང་ཡོད།

གསར་འགོད་པ། བནྡེ་སྐྱབས།  

འབྲེལ་ཡོད་གསར་འགྱུར།

རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

༢༠༢༦/༡༠/༡༧
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥
པར་རྩོམ་པ་པོས་མཁོ་སྤྲོད་བྱས།
Mobile App

བོད་ཀྱི་བདུན་ཕྲག་སྲུང་བརྩི་དང་དཔེ་སྟོན་སློབ་གྲྭ་དབུ་བརྙེས་པའི་དུས་དྲན་ལས་འཕྲོས་པའི་གཏམ་ཐོར་བུ།

༢༠༢༦/༡༠/༡༥

མཆན། 1

  1. བསྟན་འཛིན། says:
    ལོ་ 14 སྔོན།

    རྡ་རམ་ས་ལའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚོས་རྩེད་མོ་Jokའདི་མཚམས་འཇོག་གནང་རོགས། དངོས་ནས་སུན་སྣང་སྐྱེས་པ་ཞིག་རེད་བཞག བོད་ནང་མི་གསོན་པོ་མེ་ལ་སྲེག་བཞིན་ཡོད་པ་རེད། རྡ་རམ་ས་ལ་ནས་ཆོལ་མེད་ཀྱི་ལས་ཀ་འདི་འདྲ་བྱས་ནས་བསྡད་ན་ང་མ་དྲང་བདེན་མ་རེད་དྲན་གི

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese