མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགའ་ལྡན་ཕོ་བྲང་གི་གསལ་བཤད།

བོད་ཀྱི་དུས་བབ།
༢༠༡༣/༠༤/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་ལྔ་པའི་སྟེང་། བཀའ་བརྒྱུད་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཀྱིས་སྤྱི་འཐུས་སྒེར་གྱི་གསལ་བཤད་ཅིག་དང་སྦྲགས། སྔོན་ཆད་གྲོས་ཚོགས་ནང་དབུ་མའི་ལམ་ལ་སྤྱི་མོས་རྒྱབ་སྐྱོར་གཏན་འབེབས་གནང་ཡོད་པ་དེའི་ཐད། རྒྱུ་མཚན་གསུམ་བགྲངས་ཏེ་ད་ནས་བཟུང་ཁོས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཕྱིར་འཐེན་བྱ་རྒྱུ་ཡིན་སྐོར་དང་། དེ་བཞིན། ༧གོང་ས་མཆོག་གི་བཀའ་རྩོམ་ཁ་ཤས་ལུང་འདྲེན་བྱས་ཏེ། ༧གོང་ས་མཆོག་གི་དགོངས་གཞི་ངོ་མ་ཡང་རང་བཙན་ཡིན་སྐོར་བརྗོད་པ་དེའི་ཐད། དེ་རིང་ཞོགས་པར་དགའ་ལྡན་ཕོ་བྲང་གིས་ཡིག་ཐོག་གི་གསལ་བཤད་གནང་འདུག

གསལ་བཤད་ནང་བཀོད་དོན “ ཉེ་ཆར་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་ལྔ་པའི་ཐོག་བཀུར་འོས་སྤྱི་འཐུས་ཤིག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོས་ལྗགས་རྩོམ་གནང་བའི་བདེན་གསོལ་སྨོན་ཚིག་ནང་ “ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ།” ཞེས་པ་དང་། ལྷ་མོའི་འཕྲིན་བསྐུལ་དུ་ “རང་དབང་དཔལ་ལ་རེ་བཞིན་རྟག་གནས་ན།།” ཞེས་པ་དང་། གནས་ཆུང་འཕྲིན་བསྐུལ་དུ་ “ཆོས་སྲིད་རང་དབང་དགའ་སྟོན་སྒྲུབས་ཤིག་ཀྱེ།།” ཞེས་པ་དང་། དེ་བཞིན་བོད་སྐྱོང་ལྷ་སྲུང་སྤྱིའི་འཕྲིན་བསྐུལ་དུ་ “ཆོས་སྲིད་རང་དབང་གཙང་མའི་སྣང་བའི་དཔལ།།” ཞེས་གསུངས་པ་དེ་དག་གི་བརྗོད་ཚིག་ཏུ་ཡོད་པའི་‘རང་དབང་’ཞེས་པ་‘རང་བཙན་’གྱི་དོན་ལ་གོ་དགོས་པ་དང་།༸གོང་ས་མཆོག་གི་ཐུགས་ཀྱི་བཞེད་དགོངས་ངོ་མ་‘བོད་རང་བཙན་’ཡིན་ཚུལ་འགྲེལ་བརྗོད་གནང་འདུག དེ་ལ་སྐབས་དེར་འབྲེལ་ཡོད་མཛད་གཙོ་རྣམ་པས་གསལ་བཤད་ཀྱང་མཛད་འདུག་ནའང་། གོང་དུ་དྲངས་པའི་ཚིག་བརྗོད་དེ་དག་ལྗགས་རྩོམ་གནང་མཁན་༸གོང་ས་མཆོག་སྐུ་ངོ་མ་ཉེ་འགྲམ་དུ་བཞུགས་བཞིན་དུ་ཁོང་གི་གསུང་གི་ཚིག་དོན་ལ་དངོས་དོན་མིན་པའི་འགྲེལ་བཤད་གནང་བ་དེ་ལ་འདི་གའི་འབྲེལ་ཡོད་ནས་གསལ་བཤད་ཅིག་མ་ཞུས་ན། བློ་གྲོས་ཞན་པ་འགའ་ཞིག་མགོ་བོ་རྨོངས་གཞི་དང་། རྒྱ་རིགས་རྣམས་ལ་དྭོགས་འདྲོགས་བསླང་གཞི། ལྷག་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྣེ་མོ་བ་མཁྲེགས་བཟུང་བྱེད་མཁན་ཚོས་༸གོང་ས་མཆོག་ཞལ་ཞེ་གཉིས་མེད་དང་ཐུགས་བསམ་རྣམ་དག་མིན་པའི་སྐྱོན་བརྗོད་བྱེད་བཞིན་པ་དེ་ཚོའི་ཁུངས་སྐྱེལ་དན་རྟགས་ལྟ་བུར་འགྱུར་རྒྱུ་མ་ཟད། བྱུང་རབས་ཡིག་ཆའང་གསལ་ཁ་མེད་པ་ཆགས་གཞི་བཅས་ལ་བརྟེན། ད་ལམ་བརྒྱུད་ལམ་ཁག་གི་ཐོག་གསལ་བསྒྲགས་འདི་འགྲེམས་སྤེལ་ཞུས་པ་ཡིན།

            ‘རང་དབང་’ཞེས་པའི་ཚིག་དང་‘རང་བཙན་’ཞེས་པའི་ཚིག་གཉིས་དོན་གཅིག་མིང་གི་རྣམ་གྲངས་མ་ཡིན་པར། གོ་དོན་མི་འདྲ་བ་སོ་སོར་ཡོད་པ་ནི་ཡོངས་གྲགས་ཡིན་པས་ཀུན་གྱིས་མཁྱེན་གསལ་དང་།

ཨིན་སྐད་དུ་Freedom ཞེས་པ་དང་ Independence ཞེས་པ་གཉིས་མིང་ཚིག་བེད་སྤྱོད་སྤྱི་དང་། ཁྱད་པར་སྲིད་དོན་དང་འབྲེལ་བའི་སྐབས་གོ་དོན་ཧ་ཅང་མི་འདྲ་བ་ཡོད་པ་བཞིན། བོད་སྐད་དུའང་‘རང་དབང་’དང་‘རང་བཙན་’གཉིས་ལ་གོ་དོན་མི་འདྲ་བ་ཡོད་པ་༸གོང་ས་མཆོག་གིས་གསལ་པོ་དགོངས་པའི་ཐོག་ནས་གོང་དུ་དྲངས་པའི་བཀའ་རྩོམ་དེ་དག་གི་ནང་‘རང་དབང་’ཞེས་པའི་ཚིག་ལས་‘རང་བཙན་’ཞེས་པའི་ཚིག་བེད་སྤྱོད་གནང་མེད། གལ་སྲིད་རང་བཙན་ཐུགས་ཀྱི་བཞེད་དགོངས་ཡིན་ན་ཚིག་ཀྱང་དེ་རང་བེད་སྤྱོད་གནང་རྒྱུར་སྡེབ་སྦྱོར་དང་བརྡ་སྤྲོད་གང་གི་ཆ་ནས་མི་བདེ་བ་གཏན་ནས་མེད།༸གོང་ས་མཆོག་གི་བཞེད་དགོངས་ངོ་མ་གང་ཡིན་ཆེས་གསལ་བ་ཞིག་ནི་༸གོང་ས་མཆོག་གི་བཀའ་རྩོམ་དགའ་གདོང་འཕྲིན་བསྐུལ་དུ་“མཉེས་གཤིན་བྱམས་བརྩེས་འགྲོགས་ཐབས་འཚེ་མེད་ལམ།། མཐའ་གཉིས་སྤངས་པ་གཉིས་སྨན་དབུ་མའི་ལམ།། འཇིགས་རུང་དྲག་མཚོན་མ་མཆིས་ཞི་བདེའི་ཡུལ།། བསྐྲུན་པའི་ཐབས་ཚུལ་འགྲུབ་པའི་མཐུ་དཔུང་སྐྱེད།། ”ཅེས་གསུངས་ཡོད་ཅིང་། འདི་ལས་གསུང་རྩོམ་གཞན་གྱི་དགོངས་དོན་ཡང་དཔོག་ནུས་པ་ལགས་ན། དྲང་བདེན་ལ་ཡིད་ཆེས་ཡོད་པའི་ཕྱི་ནང་མང་ཚོགས་རྣམས་ཀྱིས་གོ་ནོར་མ་ཐེབས་པ་གནང་གལ་ཆེ་བའི་ཡོངས་ཁྱབ་གསལ་བསྒྲགས་སུ། དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ ༢༠༡༣ ཕྱི་ཟླ་ ༤ ཚེས་ ༨ ལ།།།།”  ཞེས་བཀོད་འདུག

 

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 18

  1. བཀྲ་ཤིས་ལྷ་མོ། says:
    ལོ་ 13 སྔོན།

    གྲྭ་ཟུར་གསེར་རྟ་ལགས། ཁྱེད་རང་སེམས་རྣལ་དུ་ཕབ་སྟེ་གཅིག་གཟིགས་དང། དྲི་བ་དེའི་ནང་གསུང་རྩོམ་དེ་ཚོ་ག་དུས་གསུང་པ་རེད་དམ།
    དེའི་མཇུག་ཏུ་དེའི་ནང་དུ་གཟིགས་ཟེར་བ་དེ་གཟུགས་མཐོང་བརྙན་འཕྲིན་དེ་རེད། དེ་ག་དུས་རེད་ཤེས་པར་གྱིས། དེ་ནས་ཀརྨ་ཆོས་འཕེལ་གྱིས་གསུང་པ་དེ་ཚོ་ལ་རྒྱུ་མཚན་ཡོད་མེད་ཤེས་ཐུབ་ཅེས་པ་དེ་རེད།

    Reply
  2. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 13 སྔོན།

    བཀྲ་ཤིས་ལྷ་མོ་ཟེར་བའི་རྣ་བ་དང་། མིག སེམས་བཅས་སུ་སྐྱོན་ཤོར་མེད་ན་ངོ་དེབ་ནས་འདིར་ཁྱོད་ཀྱིས་ཕབ་བཤུས་བྱས་པ་དེ་གསུང་རྩོམ་ཞིག་མ་རེད། དེ་༸གོང་ས་མཆོག་དགུང་ལོ་གཞོན་པའི་སྐབས་ཀྱི་བཀའ་སློབ་ཅིག་རེད། དེ་བཞིན་ཏུ་ཁོང་གིས་བཀའ་སློབ་དེའི་ནང་ལ་༸གོང་ས་༸སྐྱབས་མགོན་ཆེན་པོས་ལྗགས་རྩོམ་གནང་བའི་བདེན་གསོལ་སྨོན་ཚིག་ནང་ “ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ།” ཞེས་པ་དང་། ལྷ་མོའི་འཕྲིན་བསྐུལ་དུ་ “རང་དབང་དཔལ་ལ་རེ་བཞིན་རྟག་གནས་ན།།” ཞེས་པ་དང་། གནས་ཆུང་འཕྲིན་བསྐུལ་དུ་ “ཆོས་སྲིད་རང་དབང་དགའ་སྟོན་སྒྲུབས་ཤིག་ཀྱེ།།” ཞེས་པ་དང་། དེ་བཞིན་བོད་སྐྱོང་ལྷ་སྲུང་སྤྱིའི་འཕྲིན་བསྐུལ་དུ་ “ཆོས་སྲིད་རང་དབང་གཙང་མའི་སྣང་བའི་དཔལ།།” ཞེས་གསུངས་པ་སོགས་དེ་དག་ལ་རང་དབང་མ་རེད། རང་བཙན་ཞུ་དགོས་པ་རེད། ཅེས་གང་དུའང་གསུངས་མི་འདུག སྐབས་བབས་ཀྱི་བརྗོད་གཞི་གཙོ་བོ་དེ་ཁོ་ན་རེད།

    Reply
  3. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 13 སྔོན།

    བཀྲ་ཤིས་ལྷ་མོ་ཟེར་བའི་རྣ་བ་དང་། མིག སེམས་བཅས་སུ་སྐྱོན་ཤོར་མེད་ན་ངོ་དེབ་ནས་འདིར་ཁྱོད་ཀྱིས་ཕབ་བཤུས་བྱས་པ་དེ་གསུང་རྩོམ་ཞིག་མ་རེད། དེ་༸གོང་ས་མཆོག་དགུང་ལོ་གཞོན་པའི་སྐབས་ཀྱི་བཀའ་སློབ་ཅིག་རེད། དེ་བཞིན་ཏུ་ཁོང་གིས་བཀའ་སློབ་དེའི་ནང་ལ་༸གོང་ས་༸སྐྱབས་མགོན་ཆེན་པོས་ལྗགས་རྩོམ་གནང་བའི་བདེན་གསོལ་སྨོན་ཚིག་ནང་ “ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ།” ཞེས་པ་དང་། ལྷ་མོའི་འཕྲིན་བསྐུལ་དུ་ “རང་དབང་དཔལ་ལ་རེ་བཞིན་རྟག་གནས་ན།།” ཞེས་པ་དང་། གནས་ཆུང་འཕྲིན་བསྐུལ་དུ་ “ཆོས་སྲིད་རང་དབང་དགའ་སྟོན་སྒྲུབས་ཤིག་ཀྱེ།།” ཞེས་པ་དང་། དེ་བཞིན་བོད་སྐྱོང་ལྷ་སྲུང་སྤྱིའི་འཕྲིན་བསྐུལ་དུ་ “ཆོས་སྲིད་རང་དབང་གཙང་མའི་སྣང་བའི་དཔལ།།” ཞེས་གསུངས་པ་དེ་དག་ལ་རང་དབང་མ་རེད། རང་བཙན་ཞུ་དགོས་པ་རེད། ཅེས་གང་དུའང་གསུངས་མི་འདུག སྐབས་བབས་ཀྱི་བརྗོད་གཞི་གཙོ་བོ་དེ་ཁོ་ན་རེད།

    Reply
  4. འཁྱམས་པོ་ says:
    ལོ་ 13 སྔོན།

    བོད་པ་རྣམས་ལ་བཀའ་འདྲི་བཞུ་རྒྱུར་ ཁྱེད་རྣམས་ལ་རང་བཙན་ཨེ་དགོས་།

    Reply
  5. འབྲོང་བུ་སོག་ཚ། says:
    ལོ་ 13 སྔོན།

    ད་རིང་དགའ་ལྡན་ཕོ་བྲང་གིས་གསལ་བསྒྲགས་བྱས་པ་དེས། སྤྱི་འཐུས་ཀརྨ་ཆོས་འཕེལ་ཙམ་མིན་པར་བོད་ཀྱི་གཞོན་ནུ་ཚོགས་པ་དང་། བོད་རང་དབང་སློབ་ཕྲུག་ཚོགས་པ། མདོ་སྟོད་ཆུ་བཞི་སྒང་དྲུག་སོགས་རང་བཙན་གླེང་བ་པོ་ཐམས་ཅད་ལ་འགྲམ་ལྕགས་ཡག་ཐག་ཆོད་ཅིག་དང་། མ་འོངས་བོད་ཞེས་པ་དེ་ཁ་ཕྱོགས་ག་འདྲ་ཞིག་ལ་འགྲོ་རྒྱུ་ཡིན་པའང་གསལ་སྟོན་བྱས་ཡོད། ཡིན་ནའང་ཤེས་ཡོན་རྣམ་དཔྱོད་ཀྱི་ཁོག་པ་ཡངས་ཤིང་བོད་མིའི་བདེ་སྡུག་གི་ཕུག་བསམ་ལ་སྙིང་ནས་བརྙགས་པའི་རྒྱ་ཆེའི་བོད་རིགས་ཡོངས་ནས་མ་འོངས་མངོན་གྱུར་ལ་བསམ་བློ་ཞིག་གཏང་རན་པའི་དུས་ལ་སླེབ་ཡོད།

    Reply
  6. བཀྲ་ཤིས་ལྷ་མོ། says:
    ལོ་ 13 སྔོན།

    དགའ་ལྡན་ཕོ་བྲང་གི་སྙན་མཆོག་དང་སྤྱན། ཐུགས་ལ་སྐྱོན་ཕོག་མེད་ན་འདི་ལ་བལྟོས། གསུང་རྩོམ་དེ་ཚོ་ག་དུས་གསུང་པ་རེད།
    གཟིགས་ཁམས་ཡོད་ན་དེའི་ནང་དུ་གཟིགས།
    http://www.facebook.com/photo.php?v=10151131359441460

    Reply
  7. མཉམ་ཞུགས says:
    ལོ་ 13 སྔོན།

    དངོས་ཀརྨ་ཆོས་འཕེལ་ཟེར་བ་དེས་བོད་སྤྱི་ཚོགས་ལ་གནོད་སྐྱེལ་རྒྱུ་ལས་ཕན་ཐོག་པའི་ལས་ཀ་ཞིག་བྱེད་རྒྱུ་མེད་པ་འདྲ།ངས་གསལ་བོ་དྲན་གྱི་མི་འདུག་མོད་ལོ་གཅིག་གཉིས་ཞིག་གི་སྔོན་ལའང་ར་བཟི་ནས་ཕྱི་རྒྱལ་ན་འཚོགས་བཞིན་པའི་ཚོགས་འདུ་ལའང་ཚོགས་ཞུགས་བྱེད་མ་ཐུབ་པར་གནམ་ཐང་ནས་ཞབས་
    འདྲེན་ཞུ་ནས་ཡོང་བ་ཞིག་དྲན་གྱི་འདུག ཁོས་སྤྱི་འཐུས་ཚོགས་འདུའི་ཐོག་དེའི་བསམ་འཆར་བཏོན་པ་ནི་སྤྱིར་དམངས་གཙོ་སྤྱི་ཚོགས་ཞིག་ཡིན་པར་བརྟེན་ཐོབ་ཐང་ཆ་ཚང་ཡོད་པ་བདེན་པ་ཡིན་ནའང་། ཁོ་རང་གི་བསམ་ཚུལ་དེ་སེམས་པ་རྣམ་དག་གི་བསམ་འཆར་ཞིག་ཡིན་མིན་དོགས་པ་ཟ་གི་འདུག ཁོ་རང་གིས་༸གོང་༸ས་མཆོག་གི་དགོངས་གཞི་གང་ཡིན་པ་ཤེས་བཞིན་དུ་རྐང་བཙུགས་ནས་དགོངས་པ་ལོག་འགྲེལ་བྱས་པ་མིན་འགྲོ་བསམ་གྱི་འདུག ད་ཐེངས་དགའ་ལྡན་ཕོ་བྲང་གིས་བསལ་བཤད་གནང་བ་དེ་ནི་དུས་ཐོག་ཆར་བ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། དེ་འདྲའི་ཆར་བ་དེ་མེད་ཚེ་རྣམ་དཔྱོད་ཡངས་པའི་སྤྱི་དམངས་ལ་སྐྱོན་ཅི་ཡང་མེད་ཀྱང་དེ་འདྲའི་ནུས་པ་མེད་པའི་བོད་མི་སྐོར་ཅིག་ཐན་པ་ཕོག་སྲིད་པའི་རྒྱུ་མཚན་གྱིས་ཡིན།

    Reply
  8. བློ་འཕེལ། says:
    ལོ་ 13 སྔོན།

    སྔོན་ཆད་རྒྱ་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་གྱིས་ཏཱ་ལའི་བླ་མ་དང་དེའི་ཕྱོགས་གཏོགས་བཅས་ཀྱི་ནུས་ཤུགས་ཆུང་རུ་དང་མེད་པར་གཏོང་དགོས་ཞེས་བཤད་པ་རེད།
    ད་ལམ་ཀརྨ་ཆོས་འཕེལ་གྲོས་ཚོགས་ནང་སྐད་ཆ་བཤད་སྟངས་དང་། གཞོན་ལྷན་སོགས་ཚོགས་སྒེར་རེ་ཟུང་གིས་བྱེད་སྟངས་ལ་བལྟས་ན་ངོ་ར་ཇེ་འཕྲོད་ནས་ཇེ་འཕྲོད་དང་དོགས་གཞི་ཇེ་ཆེ་ནས་ཇེ་ཆེ་རེད།
    གང་ཡོད་མི་ཤེས་པའི་བོད་པའི་ལག་དམར། རྒྱ་གཞུང་ལས་ཀྱང་ཆེས་གསང་བའི་ལག་དམར་གང་དུ་འདུག ? ལོ་ངོ་བཅུ་ཕྲག་མང་པོའི་རྗེས་སུ་མངོན་གསལ་དུ་འབུད་པའི་དམར།?

    Reply
  9. གནས་ཚང་། says:
    ལོ་ 13 སྔོན།

    དྲ་གྲོགས་ཤིག་གིས་གསུངས་པར་རྒྱབ་བསྐྱོར་ཡོད། ད་ལྟའི་བར་དུ་བོད་མིའི་ཁྲོད་ནས་ལུང་རིགས་བཀོལ་ནས་གོང་ས་མཆོག་ལ་རྩོད་པ་རྒྱག་མྱོང་མཁན་བྱུང་མེད་པས། ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་ཞིག་ཡིན་པའི་ཁར། སྟོན་པ་ཐུགས་རྗེ་ཅན་བསྲེག་བཅད་བརྡར་གསུམ་ལ་མོས་པ་བཞིན་དུ་རྒྱལ་བ་དགྱེས་པའི་མཆོད་སྤྲིན་རེད་ལ། བྲོས་བྱོལ་བ་ཚོར་མང་གཙོའི་གོ་རྟོགས་སྤེལ་སླད་ཡང་རེད།

    Reply
  10. བློ་བཟང་ཕུན་ཚོགས། says:
    ལོ་ 13 སྔོན།

    ཧམ་པ་ཆེ་ཞིང་འགན་མི་འཁུར་བའི་མི་ཞིག་ཡིན་ན་འདི་ལྟར་བཤད་ལ་འདི་ལྟར་བསྒྲུབ།བཙན་བྱོལ་ནང་གི་མི་ཞིག་ཡིན་ན་༧དུས་ཀྱི་སྟོན་པ་གོང་ས་རྒྱལ་བ་རིན་པོ་ཆེའི་དགོངས་གཞི་ཅུང་རྟོགས་དགོས་ཀྱང་།མ་རྟོགས་པར་མ་ཟད་ད་དུང་འདི་འདྲའི་ཧམ་པ་བཤད་ན།༧དུས་ཀྱི་སྟོན་པ་གོང་ས་རྒྱལ་བ་རིན་པོ་ཆེ་ཆེད་དུ་ཡོད་ཚད་ལས་གཏོང་ཐུབ་པའི།གཞིས་ལུས་མི་དམངས་རྣམ་པས་གོ་ན་ཅི་ཞིག་དྲན་གྱི་རེད།རང་ཉིད་ཀྱི་འདོད་པ་བཤད་ན་བཀག་འགོག་མེད་ཀྱང་གཞན་གྱིས་མ་བསམ་པ་ཞིག་དང་མ་བཤད་པ་ཞིག་ལ།བཤད་སོང་དང་བསམས་སོང་ཟེར་ན།དེ་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་གང་ནས་ཀྱང་མི་མཐུན་པར་མ་ཟད།གཞན་དེ་ལ་ཐུབ་ཚོ་བྱས་སོང་བ་རེད།ང་ཚོ་མ་ཐུབ་ན་ཡང་གཞིས་ལུས་མི་དམངས་རྣམ་པའི་སེམས་ཁོང་དུ་ཆུ་འཁྱགས་བླུག་མི་སྙམ་ཀི

    Reply
  11. དུག་མདའ། says:
    ལོ་ 13 སྔོན།

    ཀརྨ་ཆོས་འཕེལ་གྱིས་དགོངས་དག་ཞུ་དགོས་དོན་མི་འདུག གང་ཡིན་ཟེར་ན་བོད་མི་ས་ཡ་དྲུག་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སྔུན་ནས་གོང་ས་སྐུ་ཕྲེང་བཅུ་བཞི་བ་མཆོག་དང་ཐ་སྙད་ཀྱི་རྩོད་པ་དང་། ལུང་འདྲེན་དགག་བཞག་སོགས་བྱེད་ཐུབ་པ་བྱུང་ན། མི་ཕལ་བ་ཞིག་ལ་དེ་ལས་གཟི་བརྗིད་ཆེ་བ་ཞིག་འདུག་གམ།

    Reply
  12. དུག་མདའ། says:
    ལོ་ 13 སྔོན།

    རྒྱ་མིའི་སྒོར་མོ་བཀའ་དྲིན་ཅན་པོ་དེ་གང་ས་གང་ལ་སླེབས་འདུག་ག

    Reply
  13. མི་ཆུང་། says:
    ལོ་ 13 སྔོན།

    གསལ་བཤད་འདིར་ཞེ་གཏིང་ནས་དགའ་བསུ་ཡོད། གང་ལགས་ཞེ་ན། ཀརྨ་ཆོས་འཕེལ་གྱི་སྐད་སྒྲ་དེ། རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་མིག་ངར་ཐོག་གི་ཡོད་ལ། ལྷག་དོན་རྒྱ་ནག་གཞུང་གིས། རྣ་བ་ལྷང་ངེར་ཉན་ཏེ་གནས་ཚུལ་འདི་རིགས། དབུས་བོད་མིའི་གྲོས་ཚོགས་སམ། ཚོགས་སྡེ་གང་ཞིག་ནས་བཤད་རྒྱུར་སྒུག་ནས་ཡོད།

    སྐད་ཆ་འདི་ནི་གོང་ས་མཆོག་སྐུ་སྒེར་གྱི་ཐུགས་གཤིས་དང་འབྲེལ་བ་མ་ཟད། ལྷག་དོན་བོད་ཀྱི་རྩ་དོན་དང་འབྲེལ་བ་ཡོད་པས། གལ་འགངས་ཤིན་ཏུ་ཆེ། ཀརྨ་ཆོས་འཕེལ། ཀརྨ་ཆོས་འཕེལ། ཆབ་སྲིད་པ་དང་ཤེས་ཡོན་ཅན་ཞིག་རེད་ཟེར་་་་་་་་་་་་་།

    Reply
  14. གྲ་ཕྱི་བུ། says:
    ལོ་ 13 སྔོན།

    ཁོ་བོས་ཀྱང་སྙིང་ནས་མ་བཟོད་པར་དོན་འདིར་དམིགས་ཏེ་བསམ་ཚུལ་ཞིག་བོད་ཀྱི་དུས་བབ་ལ་བཏང་བ་ཡིན་མོད། ཚིག་དོན་གང་ཞིག་ལ་སྐྱོན་ཞུགས་པ་འདྲ་སྟེ་བཏོན་མ་སོང་། ད་རེས་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ལན་འདེབས་གནད་སྨིན་ཞིག་གནང་འདུག་པར་རྗེས་སུ་ཡི་རང་ཞུ། མི་འདི་ཚོས་༸རྒྱལ་དབང་མཆོག་སྐུ་ཟིམ་པ་ཁྲུམ་མེར་བཞུགས་བཞིན་དུ་བཀའ་ལ་ལོག་འགྲེལ་བྱེད་ཀྱིན་པ་ལ་ཐར་པར་གཏན་ནས་གཏོང་མི་རུང་། མ་ཟད་༸རྒྱལ་བར་དད་མདོག་གིས་ལག་ཏུ་ཕྲེང་བ་བཟུང་སྟེ་མི་མང་མགོ་བོ་རྨོངས་པར་བྱེད་ཀྱིན་དོན་དངོས་སུ་ལྷ་ཆོས་མི་ཆོས་གཉིས་ལས་བྲལ་བའི་སྐུར་འདེབས་བསམ་གྱིས་མི་ཁྱབ་པ་བྱས་པ་ནི་ངོ་མ་སྙིང་ན་ཨང་་་་་

    Reply
  15. ཤར་ཕྱོགས་ཁུག་རྟ། says:
    ལོ་ 13 སྔོན།

    ཏག་ཏག་བྱུང་འདུག གསལ་བསྒྲགས་འདི་འདྲ་མ་སྤེལ་ན། གནས་དུས་ཚོད་རྩིས་ཀྱིས་ཉིན་ཞིག་མགོར་གཅིན་པའང་མི་གཏོང་བའི་བྱ་སྤྱོད་མི་ཐོན་པ་ག་ལ་སྲིད། ༧གོང་ས་མཆོག་གསེར་ཞལ་ལྷམ་མེར་བཞུགས་ཤིང་མཁྱེན་རླབས་མཆོག་ཏུ་འབར་བའི་འཁྲིས་ནས་ཉི་མ་ཁ་དཀར་ངོ་དཀར་ལ་༧གོང་ས་མཆོག་གི་དགོངས་གཞིར་ལོག་འགྲེལ་དང། ༧གོང་ས་མཆོག་གང་ཉིད་རང་དབང་དང་རང་བཙན་གྱི་གོ་དོན་ཙམ་ལའང་འཁྲུན་ཐག་མ་ཆོད་པར་གནས་པའི་གང་ཟག་ཅིག་ཏུ་ཟུར་ཟ་བྱས་པ། དེ་བཞིན་ལོག་འགྲེལ་མཁན་ཁོ་པ་༧གོང་ས་མཆོག་གི་ཐུགས་ཀློང་ན་བཞུགས་མེད་དམ་སྙམ་པའི་སྐུར་འདེབས་ལོག་ལྟའི་སྒོ་གསུམ་གྱི་བྱ་སྤྱོད་འདི་རིགས་ལ། དུས་ལྟར་དངོས་བདེན་མིན་པའི་གསལ་བསྒྲགས་སྤེལ་བར་སྙིང་ནས་སྤྲོ་ལ། གཙོ་བོ་རང་རེའི་མི་མང་ཚང་མར་གསལ་བསྒྲགས་ཀྱི་དགོངས་དོན་འདི་བཞིན་གཞིས་གྲོང་དགོན་སྡེ་ཁག་གི་ལས་སྣེ་ཚོས་ཏན་ཏན་ཏིག་ཏིག་གིས་གསལ་བཤད་གནང་རྒྱུ་གལ་ཆེན་རེད་འདོད། གཞན་དུ་འཐབ་ཕྱོགས་གཅིག་གྱུར་ནས་ཀྱང་འདི་རིགས་ལག་ཆ་བྱས་ཚེ་བོད་མིའི་སྤྱི་ཚོགས་ནང་ཆེ་མཐོང་མེད་པ་ཤེས་གསལ་ཡང། ད་ལམ་ལག་ཆ་བྱེད་རྒྱུར་རང་བཞིན་གྱིས་ངོ་ཚ་བའི་གནས་སྟངས་ཤིག་ཀྱང་སླེབས་སྲིད་སྟབས། བདེན་པ་རྣམ་པར་རྒྱལ་བ་ནི་མངོན་སུམ་མིག་ལ་ཡང་ཡང་ངེས་ཆུབ་བྱུང།། བོད་རང་དབང་རྒྱལ་ལོ། རྒྱ་ནག་གི་རང་དབང་རྒྱལ་ལོ།།

    Reply
  16. ཚང་མ། says:
    ལོ་ 13 སྔོན།

    བོད་སྐད་ལ་བྱང་ཆ་མེད་སོང་ན་རང་དབང་དང་རང་བཙན་གཉིས་ཐ་སྙད་གཅིག་ཏུ་གོ་བ་ལེན་བཞིན་འདུག་ག
    གད་མོ་ཤོར་ཡ་རང་རེད།
    མི་འདི་འདྲ་ལྐུག་ཞིག་གི་ད་དུང་རང་བཙན་བརྗོད་ཀྱི་ཡོད་པ་རེད།

    Reply
  17. ཀརྨ་དར་རྒྱས། says:
    ལོ་ 13 སྔོན།

    ཀརྨ་ཆོས་འཕེལ་གྱི་བྱ་སྤྱོད་དེར་བློ་ཕམ་ཆེན་པོ་ཡོད། སོ་སོ་སྒེར་ངོས་ནས་ཀྱང་གསལ་བཤད་ཅིག་ཞུ་དགོས་བསམ་བསྡད་ཡོད་ཀྱང་། ད་རེས་སྐུ་སྒེར་ཡིག་ཚང་ནས་གསལ་བཤད་ཕེབས་པ་འདི་དུས་ཐོག་ཆར་བ་རེད། གསལ་བཤད་འདི་ཧ་ཅང་གལ་ཆེན་ནང་གི་དོན་ཆེན་ལ་རྩིས་ཏེ་གནང་འདུག ཁ་བྱང་ལ་(གལ་ཆེའི་གསར་འགོད་གསལ་བསྒྲགས)ཞེས་བཀོད་དེ་སྐུ་སྒེར་དྲ་རྒྱའི་ནང་སྤེལ་འདུག http://www.gyalwarinpoche.com/content/%E0%BD%82%E0%BD%A3%E0%BC%8B%E0%BD%86%E0%BD%BA%E0%BD%A0%E0%BD%B2%E0%BC%8B%E0%BD%82%E0%BD%A6%E0%BD%A2%E0%BC%8B%E0%BD%A0%E0%BD%82%E0%BD%BC%E0%BD%91%E0%BC%8B%E0%BD%82%E0%BD%A6%E0%BD%A3%E0%BC%8B%E0%BD%96%E0%BD%A6%E0%BE%92%E0%BE%B2%E0%BD%82%E0%BD%A6%E0%BC%8D-0 གནས་ཚུལ་འདི་ལ་ཚང་མས་གཟིགས་ཞིབ་ཡག་པོ་གནང་སྟེ་དགོངས་པ་བཞེས་གནང་ཡོང་བ་ཞུ།།

    Reply
  18. གནས་ཚང་། says:
    ལོ་ 13 སྔོན།

    སྲིད་འགན་རྩིས་སྤྲད་ཟིན་པའི་རྗེས་སུ་དེ་ལུགས་ཁ་བསང་དགོས་དོན་འདུག་གམ། ཡང་ཅིག་བཤད་ན། ད་ལྟའི་གསལ་བཤད་འདི་བཞིན་མི་སྒེར་བའི་བྱ་སྤྱོད་ཙམ་ལས་བོད་མི་མང་གི་བྱ་སྤྱོད་དུ་མི་གོ་བའང་སྲིད་འགན་རྩིས་སྤྲོད་ལས་ར་འཕྲོད་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese