མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྲིམས་འགལ་བྱ་སྤྱོད་སྐོར་ཞིག་གི་མཚོན་དོན་དང་ལན་འདེབས།

བོད་ཀྱི་དུས་བབ།
༢༠༡༣/༠༣/༣༡
Share on FacebookShare on TwitterShare on EmailShare on Whatsapp

བྷེལ་ཇམ་གནས་སྡོད་ཆབ་འགག་དཔལ་ལྡན།

ཉེ་ལམ་རྒྱ་ནག་དབུས་གཞུང་གིས་བོད་མདོ་སྨད་རེབ་གོང་གི་ཁུལ་དང་རྫོང་རིམ་པ་སོ་སོར་བོད་རང་བཙན་གྱི་ངོ་བོ་ལྡན་པའི་ཁྲིམས་འགལ་གྱི་བྱ་སྤྱོད་བཅུ་གསུམ་ཞེས་པའི་ཡིག་ཆ་ཞིག་བཀྲམས་ཡོད་སྐོར་བོད་ཀྱི་དུས་བབ་ལས་མཐོང་། ཡིག་ཆ་དེའི་ནང་དོན་གཙོ་བོ་སྤྱི་ཚོགས་བདེ་སྐྱོང་གི་སྒྲིག་ལམ་ལ་ཤུགས་ཆེན་པོས་སྲུང་སྐྱོང་བྱེད་པ་དང་། ཁྲིམས་འགལ་ཉེས་བསགས་མཁན་ལ་རྡུང་རྡེག་དྲག་པོ་གཏོང་བ། མང་ཚོགས་ཀྱིས་བོད་རང་བཙན་གྱི་བྱ་སྤྱོད་ལ་འཐབ་རྩོད་བྱེད་པར་རོགས་རམ་བྱེད་དགོས་པའི་སྐོར་རེད། དེ་ནི་དོན་དངོས་དང་མི་མཐུན་པའི་དཀྱོག་བཤད་ཤ་སྟག་ཡིན་པས་དེ་ལ་ལན་འདེབས་ཤིག་བྱ་དགོས་པ་ལས་དབང་གིས་གནང་བའི་འོས་འགན་ཞིག་ཏུ་འཁུམས། ཡིན་ཡང་དོན་ཚན་རེ་རེ་བཞིན་ལན་འདེབས་གནང་གལ་མ་མཐོང་། འདིར་ཁྲིམས་འགལ་བྱ་སྤྱོད་བཅུ་གསུམ་ལས་དང་པོ་དང་། གཉིས་པ། ལྔ་བ། དྲུག་པ། བདུན་པ། བཅུ་གཅིག་པ་བཅས་ལ་ལན་འདེབས་གནང་ཡོད། འདི་ལྟར་འདེམས་དོན་ནི་གལ་འགངས་ཆེ་བར་སྣང་བས་སོ།།

ཁྲིམས་འགལ་བྱ་སྤྱོད་ཀྱི་མཚོན་དོན་དང་ལན་འདེབས།

ཁྲིམས་འགལ་བྱ་སྤྱོད་བཅུ་གསུམ་གྱི་དང་པོ་ནི། ༼མི་གཞན་རང་སྲེག་བྱེད་པར་སྐུལ་སློང་དང་ངན་སྐུལ་བྱེད་པ། མགོ་སྐོར་གཏོང་བ།༽ཟེར་བ་དེས་ང་ཚོ་བོད་མི་ཚོའི་བསམ་བློ་དང་རྣམ་དཔྱོད། སྨྲ་བརྗོད་ཀྱི་རང་དབང་བཅས་ལ་སྔར་ལས་ལྷག་པའི་ཚད་བཀག་ཆེན་པོ་བཟོས་པར་མཚོན། རང་གི་རྒྱལ་ཁབ་ཧམ་བཟུང་བྱས་པའི་ཕྱི་མི་སུ་ཞིག་ཡིན་རུང་དེ་ལ་རྒོལ་ལན་སློག་རྒྱུ་ནི་མི་རིགས་དེའི་ལས་འགན་ཨང་དང་པོ་ཆགས་ཡོད། རང་མི་རིགས་ཀྱི་དོན་དུ་ཕ་རོལ་དགྲ་བོར་རྒོལ་ལན་སློག་པར་གཞན་སུ་ལའང་སྐད་ཆ་འདྲི་མི་དགོས་པར་རང་ཉིད་ཀྱིས་རང་བསྲེག་པའི་སྙིང་སྟོབས་དང་སྤོབས་སེམས་ལྡན་ཡོད་པས་ངན་སྐུལ་བྱེད་མཁན་སུ་ཡང་མེད། རྒྱ་ནག་དམར་གཞུང་ནི་རྐུན་བཅོམ་འཕྲོག་གསུམ་བྱེད་པའི་ཇག་ཚོགས་ཤིག་དང་མི་གསོད་ཁྲག་སྦྱོར་གྱི་བཤས་ཁང་ཞིག་ལས་འགྲོ་བ་མི་ལ་མཁོ་བའི་གཞུང་ཞིག་གཏན་ནས་མིན།

ཁྲིམས་ འགལ་བྱ་སྤྱོད་བཅུ་གསུམ་གྱི་གཉིས་པ་ནི། ༼རང་སྲེག་གི་གྱོད་དོན་བྱུང་རྗེས། སྲིད་གཞུང་ལས་ཁུངས་ཀྱིས་མྱུར་སྐྱོབ་བྱེད་པ་དང་སྤྱི་བདེ་མི་སྣས་བདེན་དཔང་ འཚོལ་བར་བར་ཆད་བྱེད་པ་དང་། གོ་སྐབས་ལ་བརྟེན་ནས་འདུ་ཚོགས་བྱེད་པ་དང་བེམ་པོ་འཁུར་ནས་ཁྲོམ་སྐོར་བྱེད་པ། ཁྲིམས་འགལ་གྱིས་བལྟ་རུ་འགྲོ་བ་དང་འཚམས་འདྲི་བྱེད་པ། ཞལ་འདེབས་འབུལ་བ།༽ ཞེས་པ་དེས་པེ་ཅིན་ཇག་གཞུང་གིས་རང་སྣང་གང་དྲན་གྱིས་བོད་མི་ཚོར་དྲག་གནོན་དང་ འཛིན་བཟུང་བྱེད་ཀྱི་ཡིན་པའི་སྔོན་བརྡ་བཏང་བར་མཚོན། ཕྱི་ལོ་ ༢༠༠༨ ཀྱི་ལོར་བོད་དུ་ས་བྱི་ཞི་རྒོལ་ཆེན་པོ་བྱུང་བ་ནས་ད་ལྟའི་བར་བོད་མི་བརྒྱ་ཕྲག་ ལྷག་གིས་རང་གི་ལུས་སྲོག་མེ་རུ་བསྲེགས་པ་དེ་ཉེན་ཚབས་ཆེ་བའི་གྱོད་དོན་ཞིག་ཏུ་གྱུར་མེད་ལ། སྐུ་ཕུང་འཁུར་ནས་ཁྲོམ་སྐོར་དེ་བས་ཀྱང་གནང་མེད། བོད་མི་ཕན་ཚུན་དབར་བལྟ་རུ་འགྲོ་བ་དང་འཚམས་འདྲི་བྱེད་པ། ཞལ་འདེབས་འབུལ་བ་ནི་མདོ་དབུས་ཁམས་གསུམ་སྔར་ལས་ལྷག་པའི་ཆིག་སྒྲིལ་རང་བཞིན་ཅན་དུ་འགྲོ་བའི་དུས་ཀྱི་འགྱུར་འགྲོས་དང་མཐུན་པའི་ལེགས་སྐྱེས་གྱ་ནོམ་པ་ཞིག་ ཏུ་གྱུར་བ་མ་ཟད། དོན་དངོས་སུ་གཞན་གྱི་སྡུག་བསྔལ་རང་སྟེང་དུ་བླངས་པའི་རང་གཞན་སྙོམས་འཇུག་གི་ བྱེད་ཐབས་ཉམས་སུ་བསྟར་བའི་སྤྱི་སྙོམས་རང་བཞིན་གྱི་བདེ་སྐྱིད་འཚོལ་བའི་ལམ་བུ་གསར་བ་ཞིག་ཏུ་བསྐྱོད་པ་ལས་ཁྲིམས་འགལ་གཏན་མིན།

ཁྲིམས་འགལ་བྱ་ སྤྱོད་བཅུ་གསུམ་གྱི་ལྔ་བ་ནི། ༼བོད་རང་བཙན་གྱི་རྒྱབ་ལྗོངས་ཡོད་པའི་ཁྲིམས་འགལ་གྱི་རྩ་འཛུགས་དང་བོད་རང་བཙན་ གྱི་ཆེད་དུ་ཟིང་ཆ་སློང་བའི་ངོ་བོ་ལྡན་པའི་ཁྲིམས་འགལ་གྱི་སྤྱི་ཚོགས་རྩ་ འཛུགས་ཀྱི་བྱ་འགུལ་དུ་ཞུགས་པ།༽ཞེས་པ་དེས་ཕྱོགས་ལྷུང་གི་སྲིད་ཇུས་འོག་བོད་ མི་ཚོར་དྲག་པོའི་ཁྲིམས་གཞི་བསྡམས་ཏེ་མེ་མདའི་སྟོབས་ཤུགས་ངོམ་སྟེ་རྒྱལ་ཕམ་ འགྲན་རྩོད་ཀྱི་གཡོ་ཐབས་ཤིག་འཁྲབ་སྟོན་བྱེད་ཀྱིན་པ་མཚོན། ད་ལྟའི་དུས་ནི་མཚོན་ཆའི་ཁ་ནས་རྒྱལ་ཕམ་འགྲན་རྩོད་བྱེད་པའི་ཚབ་ཏུ་ཞི་མཐུན་ གྱི་བསམ་བློ་བརྗེ་རེས་ཀྱིས་མཉམ་གནས་དང་མཉམ་འབྲེལ་བྱེད་རྒྱུ་དེ་རེད། མཉམ་གནས་དང་མཉམ་འབྲེལ་གྱི་ལྟ་བ་གཞི་རྩར་བཟུང་བའི་སྤྱི་ཚོགས་ཤིག་ལ་མཚོན་ན་ གཞན་སྡུག་རང་ལེན་དང་རང་བདེ་གཞན་གཏོང་གི་སྤྱི་མཐུན་གྱི་བྱ་འགུལ་ཁོ་ན་སྤེལ་བ་ ལས་མི་རིགས་ཁ་བྲལ་གཏོང་བའི་བཀོད་ཇུས་ནམ་ཡང་འཐེན་མི་སྲིད། དེ་བཞིན་སྤྱི་ཚོགས་སམ་རྒྱལ་ཁབ་གང་དང་གང་ཡིན་ཡང་ཁེར་ཚུགས་དང་རྟག་བརྟན་ཐེར་ ཟུག་ཏུ་གནས་ཐབས་བྲལ་བ་ནི་དུས་རབས་ཀྱིས་སྤྲད་པའི་མངོན་གསལ་གྱི་བརྡ་མཚོན་ཞིག་ ཡིན་པ་རྒྱ་ནག་ཇག་ཚོགས་ཀྱིས་ཤེས་དགོས།

ཁྲིམས་འགལ་བྱ་སྤྱོད་བཅུ་གསུམ་གྱི་དྲུག་པ་ནི། ༼ཕ་སྐད་ལ་སྲུང་སྐྱོབ་བྱེད་པ་”དང་”ཁོར་ཡུག་བསྲུང་སྐྱོབ་བྱེད་པ་” སོགས་ལ་ཁ་གཡར་ཏེ། མི་གཞན་རྣམས་སྲང་དུ་སོང་ནས་ཁྲིམས་འགལ་གྱི་ཁྲོམ་སྐོར་བྱེད་པ་དང་ངོ་རྒོལ་གྱི་ སྦྱར་ཡིག་སྦྱོར་བར་བཙན་སྐུལ་བྱེད་པ།༽ཞེས་པ་དེས་འུ་ཐུག་དང་གཡོ་ཐབས། རྫུན་བཟོའི་བྱིས་སྒྲུང་ཞིག་ཕྱིར་སྟོན་བྱས་པ་ཙམ་མཚོན། བོད་གྲངས་ཉུང་མི་རིགས་ཀྱི་ཕ་སྐད་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་དོན་དུ་བོད་མི་ རྣམས་ཀྱི་ཟུངས་ཁྲག་གིས་འགྲོ་གྲོན་བཏང་སྟེ་ཁ་སང་དེ་རིང་བར་དུ་རྒྱུན་མཐུད་ཡོད། རྒྱ་ནག་པེ་ཅིན་ཇག་གཞུང་གིས་བོད་གྲངས་ཉུང་མི་རིགས་ཀྱིས་རང་གི་ཕ་སྐད་གཅེས་སྐྱོང་གི་ལས་འགུལ་སྣ་མང་སྤེལ་བར་ཐད་ཀར་འགོག་རྐྱེན་བཟོ་མ་ཕོད་བར་ངོ་རྒོལ་ སྦྱར་ཡིག་ཙམ་ལ་ཁག་དཀྲིས་ནས་ཕ་སྐད་རྨེག་མེད་དུ་གཏོང་བའི་ངན་ཇུས་འཐེན་པ་ཙམ་ ལས་བོད་མི་རིགས་ཀྱིས་རང་གི་ཕ་སྐད་དང་ཁོར་ཡུག་ལ་ཁ་གཡར་ནས་རྒྱ་རིགས་སུ་གཅིག་ ལ་གནོད་སྐྱེལ་མེད་པ་ཞི་བདེ་ལ་དགའ་བའི་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་ཁག་གི་ གསར་འགྱུར་བརྒྱུད་ལམ་ལས་བདེན་པ་ར་སྤྲོད་གནང་ཡོད། དེས་མི་རྣམས་ལ་གོ་རྟོགས་ཟབ་མོ་ཞིག་སྤྲད་ཡོད་པས་པེ་ཅིན་ཇག་གཞུང་གིས་ཅི་ཞིག་ བཤད་ཀྱང་ཡོད་ཚད་རྫུན་གཏམ་ཁོ་ན་ལས་བདེན་གཏམ་ཞིག་ཡིན་པའི་སྣང་བ་འཆར་མི་སྲིད་ པའི་དུས་ལ་བསླེབས་ཡོད།

ཁྲིམས་འགལ་བྱ་སྤྱོད་བཅུ་གསུམ་གྱི་བདུན་པ་ནི། ༼ཁ་བྲལ་རིང་ལུགས་ཀྱི་གཏམ་བརྗོད་སྒྲོག་པ་དང་། ཁ་བྲལ་རིང་ལུགས་ཀྱི་གཏམ་བརྗོད་ཡོད་པའི་རི་མོ་དང་སྒྲ་བརྙན་བཟོ་བ་དང་འཚོང་བ། བརྒྱུད་སྒྲོག་བྱེད་པ།༽ཞེས་པ་དེས་དོན་དངོས་སུ་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་ མཆོག་༧ གོང་ས་༧ རྒྱལ་བ་རིན་པོ་ཆེ་དང་། རྡ་སའི་བཙན་བྱོལ་བོད་གཞུང་། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་པེ་ཅིན་ཇག་གཞུང་གིས་བློ་ཚབས་བྱ་ ཡུལ་དུ་གྱུར་བར་མཚོན། གདོད་མ་ནས་མཐོ་སྒང་གི་འཇིག་རྟེན་དེར་ཁྱིམ་གཞི་བསྐྲུན་པའི་མཐོ་སྒང་བ་དག་གིས་ རང་ས་གཞན་གྱིས་བཙན་བཟུང་བྱས་པའི་དགྲ་ཇག་རྣམས་མཐར་སྐྲོད་གཏོང་རྒྱུ་ནི་ལས་ དབང་གིས་གནང་བའི་འོས་འགན་ཞིག་ལས་གཞན་གྱི་བརྒྱུད་སྒྲོག་ལ་བལྟ་དགོས་དོན་ཡེ་ ནས་མེད། ཡང་གཅིག་བཤད་ན་རང་ས་གཞན་གྱིས་བཙན་བཟུང་བྱེད་མཁན་ནི་ཁ་བྲལ་བ་ཡིན་པ་ལས་རང་ས་ རང་བདག་གནང་མཁན་ཁ་བྲལ་བ་མིན། པེ་ཅིན་ཇག་གཞུང་གིས་སྔོན་དུས་ཉི་ཧོང་གི་བཙན་འཛུལ་ལ་རྒོལ་ལན་སློག་མཁན་གྱི་ རྒྱ་རིགས་རྣམས་ལ་ཁ་བྲལ་བ་ཞེས་འབོད་ཀྱིན་ཡོད་དམ། རྒྱ་མི་རིགས་ཀྱིས་ཉི་ཧོང་ལ་རྒོལ་ལན་སློག་ཆེད་གཏམ་བརྗོད་ཡོད་པའི་རི་མོ་དང་ གློག་བརྙན་བཟོས་ཏེ་དུས་ད་ལྟའང་བརྒྱུད་སྟོན་བྱེད་པ་དག་ཁྲིམས་མཐུན་ཡིན་ན་བོད་ གྲངས་ཉུང་མི་རིགས་ཀྱིས་དེ་ལྟར་གནང་བ་ཁྲིམས་འགལ་དུ་ཇི་ལྟར་འགྱུར།

ཁྲིམས་འགལ་བྱ་སྤྱོད་བཅུ་གསུམ་གྱི་བཅུ་གཅིག་པ་ནི། ༼བསང་ཕུད་པ་དང་ཆོས་འདོན་པ། ཚེ་ཐར་དུ་གཏོང་བ། ལཱ་སྒྲོན་བཀར་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས། རང་སྲེག་མཁན་ལ་བསྔོ་སྨོན་བྱེད་པ་དང་ཡང་ན་བོད་རང་བཙན་ཚོགས་པར་རྒྱང་རིང་ནས་ གཞོགས་འདེགས་བྱེད་པ།༽ ཞེས་པ་དེས་པེ་ཅིན་ཇག་གཞུང་གིས་རྒྱུན་གཏན་ནས་བཤད་ཀྱིན་པའི་ཆོས་དད་རང་དབང་ ཡོད་ཅེས་པ་དེའི་རྫུན་རྐུབ་བརྡོལ་བར་མཚོན། བོད་གྲངས་ཉུང་མི་རིགས་ལ་མཚོན་ན་བསང་ཕུད་བསྔོ་སྨོན་དང་ཆོས་འདོན་ཚེ་ཐར་གཏོང་ བ་སོགས་ནི་སྤྱི་སྒེར་གྱི་མི་བུ་སུ་ཞིག་དཀའ་སྡུག་གི་གནས་སུ་ལྷུངས་ནས་ཞི་མཐུན་དང་འདོད་བདེ་། མཉམ་འབྲེལ་གྱི་སྟོབས་ཤུགས་བཅས་ཉམས་ཏེ་ཅི་བྱ་གཏོལ་མེད་དུ་གྱུར་བར་ཆོས་ཀྱིས་རོགས་འདེགས་ཞུས་པ་ཙམ་ཞིག་ལ་ཟེར་བ་རེད། དེ་ཡང་གཙོ་བོ་རང་སྲེག་གནང་མཁན་གྱི་དམ་པ་དེ་ཉིད་ཕྱི་མར་དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ལུས་འཐོབ་ཆེད་དུ་གནང་བ་ཞིག་ཡིན་པས་ཆབ་སྲིད་དང་གཏན་ནས་འབྲེལ་བ་མེད། རྒྱ་ནག་གི་མགོ་ཁྲིད་དཔོན་ངན་ཚོའི་མིག་ནང་གི་ཚེར་མ་ལྟར་གྱུར་བའི་བོད་རང་བཙན་ ཚོགས་པས་ཉིན་ཞིག་ཁྱེད་ཅག་གི་མིག་རིལ་འདོན་ངེས་པ་ནི་ལོ་རྒྱུས་ཀྱིས་བཅིངས་པའི་འབྲེལ་ཐག་གིས་མི་རབས་གསར་བའི་སྙིང་རྩར་བསྡམས་ཡོད་པ་ཤེས་དགོས།

པེ་ཅིན་ཇག་གཞུང་གིས་ཁྲིམས་འགལ་བཅུ་གསུམ་ཞེས་པ་དེ་དོན་དངོས་སུ་གོང་ཞུས་ལྟར་བོད་གྲངས་ཉུང་གི་སྲོལ་རྒྱུན་རིག་གནས་དང་ཡུལ་གོམས་གཤིས་ལུགས་རྣམས་རྩ་མེད་དུ་གཏོང་བའི་ཐབས་ལམ་ཞིག་ཏུ་འཁུམས། ཐབས་ལམ་འདི་བེད་སྤྱད་ནས་སྐད་ཡིག་རིག་གཞུང་ཁོར་ཡུག་དང་བཅས་པ་མེད་བརླག་ཏུ་གཏོང་སྲིད། འདི་ནི་གཏིང་རིང་ཞིང་མགོ་རྨོངས་པའི་ལས་ཐབས་ཉེན་ཚབས་ཆེ་བ་ཞིག་རེད། འུ་བུ་ཅག་གིས་ཅི་ཞིག་ལས་པ་ཐམས་ཅད་པེ་ཅིན་ཇག་གཞུང་གིས་ཁྲིམས་འགལ་གྱི་རྣམ་པར་བཙན་བསྒྱུར་གྱིས་ཡོན་ཏན་པ་དང་།  བསམ་བློ་བ། སྣེ་ཁྲིད་པ། རིགས་ཞེན་ཅན་དག་ལྐོག་གསོད་བཙོན་འཇུག་གིས་མི་ཚེ་འཛད་བཅུག་པ་འདིར་དྲང་བདེན་ལ་དགའ་བའི་རྒྱལ་ཁབ་བམ་སྤྱི་ཚོགས་གང་གིས་ཀྱང་ཐེ་གཏོགས་བྱས་ཐུབ་མེད་པ་འདིས་བོད་ མི་རིགས་ཀྱི་རིག་གཞུང་རྨེག་མེད་དུ་གཏོང་བའི་ཁོར་ཡུག་གཞི་རྒྱ་ཆེ་རུ་བཏང་ཡོད། ང་ཚོས་རྒྱ་ནག་ཇག་གཞུང་གི་ལྐོག་ཇུས་ཐམས་ཅད་ཕྱིར་བསྒྲགས་གནང་སྟེ་གཞིས་བཞུགས་ སྤུན་ཟླ་རྣམས་ལ་འཕྲད་བཞིན་པའི་ཡ་ང་བའི་དཀའ་སྡུག་ཡོད་དོ་ཅོག་དང་། ཕྱི་མའི་ལྔ་ལམ་དུ་གཤེགས་ཟིན་པའི་དཔའ་བོ་དཔའ་མོ་རྣམས་ཀྱི་ཞལ་ཆེམས་ཀྱི་དགོངས་ དོན་ལྟར་ཆིག་སྒྲིལ་ངང་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་གཞི་རྒྱ་ཆེ་གཏིང་ཟབ་ཏུ་གཏོང་བའི་དུས་སུ་སླེབས།

བོད་རྒྱལ་ལོ།

འབྲེལ་ཡོད་གསར་འགྱུར།

Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༡ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༢༣ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༣ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese