མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནང་སྲིད་ལས་ཁུངས་ཀྱི་ན་གཞོན་རོཊ་སྐྱོར་ལས་གཞིའི་ནང་འཛུལ་རོཊ།

བོད་ཀྱི་དུས་བབ།
༢༠༡༣/༠༤/༠༧
Share on FacebookShare on TwitterShare on EmailShare on Whatsapp

དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱིས་བཙན་བྱོལ་བོད་མི་ན་གཞོན་ལས་མེད་ཚོར་དམིགས་ཏེ་སྦྱོང་བརྡར་ལས་གཞི་ཁག་ཅིག་ལག་བསྟར་བྱེད་བཞིན་པའི་ཐད། ནང་སྲིད་དྲུང་འཕར་འཆི་མེད་རིག་འཛིན་ལགས་སུ་བཅར་འདྲི་ཞུས་ཡོད།

དྲི་བ། དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ངོས་ནས་བཙན་བྱོལ་བོད་མི་ན་གཞོན་ལས་མེད་ཚོར་དམིགས་ཏེ་ལས་འཆར་གསར་པ་གང་དག་སྤེལ་ཡོད་དམ།

ལན། སྔོན་མ་ཡིན་ན་ན་གཞོན་ལས་མེད་ཟེར་བའི་ཐ་སྙད་ཅིག་ཡོད་པ་རེད། ཕྱིས་སུ་འགྱུར་བ་བཏང་སྟེ་ན་གཞོན་གྱི་ནུས་སྟོབས་སྤེལ་རྒྱུའི་ཆེད་ན་གཞོན་རོགས་སྐྱོར་ཟེར་གྱི་ཡོད། ན་གཞོན་རོགས་སྐྱོར་འོག་ཏུ་ན་གཞོན་བུན་གཏོང་སྡེ་ཚན་དང་ན་གཞོན་སྦྱོང་བརྡར་གཉིས་ཡོད། ན་གཞོན་བུན་གཏོང་དང་སྦྱོར་བརྡར་གཉིར་ཀར་བོད་ནས་གསར་དུ་ཕེབས་མཁན་དང་རྒྱ་གར་ནང་སྐྱེས་མཁན་གཉིས་ལ་ཁྱད་པར་ཡོད་པ་མ་རེད། ཆ་རྐྱེན་ཞིག་གི་འོག་ཏུ་མི་སུ་ཕེབས་འདོད་ན་ཕེབས་ཆོག་གི་རེད། ཡིན་ནའང་། བཀའ་ཤག་སྐབས་བཅུ་བཞི་པ་ནས་བོད་ནས་གསར་དུ་ཕེབས་མཁན་ཚོར་ཆེད་དུ་དམིཊ་ཏེ། ༢༠༡༢ ལོ་ནས་ཟུར་དུ་དབྱིན་ཇིའི་འབྲི་ཀློག་སྦྱོང་བརྡར་དང་། དེའི་ཐོག་གློག་ཀླད་དང་ཞལ་ལག་བཟོ་སྟངས་བཅས་ཀྱི་སྦྱོང་བརྡར་ཞིག་སྤྲད་ཡོད། གཞི་རྩ་ན་གཞོན་རོགས་སྐྱོར་འོག ཤིང་བཟོ་དང་འཚེམ་བཟོ། གློག་དང་ཆུ་བཟོ། སྐྲ་བཟོ། མཛེས་བཟོ། མ་བྱན། སྨན་པའི་སྐད་ཆ་ཡིག་ཐོག་ཏུ་ཕབ་བསྒྱུར་བྱེད་སྟངས། འཕྲུལ་ཆས་ཞིག་གསོ། ཁ་པར་དང་བརྙན་འཕྲིན་གཙོས་གློག་ཆས་བཟོ་སྟངས་སོཊ་ཀྱི་ལས་གཞི་གསར་འཛུཊ་གནང་ཡོད་ཀྱང་། ད་སྔ་སྐྲ་བཟོ་དང་མཛེས་བཟོ། ཞལ་ལག་བཟོ་སྟངས། སྨན་པའི་སྐད་ཆ་ཡིག་ཐོག་ཏུ་ཕབ་སྒྱུར། གློག་ཀླད་སྦྱོང་བརྡར་སོགས་མ་གཏོཊ། ལས་གཞི་མང་པོ་ཞིག་གི་ནང་འཛུལ་ཞུཊ་བྱེད་མཁན་མ་རག་པར་སྒོ་རྒྱག་དགོས་བྱུང་ཡོད།

དྲི་བ། ད་ལྟ་འགྲོ་བཞིན་པའི་ནང་སྲིད་ལས་ཁུངས་ཀྱི་སྐྲ་བཟོ་དང་མཛེས་བཟོའི་ལས་འཆར་གནས་སྟངས་གང་འདྲ་ཡོད་དམ། 

ལན། ང་ཚོ་བོད་པར་ལས་ཀ་གང་ཡིན་རུང་མྱུར་པོ་ཞིག་དགོས་ཀྱི་ཡོད་པ་རེད། སྦྱོང་བརྡར་དེ་དུས་ཚོད་ཐུང་ཐུང་ཞིག་དགོས་ཀྱི་ཡོད་པ་རེད། སྦྱོར་བརྡར་ཐོན་མ་ཐག་སྐྲ་བཟོ་དང་མཛེས་བཟོ་གང་ཐད་ནས་ལས་ཀའི་དཀའ་ངལ་མེད་པ་ཞིག་དགོས་ཀྱི་ཡོད། སྐྲ་བཟོ་མཛེས་བཟོའི་ལས་ཀ་མགོ་བཙུཊ་མ་ཐག་ནས་ཟླ་རེར་གླ་ཆ་ཧིན་སྒོར་ ༨༠༠༠ ནས་ ༡༠༠༠༠ བར་རག་གི་ཡོད་ལ། རིམ་པས་ལས་ཀའི་ཉམས་མྱོང་བསགས་ཏེ་རྒྱ་གར་མགྲོན་ཁང་ཆེན་པོའི་ལས་ཀ་བྱས་ན་ཟླ་རེར་ཧིན་སྒོར་ ༢༠༠༠༠ ལྷག་རག་གི་ཡོད། གནས་སྟངས་དེའི་སྟབས་ཀྱིས་སྦྱོང་བརྡར་ནང་ཞུཊ་མཁན་མ་རག་པའི་དཀའ་ངལ་གང་ཡང་མེད། འདས་པའི་ཉམས་མྱོང་ལ་གཞིཊ་ན། ན་གཞོན་སྦྱོར་བརྡར་ནང་ཞུཊ་མཁན་མང་ཆེ་བ་སྐྲ་བཟོ་དང་མཛེས་བཟོའི་ཁོངས་ཆགས་འདུག སྐྲ་བཟོ་དང་མཛེས་བཟོ་ཁང་དེ་བྷང་ལོར་ནེ་ལི་མཱང་གྷར་ཞེས་པའི་ས་གནས་སུ་བཙུཊ་ཡོད། ལས་གཞི་གཞན་དག་གི་སློབ་ཕྲུག་ཚོའང་ས་དེར་བསྡད་ཡོད། མཛེས་བཟོ་ལ་ཆ་བཞག་ན། ཚན་རིག་དང་འབྲེལ་བ་ཆཊ་ཡོད་དུས་དབྱིན་སྐད་ཤེས་ཚད་གང་འཚམ་མེད་ན་སྦྱོང་བརྡར་ཚད་ལྡན་ཡོང་ཐུབ་ཀྱི་ཡོད་པ་མ་རེད། དེར་བརྟེན། ང་ཚོས་སྐྲ་དང་མཛེས་བཟོའི་ལས་གཞིའི་ཁོངས་ཟླ་དྲུག་རེའི་ནང་འཛིན་རིམ་བཅུ་པའམ་བཅུ་གཉིས་ཐོན་པའི་སློབ་ཕྲུག་ ༡༥ རེ་བསྡུ་བཞིན་ཡོད། སྦྱོང་བརྡར་རིང་གི་ཞལ་ལག་དང་སྡོད་ཁང་སོགས་ཀྱི་འགྲོ་སོང་ཆ་ཚང་ནང་སྲིད་ཀྱིས་གཏོང་གི་ཡོད་པ་མ་ཟད། དེའི་ཐོག་སློབ་ཕྲུག་རེར་ཟླ་རེར་ལག་དངུལ་ཧིན་སྒོར་ ༣༥༠ རེ་སྤྲོད་ཀྱི་ཡོད། སྦྱོང་བརྡར་སྤྲོད་མཁན་ལ་བྷང་ལོར་ཁུལ་གྱི་ལས་ཁུངས་ཁག་ཅིག་དང་འབྲེལ་བ་བྱས་ཏེ་ཆེད་ལས་དགེ་རྒན་གཉིས་ལ་ཕོཊ་སྤྲད་དེ་གླས་ཡོད། ལས་གཞི་དེར་ཞུཊ་མཁན་ཚོར་སྐྱབས་བཅོལ་ལག་དེབ་ཨང་དང་པོར་འཇོག་གི་ཡོད། དེའི་ཐོག་སོ་སོ་བོད་པ་ཞིག་ཡིན་པའི་ཆ་ནས་དཔྱ་ཁྲལ་དུས་ཐོག་ཕུལ་བའི་ངོས་བཤུས་དགོས་པ་རེད། དེ་མིན་ཆ་རྐྱེན་གཞན་པ་རྣམས་དོ་བདག་གི་གནས་བབ་དང་བསྟུན་ནས་ཐག་གཅོད་པ་མ་གཏོཊ། དམིཊ་བསལ་ཡིག་རྒྱུཊ་སོཊ་གཏོང་གི་ཡོད་པ་མ་རེད།

དྲི་བ། ཞལ་ལག་བཟོ་སྟངས་དང་སྨན་པའི་སྐད་ཆ་ཡིག་ཐོག་ཏུ་ཕབ་སྒྱུར་སྦྱོང་བརྡར་ཟེར་བ་དེ་གང་འདྲ་ཡོད་དམ།

ལན། ཞལ་ལག་བཟོ་རྒྱུའི་ལས་གཞི་དེ་རྒྱ་གར་ཟ་ཁང་ཆེ་གྲས་ཁག་གི་ནང་བཟོ་བཞིན་པའི་ཞལ་ལག་སྐོར་ཡིན་པ་མ་གཏོཊ་དམིགས་བསལ་བོད་པའི་ཞལ་ལག་སྐོར་གྱི་སྦྱོར་བརྡར་སྤྲོད་ཀྱི་ཡོད་པ་མ་རེད། ད་ལོའི་ཞལ་ལག་སྦྱོང་བརྡར་ལས་གཞི་དེའི་ནང་ཁྱོན་མི་ ༡༥ བསྡུས་ཡོད་ཀྱང་། བོད་ནས་ཕེབས་མཁན་ཁག་ཅིག་གིས་སྒེར་གྱི་དཀའ་ངལ་དང་། ཁག་ཅིག་གིས་བོད་ལ་ཕྱིར་ལོག་དགོས་ཀྱི་འདུག་ཟེར་བ། ཡང་ཁག་ཅིག་གིས་ཞལ་ལག་བཟོ་རྒྱུའི་སྦྱོང་བརྡར་དེ་ཁོང་ཚོའི་དགོས་མཁོ་དང་འཚམ་གྱི་མི་འདུག་ཟེར་ནས་མི་ ༤ དུས་ཚོད་མ་རྫོགས་པར་རྩ་དགོངས་ཞུས་པ་རེད། གཞིས་ཆགས་ཁག་ནས་ཡོང་མཁན་ཞིག་ཡིན་ན། སྦྱོང་བརྡར་ནང་མ་ཞུགས་གོང་གཞུང་ལ་མི་རེས་ཧིན་སྒོར་ ༣༥༠༠ རེ་གཏའ་མ་འཇོག་དགོས་པ་རེད། གལ་སྲིད་མི་ཞིག་སྦྱོང་བརྡར་མ་ཚར་སྔོན་ལ་རྩ་དགོངས་ཞུས་ན་གཏའ་མ་དེ་གཞུང་བཞེས་གཏོང་གི་ཡོད་པ་རེད། གཞན། སྨན་པའི་སྐད་ཆ་ཡིག་ཐོག་ཏུ་ཕབ་སྒྱུར་ (Medical Transcription) སྦྱོང་བརྡར་དེ། སྨན་པ་ཞིག་གིས་བརྒྱུད་ལམ་གང་རུང་ཐོག་ནད་པར་སྨན་བཅོས་བྱེད་པའི་སྐད་ཆ་རྣམས། ཡིག་ཐོག་ཏུ་ཕབ་ཏེ་ནད་པར་སྨན་བཅོས་བྱེད་ཐབས་ཤིག་ཆཊ་ཡོད་པ་རེད། ད་སྔ་སྦྱོང་བརྡར་དེའི་ནང་འཛིན་རིམ་བཅུ་གཉིས་ཐོན་པའི་སློབ་ཕྲུག་ ༥ ཙམ་ཡོད་ལ། སློབ་སྦྱོང་གི་དུས་ཡུན་ལོ་གཅིག་རེད། དགེ་རྒན་རྣམས་རྒྱ་གར་བ་ཡིན་དུས་དབྱིན་སྐད་ཀྱི་རྨང་གཞི་གང་འཚམ་ཡག་པོ་དགོས་པ་མ་ཟད། ལས་གཞི་དེར་ཞུགས་ན་སྨན་པས་བཤད་པའི་སྐད་ཆར་གོ་བ་ཏག་ཏག་ལེན་ཐུབ་པ་ཞིག་དང་། སྨན་དང་འབྲེལ་བའི་ཐ་སྙད་རྣམས་ངེས་པར་དུ་གསལ་ཆ་ཡོད་དགོས་པ་རེད། ལས་གཞི་དེ་ནི་བརྒྱུད་ལམ་ཐོག་སྨན་བཅོས་བྱེད་ཕྱོགས་ (Tele medicine) དང་ཅུང་མ་འདྲ་བ་ཆཊ་ཡོད་པ་རེད།

དྲི་བ། གློག་ཀླད་ཆེད་སྦྱོང་དང་འཚེམ་བཟོ་སྦྱོང་བརྡར་ལས་གཞིའི་གནས་སྟངས་གང་འདྲ་ཆགས་ཡོད་དམ།

ལན། གློག་ཀླད་སྦྱོང་བརྡར་དེ་གཙོ་བོ་ (Hardware Network) དང་ (Graphic Designer) གཉིས་ཀྱི་ཐོག་གནང་དགོས་པ་ཆགས་ཡོད་ལ། སྦྱོང་བརྡར་དེ་དུས་ཡུན་ལོ་གཅིག་རིང་ཐེངས་གཅིག་མ་གཏོཊ་ཡོད་པ་མ་རེད། དེར་ཉུང་མཐར་འཛིན་རིམ་བཅུ་གཉིས་ཐོན་དགོས་ཀྱི་ཡོད། མཐོ་སློབ་ཐོན་མཁན་དེ་འདྲ་ཡང་འཛུལ་ཞུཊ་བྱེད་མཁན་ཡོང་གི་འདུག ད་ཆར་བྷང་ལོར་དུ་གློག་ཀླད་སྦྱོང་བརྡར་བྱེད་མཁན་མི་ ༤ ཙམ་ཡོད། གློག་ཀླད་སྦྱོར་བརྡར་ལྟ་བུ་ཡིན་ན། ང་ཚོར་བྷང་ལོར་ནེ་ལི་མཱང་གྷར་ས་གནས་རང་དུ་སྦྱོང་བརྡར་བྱེད་སའི་ས་ཆ་དང་ཁང་པ། གློག་ཀླད་བཅས་ཀྱི་མཐུན་རྐྱེན་ཆ་ཚང་ཡོད་པའི་ཐོག རྒྱ་གར་གློག་ཀླད་དགེ་རྒན་ཁག་ཅིག་ཟུར་དུ་སྐད་གཏོང་གི་ཡོད། ལག་འཁྱེར་དེའང་དགེ་རྒན་ཚོའི་ལས་ཁུངས་དང་འབྲེལ་བ་བྱས་ཏེ་ཐབས་ཤེས་གནང་གི་ཡོད། དེ་བཞིན་དུ་ན་གཞོན་སྦྱོར་བརྡར་ཁོངས་སུ་བོད་ནས་གསར་དུ་ཕེབས་མཁན་ཚོར་དམིགས་ཏེ་ངྷ་རམ་ས་ལར་དབྱིན་སྐད་འབྲི་ཀློག་དང་གློག་ཀླད་ཀྱི་གཞི་རྩའི་ཤེས་བྱ་སྐོར་སྦྱོང་བརྡར་ལས་འགུལ་ཞིག་ཀྱང་འགྲོ་བཞིན་པ་རེད། དེ་མིན། འཚེམ་བཟོ་དང་ཤིང་བཟོའི་ལས་གཞི་དེའི་རིགས་བཀའ་ཤག་སྐབས་སྔོན་མ་ནས་ཡོད་བསྡད་པ་རེད་ལ།  ལས་གཞི་དེ་ཐོག་མར་མགོ་འཛུགས་སྐབས་འཚེམ་བཟོ་སྦྱོང་བརྡར་ནང་ཞུགས་མཁན་ཧ་ཅང་མང་པོ་རེད།  སྐབས་དེར་འཚེམ་བཟོ་སྦྱོང་བརྡར་ལས་གཞི་དེ་གཞན་དག་ལས་ཡག་པོ་ཡོད་པ་རེད། ཡིན་ནའང་། ཉེ་བའི་ལོ་ཤས་གོང་ནས་ལས་གཞི་འདིའི་ནང་ཞུཊ་མཁན་ལོ་རེར་མི་གཉིས་གསུམ་ལས་རག་གི་མི་འདུག ལྷག་པར་དུ་འཚེམ་བཟོའི་སྦྱོང་བརྡར་ཆ་ཚང་ཐོན་དགོས་ན་ཉུང་མཐར་ཟླ་བ་ ༡༨ ལྷག་སྡོད་དགོས་སྟབས། ང་ཚོར་མི་ཞུགས་མཁན་མ་རག་པའི་དཀའ་ངལ་འཕྲད་ཀྱི་ཡོད། མ་འོངས་པར་ད་དུང་ལས་གཞི་འདིར་མི་ཞུགས་མཁན་མ་རག་ན་ལས་གཞི་འདི་ཕལ་ཆེར་སྒོ་རྒྱག་དགོས་ཐུག་གི་རེད།

དྲི་བ། ཨེ་ཛི་རལ་གྱི་སོ་ནམ་སྦྱོང་བརྡར་ལས་གཞིའི་གནས་སྟངས་གང་འདྲ་ཆཊ་ཡོད་དམ།

ལན། ཨེ་ཛིལ་རལ་གྱི་སོ་ནམ་ལས་གཞི་དེ་ནི་ན་གཞོན་རོགས་སྐྱོར་དང་འབྲེལ་བ་ཆགས་བསྡད་པ་ཞིག་རེད། ཐོག་མའི་འཆར་གཞི་དེ་སོ་ནམ་གཞིས་ཆཊ་ཁག་བཅུ་གཉིས་ཀྱི་སོ་ནམ་དང་འབྲེལ་བའི་ན་གཞོན་རྣམས་ཕར་གཏོང་རྒྱུའི་ཐོག་ནས་མགོ་བཙུཊ་པ་ཞིག་རེད། ཡིན་ནའང་། ༢༠༠༦ ལོ་ནས་ལས་གཞི་དེར་འགྱུར་བ་བཏང་སྟེ་ཨེ་ཛི་རལ་དུ་མི་འགྲོ་གཞིས་ཆགས་དེ་དག་ཁོ་ན་མིན་པར། ཧི་མ་ཅལ་ཁོངས་ཀྱི་བོད་མི་དང་གཞིས་ཆཊ་ཆུང་ཁག་ནས་ས་མིག་གྲངས་གཉིས་གསུམ་ཞིག་གཏོང་རྒྱུ་བྱུང་བ་རེད། ན་ནིང་ཨེ་ཛི་རལ་དུ་མི་འགྲོ་ ༥༡ བདམས་པའི་ཁྲོད་ངྷ་རམ་ས་ལ་ནས་གསར་འབྱོར་གྲངས་ ༧ འགྲོ་ཐུབ་པ་བྱུང་བ་རེད། སྤྱིར་བཏང་ཨེ་ཛི་རལ་དུ་ཕྱིན་ན་དབྱིན་སྐད་ཟ་འཐུང་ཙམ་ཞིག་མ་ཤེས་ན་ཕར་ཕྱོཊ་ནས་དཀའ་ངལ་འཕྲད་ཀྱི་ཡོད་ཀྱང་། ང་ཚོར་གཙོ་བོ་མི་འགྲོའི་ཡ་རབས་དང་ཕར་བསླེབ་པ་ཡིན་ན་མི་གཞན་ལ་བསྟུན་མཁས་པོ་ཞིག་དགོས་པ་རེད། ཨེ་ཛི་རལ་གྱི་མི་རིགས་དེ་ཧ་ཅང་གྱོང་པོ་ཞིག་ཡིན་སྟབས། མི་བསྟུན་མཁས་པོ་དེ་འདྲ་ཞིག་མེད་ན། ལས་གཞི་འདིས་ཕན་ཐོཊ་རྒྱུའི་ཚབ་ཏུ་གནོད་སྐྱེལ་སྲིད་པའི་ཉེན་ཁ་ཡོད། ད་ལོར་སྐུ་ངོ་མཆོག་དང་ངེད་གཉིས་ཨེ་ཛི་རལ་དུ་ཕྱིན་སྐབས་ཁོང་ཚོའི་ལས་ཀ་བྱེད་སྟངས་དང་སྤྱོད་པ་འཁྱེར་སྟངས་ཧ་ཅང་ཡག་པོ་མཐོང་སོང་། ཁོང་ཚོ་ཕར་ཕྱོཊ་སུ་ཡག་པོ་བྱས་ཏེ་བསྡད་ན། ལས་གཞིར་སྔར་ལས་རྒྱུན་འཁྱོངས་བྱེད་ཐུབ་པ་དང་དུས་ཡུན་ཟླ་ ༡༠ རིང་སོ་ནམ་ཞིང་ལས་ཐད་ཀྱི་ཉམས་མྱོང་ཡག་པོ་གསོག་ཐུབ་པ། ལས་ཀའི་ཞོར་དུ་སོ་སོར་ཡང་ཉུང་མཐར་ཧིན་སྒོར་འབུམ་ ༤ ཙམ་གྱི་ཁེ་བཟང་རག་གི་ཡོད་པ་རེད།

དྲི་བ། ནང་སྲིད་ལས་ཁུངས་ཀྱིས་བོད་མི་ན་གཞོན་ཚོར་སྐྱེད་ཆུང་བུན་གཏོང་གནང་ཕྱོགས་གང་འདྲ་ཡིན་ནམ།

ལན། ང་ཚོས་སྦྱོར་བརྡར་ལས་གཞི་གསར་འཛུགས་གནང་དགོས་པའི་དམིགས་ཡུལ་ནི་གཞིས་ཆགས་ཁག་རང་ཁ་རང་གསོ་དང་ཡུན་གནས་སྲ་བརྟན། ན་གཞོན་ཚོར་ནུས་ཤུགས་སྤེལ་རྒྱུ། གཞན་རྟེན་གྱི་བསམ་བློ་འདོར་ཐབས། ལས་མེད་ཚོར་གོ་སྐབས་བསྐྲུན་རྒྱུ་བཅས་ཀྱི་ཆེད་ཡིན་སྟབས། མི་སུ་འདྲ་ཞིག་ཡིན་རུང་སྐྲ་བཟོ་དང་མཛེས་བཟོའི་སྦྱོང་བརྡར་གྱི་བརྒྱུད་རིམ་ཆ་ཚང་ཐོན་པ་ཡིན་ན། སོ་སོའི་གཞིས་ཆགས་ནང་སྐྲ་བཟོ་ཁང་དང་མཛེས་བཟོ་ཁང་སོཊ་རྒྱག་ཆེད་གཞུང་གིས་སྐྱེད་ཆུང་བུན་གཏོང་སྤྲོད་ཀྱི་ཡོད། བུན་གཏོང་མ་གནང་གོང་དོ་བདག་ལ་བུ་གཏོང་སྤྲོད་རྒྱུའི་ཆ་རྐྱེན་ཚང་ཡོད་མེད་ཐོག་ཞིབ་འཇུག་གནང་གི་རེད། མ་གཞི་གཞུང་ངོས་ནས་སོ་སོ་སྒེར་ངོས་ནས་མ་དངུལ་ཐབས་འཚོལ་གནང་སྟེ་སོ་སོའི་རྐང་པའི་ཐོག་ལངས་ཐུབ་པའི་རེ་བ་རྒྱག་གི་ཡོད་པ་རེད། བུན་གཏོང་ཆ་རྐྱེན་ཚང་ཡང་མ་དངུལ་གྱི་དཀའ་ངལ་ཡོད་མཁན་དག་ལ། ནང་སྲིད་ཀྱིས་བུན་གཏོང་གི་འགྲོ་སྟངས་ལྟར་མི་གཅིག་ལ་འབུམ་ ༡ བུན་གཏོང་གནང་རྒྱུ་དང་། མི་གཉིས་ལ་འབུམ་ ༣། མི་གསུམ་ཡན་ཆད་ལ་འབུམ་ ༥ རེ་བུན་གཏོང་གནང་གི་ཡོད་པ་རེད། ད་ལྟའི་གནས་སྟངས་ལ་བལྟས་ན། སྦྱོར་བརྡར་ཐོན་མཁན་མང་ཆེ་བ་གཞིས་ཆགས་ཁག་ནས་མ་བསྡད་པར་གྲོང་ཁྱེར་ཆེ་ཁག་ཏུ་སྡོད་ཀྱི་ཡོད་འདུག

དྲི་བ། བོད་མི་ན་གཞོན་སྦྱོང་བརྡར་ལས་གཞིའི་གྲུབ་འབྲས་ཐད་ངོས་འཛིན་གང་འདྲ་གནང་གི་ཡོད་དམ།

ལན། ང་ཚོའི་ངོས་ནས་བོད་མི་ན་གཞོན་ཚོར་སྦྱོར་བརྡར་སྤྲད་པ་ཙམ་གྱིས་ཕན་ཐོཊ་ཡོད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། གང་ཡིན་ཟེར་ན་དམག་མི་ཞིག་ལ་ཆ་བཞག་ལ། དམག་རྒྱག་དགོས་བྱུང་ན་དམག་རྒྱག་རྒྱུ་རེད་མ་གཏོཊ་དམག་མི་དེར་དམག་མ་བརྒྱབ་བར་དུ་ཕོཊ་དང་ཞལ་ལག་སྤྲོད་དགོས་ཀྱི་ཡོད་པ་རེད། དཔེ་དེ་བཞིན་དུ་སྦྱོང་བརྡར་སྤྲད་པའི་ཐོག་ཁོང་ཚོ་འགྲོ་ས་ཡག་པོ་ཞིག་རག་ན་དེར་འགྲོ་གི་རེད། དེ་མིན་ཡང་དེར་བརྟེན་ནས་འཚོ་བ་སྐྱེལ་མཁན་ཧ་ཅང་མང་པོ་ཡོད་པ་རེད། ཁོང་ཚོར་ལག་ཤེས་ཡོད་པ་ཙམ་གྱིས་ཁེ་ཕན་ཞིག་རག་བསྡད་ཡོད་པ་རེད། ང་ཚོའི་སྦྱོང་བརྡར་ལས་གཞིའི་ས་མིག་གསལ་བསྒྲཊ་དེ་ལོ་གཅིག་གི་སྔོན་རྩིས་གཏན་འབེབས་ལྟར་འགྲོ་དགོས་ཀྱི་རེད་མ་གཏོཊ། སྤྱི་ཡོངས་ནས་ལས་གཞི་དེར་དོ་སྣང་དང་ཆ་ཤས་ལེན་མཁན་མང་པོ་ཡོང་གི་འདུག དེ་བཞིན། ནང་སྲིད་ཀྱིས་ལས་གཞི་དེའི་མགོ་མཇུག་བར་དུ་ལོ་རེར་ཧིན་སྒོར་འབུམ་ ༥༥ ནས་ ༦༠ ཡས་མས་ཤིག་གཏོང་གི་ཡོད་པ་རེད། ན་གཞོན་སློབ་གྲྭ་ཁུངས་མ་འཁྱོལ་མཁན་རྣམས་ལ་བསྐྱར་དུ་གོ་སྐབས་དམིཊ་བསལ་སྤྲད་དེ་ལག་ཤེས་སློབ་ཀྱི་ཡོད་སྟབས། ལས་གཞིའི་ནང་ཞུགས་མཁན་ཚོས་གོ་སྐབས་དེ་དག་བེད་སྤྱོད་ཡག་པོ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོས་ལས་གཞིའི་དེའི་ཐད་ས་གནས་མགོ་འཛིན་བརྒྱུད་གསལ་བསྒྲཊ་གཏོང་གི་ཡོད་ཀྱང་། ས་གནས་མགོ་འཛིན་རྣམ་པས་འགན་འཁུར་ཕྱོཊ་ཐོག་ཡིན་ན་འདྲ། གང་ལྟར་སྤྱི་ཚོཊ་ནང་ལས་གཞི་དེ་དག་མ་གོ་མ་ཐོས་ཟེར་མཁན་མང་པོ་ཡོང་གི་འདུག དེའི་ཕྱོཊ་ལ་ས་གནས་མགོ་འཛིན་གྱིས་ལན་གཅིག་མིན་པར་ཡང་ཡང་མང་ཚོཊ་ཁྲོད་གོ་ཐུབ་པ་བྱ་རྒྱུ་གལ་ཆེན་རེད། 

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

ཆུ་ཚོད་ ༦ སྔོན་ལ།
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥

མཆན། 2

  1. བློ་སྤེན། says:
    ལོ་ 13 སྔོན།

    དེ་ག་ལ་ཚད་ད་དུང་དྷ་སར་བོད་ཀྱི་བདེ་རྩར་ནང་སྐད་ཡིག་དང་གློག་ཀླད་སྦྱོང་བརྡར་ཟླ་དྲུག་རིང་བྱས་ཡོད་ནའང། ལམ་ལྷོང་བྱུང་ཡོད་པ་མ་རེད་རྒྱུ་མཚན་ནི་ནང་སྲིད་ལས་ཁུངས་ཀྱིས་ཐད་ཀར་འཛིན་སྐྱོང་ཡག་པོ་གནང་མེད་པའི་ཉེར་ལེན་ལ་བརྟེན་ན་བྱུང་བ་རེད། ད་དུང་དྷ་སར་སྣེ་ལེན་ཁང་རྙིང་པའི་ནང་མདུན་ལམ་སློབ་སྟོན་དང་གློག་ཀླད་སློབ་ས་ཤིག་གསར་འཛུགས་བྱས་ཡོད་ཅིང་དེ་ཡང་ལས་བྱེད་མོ་རང་ཆང་རག་དང་ཐག་མག མཚན་འཚོགས་སོགས་དང་ཁ་བྲལ་མི་ཐུབ་མཁན་ཞིག་ཡིན་པས་གཞན་ལ་སློབ་སྟོན་བྱེད་རྒྱུ་ལྟ་ཞོག་རང་ཉིད་མདུན་བརླགས་པ་དེ་འདྲ་ཞིག་ཡིན་བཟོ་འདུག སྔོན་ཆད་གསར་འབྱོར་མང་བའི་སྐབས་གཞུང་ངོས་ནས་འདི་འདྲ་པོ་རོགས་སྐྱོར་ཞིག་གནང་ན་བསམ་གྱི་ཡོད་དེ་གང་ཡང་གནང་ཡོད་པ་མ་རེད་ལ། ད་སྐབས་གསར་འབྱོར་བ་ཉིན་རེ་བཞིན་ཉུང་དུ་འགྲོ་ཡི་ཡོད་དུས་བོད་གཞུང་གཉིད་འདྲ་པོ་སངས་ནས་དེ་འདྲ་ལས་འཆར་མང་པོ་ནང་དགོས་དོན་ག་རེ་ཡིན་ནམ། ད་ཆར་ནང་སྲིད་ལས་ཁུངས་ཀྱི་ལས་འཆར་དེ་འདྲ་པོ་དྷ་སར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྷ་གཙོས་གཞན་ཁག་གཅིག་གིས་སྔོན་མ་ནས་གནང་བཞིན་པ་རེད། ད་དུང་ལྷ་ཚོགས་པ་ནས་ཁ་ཡོད་ལག་ཡོད་ཀྱིས་གཞི་རིམ་མང་ཚོགས་ལ་ཕན་ཐོགས་ཡོད་པའི་སྐད་ཡིག་མི་འདྲ་བ་འགའ་ཤས་དང་གློག་འཛིན་གྲྭ་མཐོ་དམན་དང་ཉིན་གུང་ཁ་ལག་སོགས་མང་པོ་རོགས་རམ་བྱེད་ཀྱི་ཡོད་དུས། ནང་སྲིད་ཀྱི་ལས་ཁུངས་ནས་གསར་འབྱོར་དང་ལས་མེད་ཚོར་ལས་གཞི་འདི་དག་ལས་ལྷག་པ་གང་ཡང་གནང་འཆར་དང་གནང་ཐུབ་ཀྱི་མེད་པ་ཡིན་ནམ། མིའི་ལད་ཟློས་དང་ལས་གཞི་འདི་དག་ཉིས་ལྡབ་ཆགས་སོང་ན་ཕན་ཐོགས་ག་ཚོད་ཙམ་ཡོད་མེད་ཞིབ་འཇུགས་གནང་ཡོད་དམ།

    Reply
  2. ལྷུན་གྲུབ། says:
    ལོ་ 13 སྔོན།

    ནང་སྲིད་ལས་ཁུངས་ཀྱི་ལས་གཞི་འདི་ལ་སྤྱིར་བཏང་བསྔགས་བརྗོད་ཡོད། འོན་ཀྱང་དབུས་ནས་ཐད་ཀར་སྟངས་འཛིན་ཡག་པོ་མ་ཐུབ་པའི་རྐྱེན་གྱིས་ལས་གཞི་མང་པོ་ཞིག་ཁུངས་འཁྱོལ་ལ་མ་འཁྱོལ་བའི་ངོ་བོར་ལྷག་བསྡད་ཡོད་པ་རེད། ལྷག་པར་དུ་བྷེན་ལོར་ཡོད་པའི་སྦྱོང་བརྡར་དེ་མིང་ཙམ་རེད། ཡིན་པ་ཡིན་ནའང་ལས་གཞི་འདི་དག་དང་འབྲེལ་བ་ཡོད་པའི་མི་སྣ་མང་པོ་ཞིག་གིས་ཁེ་བཟང་ཟོས་ནས་བསྡད་ཡོད་པ་རེད། ངས་རེ་བ་ལ་རྡ་རམ་ས་ལའི་དབུས་ནང་སྲིད་ལས་ཁུངས་ཀྱིས་ལས་གཞི་འདི་དག་ལ་དོ་དམ་ཡག་པོ་གནང་སྟེ་ཁ་ཡོད་ལག་ཡོད་ཀྱིས་ལས་མེད་ཚོར་ཕན་ཐོགས་པ་ཞིག་གནང་དགོས་ཀྱི་འདུག་ཟེར་ནས་སྐྱབས་འཇུག་ཞུ་བཞིན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese