མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དཔའ་བོ་དཔའ་མོའི་མཚན་གཞུང་འཁྱེར་ནས་གནས་མཇལ་དུ་བསྐྱོད་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༣/༠༤/༠༩
Share on FacebookShare on TwitterShare on EmailShare on Whatsapp

རིན་པོ་ལགས་ཀྱིས་ཡུ་རོབ་རྒྱལ་ཁབ་ཁག་ནང་རྐང་འཁོར་སྐོར་སྐྱོད་ཀྱིས་བོད་དོན་དྲིལ་བསྒྲགས་རྗེས། བོད་མི་རང་ལུས་མེར་བསྲེགས་གནང་མཁན་དག་གི་མཚན་གཞུང་འཁྱེར་ཏེ་རྒྱ་གར་ནང་གནས་མཇལ་དང་༧གོང་ས་མཆོག་ལ་བསྔོ་རྟེན་འབུལ་རྒྱུ་ཡིན་ཟེར།

ཕྱི་ཟླ་ ༣ ཚེས་ ༡༧ ཉིན་ཨ་རིར་གནས་སྡོད་རིན་པོ་ལགས་ཀྱིས་བྷེལ་ཇམ་རྒྱལ་ས་སྦར་སིལ་ནས་བོད་མི་རང་ལུས་མེར་བསྲེགས་གནང་མཁན་ཚོའི་མཚན་གཞུང་དང་མངོན་འདོད་ཁྱབ་བསྒྲགས་ཀྱི་རྐང་འཁོར་སྐོར་སྐྱོད་མགོ་བཙུགས་ཏེ། ད་ཆར་ཧྥ་རན་སིའི་ནུབ་ཕྱོགས་ཊུལ་ལེ་(Tulle) གྲོས་ཁྱེར་དུ་འབྱོར་ཡོད་ཅིང་། ཉིན་ཤས་རྗེས་སི་པན་(Spain)ནང་འབྱོར་རྒྱུ་ཡིན་འདུག  ད་སྔ་གནད་ཡོད་མི་སྣ་དང་གསར་ཁང་ཁག་ཅིག་ལ་ཐུག་འཕྲད་ཐོག་བོད་མི་རང་ལུས་མེར་བསྲེགས་གནང་མཁན་ཚོའི་མཚན་གཞུང་དང་གནས་ཚུལ་ཞུ་འབུལ་བྱེད་བཞིན་ཡོད་འདུག

རིན་པོ་ལགས་ཐེངས་འདིར་ཡུ་རོབ་རྒྱལ་ས་བྷར་སིལ་ནས་མགོ་འཛུགས་ཀྱིས་ཧྥ་རན་སི་དང་སི་པེན། ཨི་ཊ་ལེ། སུད་སི། ཨོ་སི་ཀྲོ་རི་ཡ། ཅེ་ཀི་སྤྱི་མཐུན་རྒྱལ་ཁབ། འཇར་མན། སུ་ཝེ་ཌན། ནོར་ཝེ། ཌན་མཀ ཧོ་ལན་ཌི། དབྱིན་ཡུལ་བཅས་རྒྱལ་ཁབ་ཁག་ ༡༣ ནང་གི་གྲོང་ཁྱེར་ཆེ་ཞུང་ཁག་ ༢༠༠ ཙམ་གྱི་ནང་བོད་དོན་དྲིལ་བསྒྲགས་ཀྱི་སྐོར་སྐྱོད་གནང་རྒྱུ་ཡིན་འདུག

ད་རིང་ཕྱི་ཚེས་ ༩ ཉིན་གསར་འགོད་པས་ཁ་པར་བརྒྱུད་རིན་པོ་ལགས་སུ་བཅར་འདྲི་ཞུས་པར། ཁོང་གིས་ཐོག་མའི་ཉིན་ ༦ ཙམ་རིང་བྷེལ་ཇམ་ནང་སྐོར་སྐྱོད་བྱས་ཡོད་ཅིང་། སྐབས་དེར་ཡུ་རོབ་མཐུན་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་གི་ཚོགས་གཙོ་ཐཱོ་མཱ་སི་(Thomas Mann) ལགས་གཙོས་ཚོགས་མི་ཁག་ཅིག་དང་ཐུག་འཕྲད་བྱས་ཏེ་ད་ལྟའི་བོད་ནང་གི་གནས་བབ་དང་། ལྷག་པར་དུ་བོད་མི་རང་ལུས་མེར་བསྲེགས་གནང་མཁན་ཚོའི་རེ་བ་དང་མངོན་འདོད་ “བོད་མིར་རང་དབང་དགོས ” ཞེས་པ་དང་ “༧གོང་ས་མཆོག་ཕྱིར་བོད་ལ་ཕེབས་འཇུག་དགོས་” ཞེས་པའི་དོན་ཚན་གཉིས་ཀྱི་ཐོག་རྒྱབ་སྐྱོར་ཡོང་པའི་འབོད་སྐུལ་ཞུས་ཡོད་འདུག

ཁོང་ལ་ཧྥ་རན་སིའི་ནང་བོད་དོན་རྒྱབ་སྐྱོར་གང་འདྲ་ཡོད་མེད་དྲིས་སྐབས། ཧྥ་རན་སིའི་རྒྱལ་ས་དང་ཁོ་རང་བསྐྱོད་སའི་གྲོང་ཁྱེར་ཁག་ཏུ་ཡུལ་མི་ཚོས་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བྱས་ཡོད་པ་སོགས་བོད་དོན་རྒྱབ་སྐྱོར་གྱི་རྣམ་པ་གསལ་བོ་ཡིན་པ་དང་། དེ་བཞིན་ཧྥ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་ཨན་ཌི་རེ་(Andre Gattolin) དང་གཞན་གྲོས་ཚོགས་འོག་མའི་འཐུས་མི་གཉིས་བཅས་ལ་ཐུག་འཕྲད་ཀྱི་གོ་སྐབས་བྱུང་སྟེ། བོད་ནང་གི་ཛ་དྲག་གནས་སྟངས་དང་བོད་མི་རང་ལུས་མེར་བསྲེགས་གནང་མཁན་རྣམ་པའི་མཚན་གཞུང་ཕུལ་སྐབས། ཁོང་ཚོས་བོད་ཀྱི་གནས་སྟངས་སྔ་ས་ནས་ཤེས་རྟོགས་ཡོད་ཚུལ་དང་མ་འོངས་པར་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུའི་ཁས་ལེན་གནང་སོང་ཟེར།    

དེ་བཞིན་མངའ་སྡེ་ཁག་ཅིག་གི་གནད་ཡོད་མི་སྣ་སོགས་ལ་ཐུག་འཕྲད་ཀྱི་བོད་གནས་ངོ་སྤྲོད་གནང་སྐབས་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེན་བསྟན་པ་མ་ཟད། ཡུ་རོབ་མཐུན་ཚོགས་དང་ཁོངས་མི་རྒྱལ་ཁབ་ཁག་ཏུ་འབུལ་རྒྱུའི་ཞུ་ཡིག་སྟེང་མཚན་རྟགས་བརྒྱབ་པ་སོགས་བྱུང་ཡོད་འདུག རིན་པོ་ལགས་ཀྱིས་ཐེངས་འདིའི་རྐང་འཁོར་སྐོར་སྐྱོད་སྐབས་མངའ་སྡེ་ཁག་གི་བློན་ཆེན་དང་གྲོས་ཚོགས་འཐུས་མིར་ཐུག་ཐབས་བྱས་ཏེ་བོད་དོན་རྒྱབ་སྐྱོར་ཐོག་འབོད་སྐུལ་ཞུ་བཞིན་ཡོད་པ་དང་། མང་ཚོགས་དང་གསར་འགོད་པ་ཚོར། བོད་ནང་གི་གནས་སྟངས་དང་རང་ལུས་མེར་བསྲེགས་ཀྱི་རྒྱུ་རྐྱེན་ངོ་སྤྲོད་བྱེད་ཐབས་བྱེད་ཀྱི་ཡོད་འདུག

གསར་འགོད་པས་ཁོང་ལ་ད་སྔ་སྐོར་སྐྱོད་ཟིན་པའི་ས་གནས་ཁག་གི་བོད་མི་ཚོས་མཉམ་རུབ་གནང་སྟངས་གང་འདྲ་ཡོད་མེད་དྲིས་པར་ཁོང་གིས། ཕྱི་རྒྱལ་ཁག་གི་བོད་མི་ཚོར་མཚོན་ན། ནམ་རྒྱུན་གཞུང་དང་གཞུང་འབྲེལ་མིན་པའི་ལས་འགུལ་གང་ཞིག་ཡིན་ཡང་མཉམ་ཞུགས་གནང་མཁན་ཉུང་ཉུང་ཡིན་པ་དང་། ད་རེབ་ཀྱང་ཧྥ་རན་སིའི་རྒྱལ་སར་མཚོན་ན་བོད་མི་ ༣༠༠༠ ཙམ་ཡོད་སྐོར་གོ་ཡང་། ཐེངས་འདིར་ཁོང་ཧྥ་རན་སིའི་རྒྱལ་སར་སླེབས་སྐབས་བོད་མི་ཉི་ཤུ་གསུམ་ཅུ་ཙམ་ལས་མཉམ་ཞུགས་བྱུང་མེད་ཀྱང་། ཁོང་ཅག་ཕྱི་རྒྱལ་དུ་ཡོང་དོན་དངུལ་འཚོལ་དུ་ཡོང་བ་ཡིན་པས་ཐུགས་ཁག་མེད་པ་དང་། ཁོང་ལ་ད་རེབ་ཚོགས་པ་ཁག་གི་མི་སྣ་དང་མི་སྒེར་སོགས་ཀྱིས་རོགས་རམ་ཆེན་པོ་གནང་ཡོད་ཚུལ་བརྗོད་བྱུང་།

རིན་པོ་ལགས་ཀྱིས་བརྗོད་པ་ལྟར་ན། ཐེངས་འདིར་ཁོང་གིས་ཡུ་རོབ་རྒྱལ་ཁབ་ ༡༣ ནང་རྐང་འཁོར་སྐོར་སྐྱོད་བྱས་ཏེ། གནད་ཡོད་མི་སྣ་དང་ས་གནས་མང་ཚོགས་ཀྱི་མཚན་རྟགས་བསྡུ་རུབ་བྱས་མཐར་ཡུ་རོབ་མཐུན་ཚོགས་དང་། དེའི་ཁུངས་མི་རྒྱལ་ཁབ་ཁག རྒྱལ་ཚོགས་བཅས་ལ་འབུལ་རྒྱུ་ཡིན་པ་དང་། དེའི་རྗེས་ཁོང་གིས་རང་ལུས་མེར་བསྲེགས་གནང་མཁན་རྣམ་པའི་མཚན་གཞུང་ཁྱེར་ཏེ་རྒྱ་གར་ནང་གནས་མཇལ་དང་༧གོང་ས་མཆོག་ལ་བསྔོ་རྟེན་འབུལ་རྒྱུའི་འཆར་གཞི་ཡོད་སྐོར་བརྗོད་བྱུང་།

རིན་པོ་ལགས་ཀྱིས་དགོས་འདུན་ཁག་ཅིག་བཏོན་ཡོད་པའི་ནང་། ༡༽ རྒྱ་གཞུང་གིས་བོད་ཐོག་འཛིན་པའི་མཁྲེགས་འཛིན་སྲིད་ཇུས་ལ་བསྐྱར་ཞིབ་ཀྱིས་བོད་མིའི་དངོས་ཡོད་དཀའ་ངལ་རྣམས་གྲོས་མོལ་བརྒྱུད་སེལ་ཐབས་བྱ་དགོས་པ། ༢༽ མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་རྟོག་ཞིབ་མི་སྣ། རང་དབང་ཅན་གྱི་གསར་འགོད་པ་བཅས་བོད་ནང་བསྐྱོད་བཅུག་སྟེ། བོད་མིའི་རང་ལུས་མེར་བསྲེགས་གནས་སྟངས་དང་དེའི་རྒྱུ་རྐྱེན་ལ་རྒྱུས་ལོན་རྟོག་ཞིབ་བྱེད་འཇུག་རྒྱུ་བཅས་ཀྱི་ཐད་རྒྱ་གཞུང་ལ་སྐུལ་འདེད་གནང་དགོས་པ་བཅས་རེད།

རིན་པོ་ལགས་ཨ་རིའི་མེ་ནེ་སོ་ཊར་གནས་སྡོད་བྱེད་ཀྱི་ཡོད་ཅིང་། ཁོང་བོད་མདོ་སྨད་རྔ་བར་སྐྱེས་ཏེ་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་རྗེས་ ༡༩༩༨ ལོར་ཨ་རིར་གནས་སྤོར་བྱས།  ༢༠༠༠ ལོའི་པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་དང་བསྟུན་ཏེ། ཨ་རིའི་མངའ་སྡེ་མེ་ནེ་སོ་ཊ་ནས་མགོ་འཛུགས་ཐོག ད་སྔ་ཨ་རིའི་མངའ་སྡེ་ ༤༤ ནང་མེལ་ལེ་ ༨༤༠༠ ལྷག་ལ་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་ཐེངས་ ༢༤ དང་། ཕྱག་འཚམ་ནས་སྐྱོད་པའི་ལས་འགུལ་ཐེངས་གཉིས། གོམ་བགྲོད་ལས་འགུལ་ཐེངས་གཉིས་བཅས་སྤེལ་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་རྭ་གསར་པའི་ནང་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ཟབ་སྦྱོང་གི་ཚོགས་བཅར་བའི་ཚན་རིག་རྟགས་གསལ་གཏོང་བའི་ཚོགས་མགོན་དུ་ཕེབས། ༢༠༢༥།༡༢།༡༨ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

འཆད་རྩོད་རྩོམ་གསུམ་གྱི་ཐོག་ནས་ཚན་རིག་སྦྱང་དགོས་པའི་བཀའ་སློབ་བསྩལ།

ཆུ་ཚོད་ ༢ སྔོན་ལ།
བོད་ཁྲི་ཀ་རྫོང་ཁོངས་ནས་ཡིན་པའི་བུད་མེད་ཡུལ་སྐོར་སྣེ་ཤན་པ་ཚེ་རིང་མཚོ་ལགས་ལ་ལོ་གཅིག་བཙོན་འཇུག་ཁྲིམས་ཐག་བཅད། འདི་གར་མཁོ་སྤྲོད་བྱས་པའི་པར།
Mobile App

ཚེ་རིང་མཚོ་ལགས་ལ་ལོ་གཅིག་གི་ཁྲིམས་ཐག་བཅད།

ཆུ་ཚོད་ ༣ སྔོན་ལ།
རཀཿར་རིན་པོ་ཆེའི་གསུང་རྩོམ་པོད་བཅུ་བདུན་འགྲེམས་གནང་། ༢༠༢༥།༡༢།༡༨ བོད་ཀྱི་དཔེ་མཛོད་ཁང་ག་ིཔར།
གསར་འགྱུར།

རཀཿར་རིན་པོ་ཆེའི་གསུང་རྩོམ་པོད་བཅུ་བདུན་འགྲེམས་སྤེལ་གནང་།

ཆུ་ཚོད་ ༣ སྔོན་ལ།
Glimpses of the Program’s proceedings; Dignitaries observing Indian & Tibetan National Anthem, Lighting of Lamp, and a group photo of Dignitaries on the Dias with students of the Arya Mahila P.G. College, Varanasi
Mobile App

བོད་དང་གངས་རིན་པོ་ཆེའི་ནང་རང་དབང་ཐོག་འགྲོ་སྐྱོད་ཆོག་པའི་མཚན་རྟགས་བསྡུ་རུབ་བྱེད་བཞིན་འདུག

ཆུ་ཚོད་ ༤ སྔོན་ལ།
Activists call for a boycott of the 2022 Beijing Winter Olympics due to concerns over China's human rights record, in front of the Chinese Consulate in Los Angeles, California, Nov. 3, 2021. Representative Image
གསར་འགྱུར།

ཨ་རིའི་སློབ་ཆེན་ཁག་ཏུ་བོད་ཡིག་སློབ་ཚན་འཇུག་དགོས་པའི་འབོད་སྐུལ་ཞུས་འདུག

ཆུ་ཚོད་ ༤ སྔོན་ལ།
Police lead Hong Kong pro-democracy media mogul Jimmy Lai (C), 72, away from his home after he was arrested under the new national security law in Hong kong on August 10, 2020. Photo by by VERNON YUEN/AFP via Getty Images.
གསར་འགྱུར།

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་མྱུར་ཏུ་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་གནང་།

༢༠༢༥/༡༢/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese