མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ལ་བོད་མཁས་པའི་བགྲོ་གླེང་ཚོགས།

བོད་ཀྱི་དུས་བབ།
༢༠༡༣/༠༣/༢༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་རྒྱ་ནག་གི་གདུག་རྩུབ་འོག་བོད་ནང་གི་རང་ལུས་མེར་བསྲེགས་དང་འབྲེལ་བའི་ཐོག་བོད་མཁས་པའི་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་སོང་།

བཙན་བྱོལ་བོད་མིའི་སྒྲིག་འཛུགས་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ སྟེང་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ། ༼ རྒྱ་དམར་གྱི་མི་སྤྱོད་ལས་འདས་པའི་གདུག་རྩུབ་སྲིད་བྱུས་ལག་བསྟར་གྱིས་སྲེག་བཞིན་པའི་བོད་ནང་གི་ཛ་དྲག་གནས་སྟངས༽ཞེས་པའི་བརྗོད་གཞིའི་ཐོག་བོད་མཁས་པའི་བགྲོ་གླེང་ཞུ་བ་ཞིག་དབུ་འཛུགས་གནང་སོང་། ཉིན་དང་པོའི་ཚོགས་འདུ་མགོ་འཛུགས་མཛད་སྒོའི་སྟེང་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་གིས་ཚོགས་འདུ་དབུ་འབྱེད་གསུང་བཤད་དང་། བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་ད་རེབ་བགྲོ་གླེང་གི་བརྗོད་གཞི་དང་འབྲེལ་བའི་དམིགས་བསལ་གསུང་བཤད་གནང་སོང་། ཚོགས་འདུ་དབུ་འཛུགས་ཐོག་གངས་སྐྱིད་ཁུལ་གྱི་ལས་བྱེད་དང་། ངྷ་སའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་མི་སྣ། དེ་བཞིན་གདན་ཞུའི་གཏམ་བཤད་པ་རྣམ་པ་བཅས་མི་ ༦༠ ལྷག་འདུ་འཛོམས་བྱུང་སོང་།

བོད་ཀྱི་སྲིད་བྱུང་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་བགྲོ་གླེང་ཚོགས་འདུ་ངོ་སྤྲོད་གནང་བ་ལྟར་ན། བོད་ཀྱི་སྲིད་བྱུང་ཉམས་ཞིབ་ཁང་གི་ངོས་ནས་མཁས་པའི་བགྲོ་གླེང་དང་དུས་དེབ། དྲ་རྒྱ་བཅས་ལམ་ཁ་གསུམ་གྱི་ཐོག་ནས་རྒྱ་ནག་དང་བོད་ཀྱི་གནད་དོན་སྐོར་ལ་གླེང་སློང་བྱེད་སའི་སྡིངས་ཆ་ཞིག་སྐྲུན་གྱི་ཡོད་པ་ལྟར།   ཐེངས་འདིའི་བོད་མཁས་པའི་བགྲོ་གླེང་ཚོགས་འདུ་དེར་བཙན་བྱོལ་སྤྱི་ཚོགས་ནང་དུས་རྒྱུན་བོད་དོན་གླེང་སློང་གནང་མཁན་དང་ལྷག་པར་དུ་བོད་ནང་གི་རང་ལུས་མེར་བསྲེགས་ཐད་འཆད་རྩོད་རྩོམ་གསུམ་བྱེད་མཁན་རིགས་གཙོ་བོར་གྱུར་པའི་མི་སྣ་ཁག་གདན་ཞུ་གནང་སྟེ། ད་ལྟའི་བོད་ནང་གི་ཛ་དྲག་གནས་བབས་དང་རང་ལུས་མེར་བསྲེགས་ཐད་གདོང་ལེན་ཇི་ལྟར་བྱ་དགོས་པའི་སྐོར་ལ་བོད་མཁས་པའི་དགོངས་ཚུལ་བསྡུ་རུབ་གནང་སྟེ། མ་འོངས་པར་བཀའ་སྤྱི་གཉིས་ཀྱི་ངོས་དང་མི་མང་གི་ངོས་སོ་སོ་དང་མཉམ་འབྲེལ་བཅས་ཀྱི་ཐོག་ནས་ག་རེ་གནང་དགོས་པ་དང་ཅི་ཞིག་གནང་ཐུབ་པའི་ཁ་ཕྱོགས་ལམ་སྟོན་ཞིག་ཡོང་རྒྱུར་དམིགས་ཡོད་འདུག

བདེ་སྲུང་བཀའ་བློན་མཆོག་གིས་ཚོགས་འདུ་དབུ་འབྱེད་གསུང་བཤད་གནང་སྐབས། རྒྱ་ནག་གིས་བོད་བཙན་འཛུལ་བྱེད་མགོ་ཚུགས་པ་ནས་ད་ལྟའི་བར་བོད་མིའི་འཐབ་རྩོད་དེ་རྣམ་པ་དང་ས་ཁུལ། མི་རབས་མ་འདྲ་བའི་གནས་བབས་ཐོག་ནས་བྱུང་བསྡད་པ་མ་གཏོགས་བོད་མིའི་འཐབ་རྩོད་མཚམས་ཆད་མྱོང་མེད་པ་དང་། བོད་རྒྱ་ཆེ་མི་མང་གིས་སོ་སོའི་རྒྱལ་ཁབ་དང་མི་རིགས་ལ་བཟུང་པའི་བསམ་བློའི་རྨང་གཞིའི་ཐོག་ནས་རྒྱ་ནག་གིས་བོད་དབང་སྒྱུར་བྱས་ཏེ་མི་ལོ་དྲུག་ཅུ་ལྷག་ཕྱིན་རྗེས་ད་དུང་འགྱུར་བ་མ་ཕྱིན་པར་གཏན་པོ་དང་མཁྲེགས་པོར་གནས་ཡོད་པ། དེ་བཞིན་རྒྱ་ནག་དམར་ཤོག་ཚོགས་པའི་གུང་ཁྲན་ཏང་མིའི་ཁོངས་སུ་ཞུགས་མཁན་དང་གཞུང་གི་ལས་བྱེད་ཁོངས་སུ་ཡོད་མཁན་བོད་རིགས་ཚོའི་བསམ་བློའི་རྨང་གཞི་ལ་ཞིབ་ཚགས་པོས་བལྟས་པ་ཡིན་ན། སྤྱི་ཚོགས་ཀྱི་གནས་བབས་ཐོག་ནས་བྱེད་ཐབས་མ་འདྲ་བ་དང་གོ་བརྡ་འཕྲོད་དང་མ་འཕྲོད་ཡོད་སྲིད་པ་ལས་དམིགས་ཡུལ་དང་བསམ་བློའི་ཐད་ནས་བོད་མི་ཡོད་དོ་ཅོག་གི་རྨང་གཞིའི་བསམ་བློ་ལ་ཁྱད་པར་མེད་པ་ཞིག་ལ་མཐོང་གི་ཡོད་སྐོར་གསུངས་སོང་།

ཡང་ཁོང་གིས་བརྒྱད་ཅུ་གྱ་གྲངས་དང་དགུ་བཅུ་གོ་གྲངས། ལྷག་པར་དུ་ ༢༠༠༨ ལོར་བོད་ཆོལ་ཁ་གསུམ་ནང་ཞི་རྒོལ་བྱུང་ཞིང་། ༢༠༠༩ ལོ་ནས་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་ད་ལྟའི་བར་མུ་མཐུད་འབྱུང་བཞིན་པའི་གནས་བབས་ཐོག བོད་ནང་ཡོད་པའི་རྒྱ་ཆེ་མང་ཚོགས་དང་གཞུང་གི་ལྟོ་ཕོག་འོག་ལས་ཀ་བྱེད་མཁན་བོད་རིགས། ལྷག་པར་དུ་མིང་བཏགས་བཞག་པའི་འགན་ཡོད་མཁན་མང་པོའི་བསམ་བློའི་གཏིང་གི་གནས་བབས་དེ་མི་གཅིག་གཉིས་ཤིག་གིས་རྟོགས་ཐུབ་རྒྱུ་ཁག་པོ་ཡིན་ཡང་། ཁོང་ཚོས་རྒྱ་ནག་གི་བརྒྱུད་ལམ་ཁག་ཏུ་བཤད་བསྡད་པ་དང་ཐོན་བསྡད་པའི་རིགས་གནས་བབས་ཤིག་གི་དབང་གིས་ཡིན་པ་ལས་རྩ་བའི་བསམ་བློའི་རྨང་གཞིའི་ནང་བོད་མི་རིགས་ཀྱི་ལྟ་བ་དང་ལྷག་བསམ། ཞེན་ཁོག་སོགས་ཡོད་པ་ཕྱིར་མ་ཐོན་པ་བྱས་ཏེ་བསྡད་ཡོད་པ་ཞིག་ལ་ངོས་འཛིན་གནང་གི་ཡོད་པར་གསུངས།

དེའི་རྗེས་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་ཚོགས་འདུ་དང་འབྲེལ་བའི་དམིགས་བསལ་གསུང་བཤད་གནང་པའི་ནང་། བོད་མི་རིགས་དགྲ་འགོག་གཉེན་སྐྱོང་བྱེད་ཐུབ་མཁན་གྱི་མི་རིགས་དཔའ་མཛངས་ལྡན་པ་ཞིག་ཡིན་ཞིང་། ལོ་རྒྱུས་ལ་ཕྱིར་ལོག་མིག་ཅིག་བལྟས་ན་རྒྱ་དཀར་ནག་སོགས་ལ་དམག་འཐབ་དྲག་རྒོལ་བྱེད་མཁན་གྱི་སྟོབས་ཆེན་མི་རིགས་ཞིག་ཡིན་ཡང་། དེང་སྐབས་༧གོང་ས་མཆོག་གི་བཀའ་ལ་ཉན་ཏེ་གཞན་ལ་འཚེ་བ་མ་བྱས་པར་འཚེ་མེད་ཞི་བའི་འཐབ་རྩོད་ལ་ཞུགས་ཏེ་བློས་གཏོང་གནང་གི་ཡོད་པ་དང་། བོད་ནང་གི་རང་ལུས་མེར་བསྲེགས་གནང་མཁན་ཕལ་ཆེ་བའི་ཞལ་ཆེམས་ནི་ཧ་ཅང་གནང་ལུགས་གོ་རྟོགས་ལྡན་པ་ཞིག་ཡིན་པས་བོད་ཕྱི་ནང་གཉིས་ཀྱིས་ཁོང་ཚོའི་ཞལ་ཆེམས་ལ་དགོངས་པ་བཞེས་དགོས་པ་མ་ཟད། རྒྱལ་སྤྱིའི་སྟེང་ཞལ་ཆེམས་ཀྱི་དགོངས་དོན་གསལ་བོ་བཟོ་གལ་ཆེ་བ་དང་། ད་སྔ་ཡོད་པའི་བོད་དོན་རྒྱབ་སྐྱོར་བའི་སྟེང་བོད་དོན་རྒྱབ་སྐྱོར་གསར་པ་འཚོལ་རྒྱུར་ཤུགས་གནོན་རྒྱག་གལ་ཆེ་སྐོར་སོགས་གསུངས་སོང་། མཇུག་ཏུ་ཁོང་དེ་སྔ་ཨ་རི་དང་ཡུ་རོབ་སོགས་སུ་ཕེབས་སྐབས་མཐོང་ཚོར་ཁག་ཅིག་ངོ་སྤོད་གནང་བའི་ནང་། ད་རེབ་ཁོང་ཐུག་འཕྲད་བྱུང་བའི་བོད་དོན་རྒྱབ་སྐྱོར་བ་མང་ཆེ་ཤས་ཤིག་སྔོན་མ་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་བསྡད་མཁན་ཡིན་པའི་གཟིགས་ཚོར་བྱུང་ཡོད་པ་དང་། མ་འོངས་པར་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག དེ་བཞིན་མི་མང་བཅས་ཀྱིས་ཕྱི་རྒྱལ་བོད་དོན་རྒྱབ་སྐྱོར་གནང་མཁན་གསར་པ་འཚོལ་གལ་ཆེ་སྐོར་གསུངས་སོང་། ཡང་ཕྱི་རྒྱལ་གནད་ཡོད་མི་སྣ་མང་པོ་ཞིག་གིས་ཁོང་ལ་དྲི་བ་བཏོན་པའི་ནང་། བོད་ནང་རང་ལུས་མེར་བསྲེགས་གནང་དོན་གཙོ་བོ་གང་ཡིན་པ་དང་། རང་ལུས་མེར་བསྲེགས་ལས་གཞན་པའི་ཐབས་ལམ་མེད་དམ། ཏཱ་ལའི་བླ་མས་ག་རེ་བྱས་ཏེ་རང་ལུས་མེར་བསྲེགས་མ་གནང་མ་གསུང་པ་རེད་སོགས་དྲི་བ་གནད་འགག་ཅན་དེ་དག་གང་ཟག་སྒེར་གཅིག་གཉིས་ཤིག་མིན་པར་བོད་མི་ཚང་མར་བཏོན་པ་ཡིན་སྟབས་ཚང་མས་དགོངས་པ་བཞེས་གལ་ཆེ་སྐོར་སོགས་གསུངས་སོང་།

ཐེངས་འདིའི་ཉིན་གཉིས་རིང་གི་བོད་མཁས་པའི་བགྲོ་གླེང་སྟེང་། གཏམ་བཤད་གནང་མཁན་ ༡༢ ཡོད་པ་དག་ནི། ཝར་ན་མཐོ་སློབ་ཀྱི་དགེ་བཤེས་ངག་དབང་བསམ་གཏན་ལགས་དང་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་འཇམ་དཔལ་གྲགས་པ། རྩོམ་པ་པོ་ཧོར་གཙང་འཇིགས་མེད། ནོར་གླིང་ཉམས་ཞིབ་ཁང་གི་འགན་འཛིན་རྡོ་རྗེ་དབང་ཕྱུག ཧྤ་རན་སིའི་ཤར་ཕྱོགས་སྐད་ཡིག་སློབ་གླིང་གི་དགེ་རྒན་ཆུང་ཚེ་རིང་། བོད་ཀྱི་དུས་བབ་རྩོམ་སྒྲིག་པ་དོན་གྲུབ་བཀྲ་ཤིས། བོད་ཀྱི་བང་ཆེན་རྩོམ་སྒྲིག་པ་གསེར་རྟ་ཚུལ་ཁྲིམས། སྤྱི་འཐུས་ཀརྨ་ཆོས་འཕེལ། སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན། བོད་ཀྱི་དཔེ་མཛོད་ཁང་གི་ཉམས་ཞིབ་པ་དམ་ཆོས་དཔལ་བཟང་། ཀིརྟི་བྱེས་པ་གྲྭ་ཚང་གི་བོད་ནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་། རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་བཅས་གདན་ཞུ་གནང་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག རེ་བ་དང་གདོང་ལེན་གླེང་བ། ༢༠༢༣།༠༦།༨-༡༠ དུས་བབ་ཀྱི་པར།
Mobile App

རྒྱ་ནག་གི་བཙན་གནོན་མྱོང་བཞིན་པའི་མི་རིགས་མི་འདྲ་བས་མ་འོངས་ནུས་པ་མཉམ་སྤུང་གི་གཞི་རྟེན་འཚོལ་གྱི་འདུག

༢༠༢༣/༠༦/༠༨
Advertisement for App

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་གཉིས་པའི་འབུམ་རམས་སློབ་མ་གསར་བསྡུའི་གསལ་བསྒྲགས།

༢༠༢༣/༠༦/༠༨
Sikyong Penpa Tsering and the members of the Tibetan Parliament’s Standing Committee with the diplomats of the US Embassy, Photo : TibetDotNet
Mobile App

བཀའ་སྤྱི་གཉིས་ཀྱིས་རྒྱལ་ས་ལྡི་ལིར་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ།

༢༠༢༣/༠༦/༠༨
Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

༢༠༢༣/༠༦/༠༧
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥

མཆན། 3

  1. ཨ་རིག་དགེ་མཐོང་། says:
    ལོ་ 10 སྔོན།

    ནང་དུ་བཀུར་འོས་ཀྱི་མཁས་པ་ཁག་ཅིག་འདུག་པས་དགའ་ཡོད། དེ་ལས་གཞན་ཡིག་རྨོངས་པ་ཁག་ཅིག་ལ་མཁས་པ་ཞེས་ཐ་སྙད་འདི་སྦྱར་ན་ངོ་མ་སྙིང་ལངས་ཀི། བོད་ལ་མཁས་པ་མང་དྲག་འདུག ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཨ་་་་་་་་་་་་་་་་་་་ཨ

    Reply
  2. རྨེའུ་དཀོན་རྒྱམ། says:
    ལོ་ 10 སྔོན།

    བཀུར་འོས་ཀློག་པ་པོ་རྣམ་པ་ལགས།
    དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཚིགས་སུ་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ལ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་གནང་བའི་《བོད་མཁས་པའི་བགྲོ་གླེང་》ཚོགས་འདུའི་ཐོག་བཀའ་ཟུར་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་བ་བཀོད་འདུག་ལགས་ན། འདིར་མཁྱེན་རྟོགས་ཀྱི་སླད་དུ་བརྒྱུད་འགོད་བྱས་ཡོད།

    བཀའ་ཟུར་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ཨ་རི་དང་ཡུ་རོབ་ཁུལ་དུ་བོད་དོན་ཞུ་གཏུག་ཏུ་བསྐྱོད་སྐབས་དྲི་བ་ཁག་གཅིག་དྲིས་ཡོད་འདུག དྲི་བ་འདྲི་མཁན་ཁོངས་སུ་རྒྱ་སྤྱིའི་མི་སྣ་ཁག་དང་ཡུ་རོབ་གྲོས་ཚོགས་ཀྱི་མི་སྣ། གསར་འགོད་པ། མཁས་དབང་། མི་དཀྱུས་མ། དེ་བཞིན་ང་ཚོ་བོད་རིགས་ཀྱང་ཚུད་ཡོད་འདུག ཁོང་གིས་གསུང་རྒྱུར་དྲི་བ་དེ་ཚོ་བོད་མཁས་པའི་བགྲོ་གླེང་ཚོགས་བཅར་བ་རྣམ་པ་ཚོར་ཞུས་ན། བགྲོ་གླེང་གི་བརྗོད་གཞི་དང་དཔྱད་ཞིབ་བྱེད་རྒྱུར་ཕན་ཐོགས་ཡོང་གི་རེད་སྙམ་བྱུང།

    ༡༽ བོད་མི་མང་པོ་ཞིག་གིས་རང་ལུས་མེར་སྲེག་གཏོང་བཞིན་པ་དེའི་རྒྱུ་མཚན་གང་ཡིན་ནམ། ཞེས་དྲིས་བྱུང་། དེའི་རྒྱུ་མཚན་ནི་ང་ཚོ་ཚང་མས་ཤེས་གསལ་རེད། རྒྱ་ནག་གཞུང་གི་བོད་ནང་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་པར་བརྟེན་ནས་བྱུང་བ་རེད།

    ༢༽ སྲིད་བྱུས་གདུག་རྩུབ་ཅན་དེ་གང་རེད་ཅེས་དྲི་བ་ཡོང་གི་འདུག དེ་ལ་ལན་འདེབས་གནང་མཁན་ཚོས་ལན་འདྲ་མིན་གནང་གི་འདུག དེར་བརྟེན་ལན་འདེབས་གཅིག་གྱུར་གནང་རྒྱུ་དེ་གལ་ཆེན་པོ་མིན་ན་བསམས་ཀྱི་འདུག སྤྱིར་བཏང་སྲིད་བྱུས་གདུག་རྩུབ་ཅན་དེ་འདི་འདྲ་ཞིག་རེད་ཅེས་གསུང་རྒྱུ་གཏན་འཁེལ་བ་ཞིག་བྱུང་ན་ཡག་པོ་འདུག

    ༣༽ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རང་ལུས་མེར་སྲེག་མ་བཏང་ཞེས་བཀའ་སློབ་མ་ཕེབས་པའི་རྒྱུ་མཚན་གང་ཡིན་ནམ། བཀའ་སློབ་ཕེབས་ན་ནུས་པ་ཡོད་པ་རེད་དེ་བཀའ་སློབ་ཕེབས་ཀྱི་མི་འདུག ཅེས་བརྗོད་མཁན་མང་པོ་བྱུང་། དེའི་ཐོག་དགོངས་པ་བཞེས་རྒྱུ་དང་ལན་གནང་མཁན་ཚོ་ཡིན་ནའང་ལན་གཅིག་གྱུར་ཁུངས་དང་ལྡན་པ་ཞིག་ཧ་ཅང་གལ་ཆེན་པོ་རེད། དེ་བཞིན་རང་ཤི་བརྒྱབ་པ་དང་གཞན་དོན་དུ་རང་སྲོག་བློས་བཏང་བ་གཉིས་དབྱིན་སྐད་ནང་དོན་གཅིག་ཡིན་དང་ཐ་དད་ཡིན་ཧ་མ་གོ་བ་འདྲ་པོ་ཞིག་ཆགས་ཀྱི་འདུག དེ་ལྟ་བུའི་ཐོག་ནས་རང་ལུས་མེར་སྲེག་ཐོག་ལྟ་སྟངས་མི་འདྲ་བ་ཞིག་ཆགས་ཀྱི་མེད་དམ་བསམ་གྱི་འདུག ངས་འགྲེལ་བཤད་བརྒྱབ་པ་ཙམ་མིན་པར་རྒྱལ་བ་ཀརྨ་པ་མཆོག་དང་སྲིད་སྐྱོང་མཆོག་གིས་ཀྱང་་གསུངས་ཡོད། འོན་ཀྱང་རང་ལུས་མེར་སྲེག་བཏང་དགོས་པའི་རྒྱུན་རྐྱེན་གཙོ་བོ་དེ་རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལས་བྱུང་བ་ཞིག་ཡིན། འབོད་སྐུལ་དེ་དག་གཞན་གྱིས་སེམས་ཚོར་ཙམ་གྱི་ཞུས་པ་མ་གཏོགས་ང་ཚོར་ལམ་གཞན་སྟོན་རྒྱུ་གང་ཡང་མེད་པར་བརྟེན། ང་ཚོར་ནུས་པ་མེད་པའི་ཚིག་སྐམ་པོའི་ཐོག་ནས་འབོད་སྐུལ་ཞུ་རྒྱུ་ཙམ་ལས་མ་འདས། དེར་བརྟེན་ད་བར་ང་ཚོས་འབོད་སྐུལ་ཇི་ཙམ་བྱས་ཀྱང་རང་ལུས་མེར་སྲེག་ལས་འགུལ་མུ་མཐུད་སྤེལ་བཞིན་ཡོད། ཅེས་ངས་དེ་འདྲ་བཤད་པ་ཡིན།

    ༤༽ བོད་དུ་རང་ལུས་མེར་སྲེག་ལས་འགུལ་དེར་བོད་ཀྱི་ནང་ཆོས་ནང་འགྲེལ་བཤད་གང་འདྲ་རྒྱག་བཞིན་ཡོད་སྐོར་འདྲི་མཁན་འདུག

    ༥༽ ཡང་ཁག་གཅིག་གིས་རང་ལུས་མེར་སྲེག་གི་ལས་འགུལ་དེ་བོད་རྒྱ་ཁྱབ་ཏུ་འཕེལ་འདུག་པས། འཕེལ་སྟངས་གང་འདྲ་ཡིན། ཁོང་ཚོ་ནང་ཁུལ་ལ་འབྲེལ་བ་ཡོད་མེད་ཅེས་འདྲི་མཁན་ཡོང་གི་འདུག དེ་ནས་ཁོང་ཚོས་ང་ལ་འདི་འདྲ་བརྗོད་ཀྱི་འདུག

    ༦༽ རང་ལུས་མེར་སྲེག་གི་ལས་འགུལ་མང་ཆེ་བ་ཨ་མདོ་རྔ་བའི་ས་ཁུལ་ནས་ཡོང་གི་འདུག ཁྱེད་ཀྱིས་ཁོང་ཚོ་ངོ་ཤེས་ཀྱི་ཡོད་དམ། ཞེས་དྲིས་བྱུང་།

    ༧༽ དེ་ནས་རང་ལུས་མེར་སྲེག་ལས་ཐབས་ལམ་གཞན་ཡོད་ཀྱང་དེ་འདྲ་ལག་ལེན་མ་བྱས་པའི་རྒྱུ་མཚན་གང་ཡིན་སྐོར་དྲི་མཁན་ཡང་འདུག འོན་ཀྱང་འདི་ལོ་དྲི་བ་དེ་འདྲ་འདྲི་མཁན་ཕྲན་བུ་ཉུང་བ་འདུག སྔོན་མ་ཨ་རིར་འགྲོ་སྐབས་དྲི་བ་འདི་མང་པོ་ཞིག་གིས་དྲིས་བྱུང་། སྐབས་དེར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཡང་འདུག སྔོན་མ་ལས་འདི་ལོ་གསལ་བ་ཆགས་ཡོད། རང་ལུས་མེར་སྲེག་ལས་ཐབས་གཞན་གང་ཡོད། བརྗོད་མཁན་དེ་རིགས་དེང་སྐབས་ཉུང་དུ་ཕྱིན་འདུག

    ༨༽ ཡང་ཁག་གཅིག་གིས། བོད་དུ་རང་ལུས་མེར་སྲེག་གི་ལས་འགུལ་མ་སྤེལ་ཐབས་མེད་ཆགས་ཀྱང། ལ་ལས་རྒྱ་གར་དང་བལ་ཡུལ་སོགས་ནང་དུའང་ལས་འགུལ་དེ་སྤེལ་བཞིན་ཡོད། དེའི་རྒྱུ་མཚན་ཅི་ཡིན་ནམ། ཞེས་ཀྱང་དྲིས་བྱུང་།

    ༩༽ དེ་ནས་རང་ལུས་མེར་སྲེག་གི་ལས་འགུལ་དེ་ཕྱི་ནས་བརྒྱུད་སྐུལ་བྱས་སྐོར་རྒྱ་ནག་གཞུང་གིས་བཤད་པ་དེ་ཁྱེད་རྣམ་པས་མཁྱེན་གྱི་ཡོད་དམ། ཁག་གཅིག་གིས་དེའི་སྐོར་གསལ་བཤད་གནང་རོགས་གསུང་མཁན་ཡང་འདུག

    ༡༠༽ ཕྱོགས་མཚུངས་ལ་ལས་ད་ལྟའི་ཆར་བོད་ནང་དུ་གནས་སྟངས་ཇི་འདྲ་ཡོད་དམ། ཞེས་འདྲི་མཁན་འདུག བོད་ནང་དུ་འགྲོ་འདུག་སྤྱོད་གསུམ་གྱི་གནས་སྟངས་སྐོར་འདྲི་མཁན་མང་པོ་འདུག

    ༡༡༽ དེ་བཞིན་ཁག་གཅིག་གིས། བོད་ནང་རང་ལུས་མེར་སྲེག་གི་གནས་ཚུལ་བྱུང་མ་ཐག་རྒྱ་གར་ནང་གནས་ཚུལ་ལམ་སེང་ཧ་གོ་ཐུབ་བཞིན་འདུག དེར་བརྟེན་བོད་ཕྱི་ནང་གཉིས་དབར་འབྲེལ་བ་གང་འདྲ་བྱེད་ཀྱི་ཡོད་མེད་དང་འབྲེལ་ལམ་གང་འདྲ་ཞིག་ཡོད་རེད། ཅེས་འདྲི་མཁན་འདུག་པ་མ་ཟད། ཁོང་ཚོས་ང་ལ་ཁྱེད་ཀྱིས་ཁོང་ཚོ་དང་སྒེར་གྱི་འབྲེལ་ལམ་གང་འདྲ་ཡོད་དམ། ཞེས་འདྲི་མཁན་འདུག

    ༡༢༽ དེ་ནས་ལ་ལས་རང་ལུས་མེར་སྲེག་བྱེད་མཁན་མང་ཤོས་གྲྭ་བཙུན་ཡིན་འདུག དེར་རྒྱུ་མཚན་གང་ཡོད། ཅེས་འདྲི་མཁན་འདུག

    ༡༣༽ རྔ་བ་ཀིརྟི་དགོན་པར་རང་ལུས་མེར་སྲེག་མང་ཤོས་ཆགས་ཡོད་སྟབས། ད་ལྟའི་ཆར་ཁུལ་དེའི་གནས་སྟངས་གང་འདྲ་ཡོད་མེད་སྐོར་ཡང་ཡང་འདྲི་མཁན་འདུག

    ༡༤༽ སྤྱིར་བཏང་རྔ་བ་རྫོང་གི་ནང་རང་ལུས་མེར་སྲེག་གཏོང་མཁན་མང་ཤོས་ཡིན་པ་མ་ཟད། ཐེངས་དང་པོ་ཡང་རྔ་བའི་ཁུལ་ནས་བྱུང་འདུག དེའི་རྒྱུ་མཚན་གང་ཡིན། ཞེས་འདྲི་མཁན་འདུག་པར་ང་ཚོས་ལན་འདེབས་གཅིག་མཚུངས་ལྟ་བུ་བྱུང་ན་ལེགས་པ་འདུག་ཅེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་བཅས་སོ།།

    Reply
  3. ཅང་མེད། says:
    ལོ་ 10 སྔོན།

    མཁས་པས་བགྲོ་གླེང་བླུན་པོས་བགྲོ་གླེང་། བྱེས་བཞུགས་བོད་མི་
    རྫོགས་ལ་ཉེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist