མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རི་ཉིལ་བྱུང་སྟེ་མི་ ༨༣ ས་འོག་ཏུ་བཅུག

བོད་ཀྱི་དུས་བབ།
༢༠༡༣/༠༣/༣༠
Share on FacebookShare on TwitterShare on EmailShare on Whatsapp

གཟའ་པ་སངས་ཉིན་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྒྱ་མ་ཤང་གི་གཏེར་ཁ་སྔོག་ཡུལ་དུ་རི་ཉིལ་གྱི་དོན་རྐྱེན་བྱུང་སྟེ། བོད་མི་གཉིས་ཐེ་བའི་ལས་བཟོ་བ་གྱ་གསུམ་ས་འོག་ཏུ་བཅུག་འདུག  

བྷེ་བྷེ་སེ་ (BBC) གསར་ཁང་གི་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཕྱི་ཚེས་ ༢༩ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༦།༠༠ ཡས་མས་སུ་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྒྱ་མ་ཤང་དུ་ཡོད་པའི་རྒྱ་ནག་ཧོང་ཅིན་ཚོང་གཉེར་ཁང་གི་ཧཱ་ཐེ་ལུང་གཏེར་ཁ་སྔོག་འདོན་བྱེད་ཡུལ་དུ་རི་ཉིལ་གྱི་དོན་རྐྱེན་ཞིག་བྱུང་སྟེ། བོད་མི་གཉིས་ཐེ་བའི་ཡུན་ནན་དང་ཀོས་ཀྲིག  སི་ཁྲོན་བཅས་ནས་ཡོང་བའི་ལས་བཟོ་བ་ ༨༣  ས་འོག་ཏུ་བཅུག་ཡོད་པ་དང་།  དོན་རྐྱེན་ཁྲོད་བུད་མེད་གཉིས་ཀྱང་ཚུད་ཡོད་པའི་གནས་ཚུལ་ཐོན་འདུག  

འདིའི་ཐད་བོད་རང་སྐྱོང་ལྗོངས་ཀྱི་མགོ་གཙོ་གཞོན་པ་སྐལ་བཟང་ཚེ་རིང་གིས་གསར་ལམ་དུ། ཁ་སང་གནས་ཚུལ་བྱུང་རྗེས་བོད་རང་སྐྱོང་ལྗོངས་ཀྱིས་དྲག་ཆས་ཉེན་རྟོག་པ་དང་དམག་མི་སོགས་མི་ ༢༠༠༠ ལྷག་དང་། སྔོག་འདོན་འཕྲུལ་ཆས་ ༢༢༤ མངགས་གཏོང་གིས་ཆུ་ཚོད་ ༣༠ ལྷག་གི་རིང་མྱུར་སྐྱོབ་འཚོལ་ཞིབ་བྱས་ཡོད་ཀྱང་། ད་ལྟའི་ཆར་ཡང་མི་ ༨༠ རྙེད་སོན་བྱུང་མེད་ཚུལ་བརྗོད་འདུག 

ལྷ་ས་གྲོང་ཁྱེར་མལ་གྲོལ་གུང་དཀར་རྒྱ་མ་ཞང་གི་གཏེར་ཁ་སྔོག་འདོན་གྱི་ལས་གཞི་དེ་ནི། འདས་པའི་ལོ་དུ་མའི་ཡར་སྔོན་ནས་མགོ་འཛུགས་གནང་ཡོད་པ་ཞིག་ཡིན་ཞིང་། ད་ལྟའི་བར་ས་གནས་བོད་མི་ཚོས་ཞང་དང་རྫོང་། རང་སྐྱོང་ལྗོངས་བཅས་སུ་ཐེངས་མང་པོར་གཏེར་ཁ་སྔོག་འདོན་མཚམས་འཇོག་ཡོང་བའི་རེ་སྐུལ་དང་ངོ་རྒོལ་གྱི་རྣམ་འགྱུར་བསྟན་ཡོད་ཀྱང་། གཞུང་ཕྱོགས་ནས་གཏེར་ཁ་སྔོག་འདོན་མཚམས་འཇོག་མ་བྱས་པར། ས་གནས་མང་ཚོགས་ཀྱི་འཕྲོད་བསྟེན་དང་འཚོ་བར་དཀའ་ངལ་འཕྲད་ཀྱིན་པར་མ་ཟད། སྒོ་ཕྱུགས་སེམས་ཅན་མང་པོ་ཤི་རྨས་ཐེབས་ཡོད།

དེ་ལྟར་ཡང་། རྒྱ་ནག་གཞུང་གིས་ཐེངས་འདིའི་དོན་རྐྱེན་དེས་མལ་གྲོལ་གུང་དཀར་རྒྱ་མ་ཞང་གི་རྨི་གྲུ་བཞི་མ་ ༤ ལྷག་གི་ས་ཆར་རི་ཉིལ་བྱུང་ཡོད་ཚུལ་དང་། དོན་རྐྱེན་དེ་རང་བྱུང་གི་གནོད་འཚེ་ཡིན་ཚུལ་ཙམ་ལས་བྱུང་རྐྱེན་གསལ་བོ་བརྗོད་མེད་པ་མ་ཟད། ཁ་སང་ནས་བཟུང་རི་ཉིལ་བྱུང་སའི་ས་གནས་ཀྱི་བརྒྱུད་ལམ་ཡོངས་རྫོགས་བཀག་སྡོམ་བྱས་ཡོད་འདུག

 གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

ཆུ་ཚོད་ ༧ སྔོན་ལ།
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

༢༠༢༦/༠༨/༡༥
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣

མཆན། 6

  1. གནས་ཚང་། says:
    ལོ་ 13 སྔོན།

    རི་ཉིལ་དོན་རྐྱེན་འདི་བྱུང་ཡུལ་སྲོང་བཙན་སྒམ་པའི་འཁྲུངས་ཡུལ་རེད་ལ། བོད་ཀྱི་ལོ་རྒྱུས་སྒང་གོ་གནས་གལ་ཆེན་ཡོད་པའི་ས་ཆ་ཞིག་རེད། དེ་བས། ཚང་མ་ལོས་གནད་དོན་འདིར་གདོང་ལེན་བྱེད་ཕྱོགས་ཇེ་དགེའི་ཐད་བསམ་བློ་གཏོང་བ་དང་ལས་འགུལ་སྤེལ་རན་མེད་དམ།

    Reply
  2. ནོར། says:
    ལོ་ 13 སྔོན།

    རྒྱ་གཞུང་དབུས་བརྙན་འཕྲིན་ཁང་གི་གསར་འགྱུར་དྲ་སྐུད། http://www.chinatibetnews.com/shiting/2013-03/30/content_1203979.htm

    Reply
  3. ནོར། says:
    ལོ་ 13 སྔོན།

    འདི་ལྟའི་ས་ཁྱོན་ཆེན་པོ་ཞིག་ཉིལ་བར་བལྟས་ན། སྤྱིར་བཏང་གི་གཏེར་ཁུངས་ཞིག་མ་ཡིན་པ་ཤེས་ཐུབ། ལུང་པ་ཞིག་གི་ནང་རིང་རྒྱར་ཉིལ་འདུག

    Reply
  4. ནོར། says:
    ལོ་ 13 སྔོན།

    རྒྱ་གཞུང་དབུས་བརྙན་འཕྲིན་ཁང་ཨང་ ༡༣ པས་བསྒྲགས་དོན། ས་ཁུལ་དེའི་མཚོ་ངོས་ལས་མཐོ་ཚད་དམའ་ཤོས་རྨིད་ ༤༠༠༠ དང་མཐོ་ཤོས་རྨིད་ ༥༣༠༠ བརྒལ་ཡོད་པ་དང་། མཁའ་དབུགས་ཁྲོད་ཀྱི་དབྱང་དབུགས་ཀྱི་འདུས་ཚད་ནང་ལོག་ས་ཁུལ་གྱི་ལྡབ་ ༤ ནས་ ༦ ལྷག་ཡིན་ལ། མཁའ་དབུགས་ཀྱི་གནས་བབ་ཧ་ཅང་ཛ་དྲག་ཡིན་སྟབས། རང་བྱུང་གནོད་འཚེ་རང་བཞིན་གྱིས་འབྱུང་སླ་བ་ཡིན། ཅེས་ས་གནས་མི་མང་དང་རྒྱལ་སྤྱིར་མགོ་གཡོགས་མགོ་སྐོར་གཏོང་ཐབས་བྱས་འདུག
    ས་ཁུལ་འདིར་དེ་སྔོན་ནས་རྒྱ་གཞུང་གིས་གཏེར་ཁ་སྣ་ཚོགས་བཙན་ཤུགས་ཀྱིས་བསྔོག་འདོན་བྱས་པར་བརྟེན། ས་གནས་བོད་རིགས་མང་ཚོགས་ཀྱིས་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་ཐེབས་བཞིན་པའི་ཐད་ནས་རྒྱ་གཞུང་ལ་ཞུ་གཏུགས་གང་མང་བྱས་ཀྱང་། རྒྱ་གཞུང་གིས་ཉན་འཇོག་རྩ་བ་ནས་མ་བྱས་པར་གང་བྱུང་གཏེར་ཁ་བསྔོག་འདོན་བྱས་ཡོད་པ་རེད། གཅིག་བྱས་ན་རྒྱ་གཞུང་གིས་ཁུལ་དེར་རི་ཁོག་བཀྲུས་ནས་གསང་བའི་དམག་གི་རྟེན་གཞི་དེ་འདྲའང་བཙུགས་ཡོད་ན་ཐང་།

    Reply
  5. ནོར། says:
    ལོ་ 13 སྔོན།

    ས་ཁུལ་དེའི་མཚོ་ངོས་ལས་མཐོ་ཚད་དམའ་ཤོས་རྨིད་ ༤༠༠༠ དང་མཐོ་ཤོས་རྨིད་ ༥༣༠༠ བརྒལ་ཡོད་པ་དང་། མཁའ་དབུགས་ཁྲོད་ཀྱི་དབྱང་དབུགས་ཀྱི་འདུས་ཚད་ནང་ལོག་ས་ཁུལ་གྱི་ལྡབ་ ༤ ནས་ ༦ ལྷག་ཡིན་ལ། མཁའ་དབུགས་ཀྱི་གནས་བབ་ཧ་ཅང་ཛ་དྲག་ཡིན་སྟབས། རང་བྱུང་གནོད་འཚེ་རང་བཞིན་གྱིས་འབྱུང་སླ་བ་ཡིན། ཅེས་ས་གནས་མི་མང་དང་རྒྱལ་སྤྱིར་མགོ་གཡོགས་མགོ་སྐོར་གཏོང་ཐབས་བྱས་འདུག ས་ཁུལ་འདིར་དེ་སྔོན་ནས་རྒྱ་གཞུང་གིས་གཏེར་ཁ་སྣ་ཚོགས་བཙན་ཤུགས་ཀྱིས་བསྔོག་འདོན་བྱས་པར་བརྟེན། ས་གནས་བོད་རིགས་མང་ཚོགས་ཀྱིས་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་ཐེབས་བཞིན་པའི་ཐད་ནས་རྒྱ་གཞུང་ལ་ཞུ་གཏུགས་གང་མང་བྱས་ཀྱང་། རྒྱ་གཞུང་གིས་ཉན་འཇོག་རྩ་བ་ནས་མ་བྱས་པར་གང་བྱུང་གཏེར་ཁ་བསྔོག་འདོན་བྱས་ཡོད་པ་རེད། གཅིག་བྱས་ན་རྒྱ་གཞུང་གིས་ཁུལ་དེར་རི་ཁོག་བཀྲུས་ནས་གསང་བའི་དམག་གི་རྟེན་གཞི་དེ་འདྲའང་བཙུགས་ཡོད་ན་ཐང་།

    Reply
  6. ནོར། says:
    ལོ་ 13 སྔོན།

    རི་ཉིལ་སའི་ས་གནས། མལ་གྲོ་གུང་དཀར་རྫོང་བཀྲ་ཤིས་སྒང་ཞང་གཟུ་སྦུག་སྡེ་བའི་ཉེ་ཁུལ་གྱི་ཡང་རི་ཞེས་པ་དེ་ཁུལ་ཞིག་ཡིན་པ་འདྲ།
    གཏེར་བརྐོ་མཁན་ནི་ཀྲུང་གོ་གསེར་གཏེར་བཟོ་ཚོང་ཚོགས་སྡེ་ཡི་ཁོངས་གཏོགས་དཔལ་ཐེ་ལོང་གཏེར་ལས་གསེར་སྤེལ་ཚད་ཡོད་བཟོ་ཚོང་ཁང་རྒྱ་མ་གཏེར་ཁུལ་ཡིན་འདུག
    རི་ཉིལ་བའི་སའི་རྒྱ་ཁྱོན་ནི་རིང་ཚད་སྤྱི་ལེ་ ༣ དང་། རི་ཉིལ་བའི་བོངས་ཚད་ལ་རྨིད་རྒྱ་དཔང་གྲུ་བཞི་མ་ཁྲི་ ༢༠༠ ལྷག་ཡོད་པར་བཤད།
    བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་སྤྱི་ཁྱབ་དྲུང་ཆེ་ཁྲིན་ཆོན་ཀའོ་ཡིས། གནོད་སྐྱོན་ཕོག་མཁན་དག་གི་ནང་མིའི་ཐད་ཀྱི་ལས་ཀ་རྣམས་ཧ་ཅང་ཞིབ་ཚགས་པོ་དང་གཏིང་ཟབ་སྤེལ་ཏེ། ཞི་འཇམ་འོས་མཚམས་ཀྱི་སྒོ་ནས་ཐག་གཅོད་བྱས་རྗེས། བརྟན་ལྷིང་བདེ་འཇགས་ཀྱི་ལས་དོན་ཁག་ལག་བསྟར་བྱས་ཏེ། སྤྱི་ཚོགས་ཁྱོན་ཡོངས་ནས་བརྟན་ལྷིང་ཡོང་བར་འགན་སྲུང་བྱ་དགོས། ཅེས་བརྗོད་འདུག
    དེ་བཞིན། ཞིས་ཅིན་ཕེན་དང་ལི་ཁི་ཆིང་། ལིག་ཡོན་ཧྲན་སོགས་གཙོས་རྒྱ་ནག་དབུས་གཞུང་གི་མགོ་ཁྲིད་དག་གིས་ཀྱང་དོ་སྣང་ཆེན་པོས་སྐད་རྒྱག་དགོས་བྱུང་འདུག་པ་མ་ཟད། བོད་རང་སྐྱོང་ལྗོངས་དམག་ཁུལ་གྱི་དམག་སྤྱི་ཡཱང་ཅིན་ཧྲན་སོགས་ཀྱིས་བྲེལ་མྱུར་གྱི་ཛ་དྲག་ཚོགས་འདུ་བསྡུས་ཏེ། རྒུད་སྐྱོབ་དང་ཉེན་སྲུང་གི་ལས་དོན་ཁག་གོ་སྒྲིག་བྱས་ཡོད་པ་མ་ཟད། དམག་སྤྱི་གཞོན་པ་ལཱིག་ཡུག་ཁྲོན་གྱིས་དམག་དཔུང་གི་སྣེ་ཁྲིད་དེ་དོན་རྐྱེན་བྱུང་ཡུལ་ས་གནས་དངོས་ལ་ཕྱིན་འདུག
    གོང་གསལ་རྒྱ་གཞུང་གི་གནས་ཚུལ་སྤེལ་སྟངས་འདིར་བལྟས་ན། ས་ཁུལ་དེའི་གྲོང་སྡེ་བོད་མི་མང་པོ་ཞིག་ལ་གནོན་འཚེ་བཟོས་ཡོད་པ་མ་ཟད། གཏེར་ཁུངས་དེ་ནི་གསང་བ་དམ་པོ་བྱེད་དགོས་པའི་གནད་དོན་ཞིག་ཆགས་ལོས་ཡོད་བསམ་པ་ཞིག་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese