མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པའི་ཚོང་རྫས།

བོད་ཀྱི་དུས་བབ།
༢༠༡༣/༠༤/༡༠
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༥༨༧ སྟེང་གི་རྩོམ་སྒྲིག་པའི་གཏམ།

དབུ་མའི་ལམ་དང་རང་བཙན་ཟེར་བ་འདི་དེང་སྐབས་བོད་དོན་འཐབ་རྩོད་ཀྱི་ར་བ་ལས་བརྒལ་ཏེ་ཚོང་རྫས་དང་རྒྱུགས་ཤོག་ཅིག་གི་ངོ་བོར་འགྲོ་བཞིན་འདུག ཡར་བླ་མ་དང་དཔོན་པོ། མཁས་དབང་དང་ཕྱུགས་བདག་ཆགས་པའི་ལམ་ཁ་ཞིག་དང་། མར་ཐ་ཤལ་ནས་ཉེས་ཅན། རྒྱ་ནག་གི་སོ་པ་སོགས་སུ་བརྫང་བའི་གསང་ལམ་ཞིག་ཏུ་འགྱུར་འདུག དབུ་མ་དང་རང་བཙན་གཉིས་ཀྱི་རྩོད་གཞི་འདི་ལ་བརྟེན་ཏེ་ཡར་མཐོ་རིས་ཀྱི་གོ་འཕང་ཐོབ་ནས་སངས་རྒྱས་པའི་གོ་སྐབས་དང་། མར་དམྱལ་བ་ནས་མནར་མེད་འཁྱམས་ནས་ཚ་དམྱལ་གྲང་དམྱལ་བཅོ་བརྒྱད་དུ་ཟེགས་པའི་ཉེན་ཁ་ཡང་འདུག

        ༸གོང་ས་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གི་འགན་དབང་ཡོངས་རྫོགས་མི་མང་གིས་བདམས་པའི་དབུ་ཁྲིད་ཚོར་བགོ་བཤའ་བརྒྱབ་ཚར་བ་རེད། ཆབ་སྲིད་པ་དང་ལས་འགུལ་བ་རེ་ཟུང་གིས་ད་ལྟ་ད་དུང་ཨུ་ཚུགས་ཀྱིས་༧གོང་ས་མཆོག་ལ་འགན་བཀལ་ནས་དབང་སྐུར་གྱིན་འདུག འདི་ཐོབ་ཐང་མ་ཡིན་པའི་ཐོབ་ཐང་གཞན་ཞིག་གི་འཐབ་རྩོད་བྱེད་སྟངས་གསར་ཤོས་དེ་རེད། སྔོན་མ་༧གོང་ས་མཆོག་ལྗིད་ཅིག་གེར་འོད་ཆེམ་མེར་ཆོས་སྲིད་ཀྱི་ཁྲི་འཕང་མཐོན་པོར་བཞུགས་སྐབས། ༧གོང་ས་མཆོག་གིས་ངལ་གསོ་རྒྱག་དགོས་སྐོར་དང་། ཆོས་དང་ཆབ་སྲིད་མཉམ་འཁྱེར་མི་འོས་རབས། ཁོང་སྐུ་མ་འདས་བར་བོད་པར་དམངས་གཙོ་ཡང་དག་པའི་ལམ་ཁ་ཞིག་ཡེ་ནས་ཡོང་ཐབས་མེད་སྐོར་བརྗོད་ཡོད།

        ཉེ་ལམ་སྤྱི་འཐུས་གྲོས་ཚོགས་ནང་མི་སྒེར་གྱི་ལྟ་བའི་རྒྱབ་སྣོན་ལ་༧གོང་ས་མཆོག་གི་བཀའ་རྩོམ་ལུང་འདྲེན་བྱས་ཏེ་སྐབས་བཅུ་བཞི་བའི་སྤྱི་འཐུས་གྲོས་ཚོགས་ནང་ཕམ་ཉེས་ཕྱིན་ཚར་བ་ཞིག་བསྐྱར་དུ་གླེང་། ༸གོང་ས་མཆོག་གིས་རང་དབང་གསུངས་པ་དེ་དོན་ལ་རང་བཙན་ཡིན་ཚུལ་ནན་གྱིས་བསྒྲུབ། དེ་ལ་དགའ་ལྡན་ཕོ་བྲང་གིས་ “༸གོང་ས་མཆོག་སྐུ་ངོ་མ་ཉེ་འགྲམ་དུ་བཞུགས་བཞིན་དུ་ཁོང་གི་གསུང་གི་ཚིག་དོན་ལ་དངོས་དོན་མིན་པའི་འགྲེལ་བཤད་གནང་བ་དེ་ལ་འདི་གའི་འབྲེལ་ཡོད་ནས་གསལ་བཤད་ཅིག་མ་ཞུས་ན། བློ་གྲོས་ཞན་པ་འགའ་ཞིག་མགོ་བོ་རྨོངས་གཞི་དང་། རྒྱ་རིགས་རྣམས་ལ་དྭོགས་འདྲོགས་བསླང་གཞི།”ཞེས་རྒྱལ་བའི་དགོངས་པ་འགྲེལ་སྟངས་ནོར་ཡོད་པ་གསལ་བཤད་བྱས། 

        མ་གཞི་བོད་སྤྱི་བའི་ལས་དོན་ཐོག་སྒེར་སོ་སོར་ཡང་དག་པའི་ལྟ་བ་ཞིག་དང་། བརྟན་བརླིང་གི་བཞེངས་ཕྱོགས་ཤིག་ཡོད་ན་ནི། མི་སྒེར་ལ་སྒལ་ཚིགས་ཡོད་པའི་ཟིལ་ཤུགས་ངོམ་ཆོག་པ་ཞིག་དང་། སྤྱི་ཚོགས་དང་མི་རིགས་ཀྱིས་ཀྱང་རྒྱན་དུ་འཕྱར་ཆོག་པ་ཞིག་རེད། ལངས་ཕྱོགས་དེའི་རྒྱབ་དཔུང་ལ་ལུང་དང་རིགས་པ་གཞན་ནས་འཚོལ་དགོས་དོན་མེད་ལ། ལྷག་པར་དུ་༧གོང་ས་མཆོག་གིས་ཞལ་གསལ་བོར་གསུངས་ཡོད་པ་ཞིག་ཀྱོག་ཀྱོག་གུག་གུག་བཟོས་ཏེ། བོད་སྐད་ནང་གི་གསུང་ཚིག་ཅིག་ལ་དབྱིན་སྐད་ནང་ནས་འགྲེལ་བཤད་བཙལ་ནས་རང་གི་མངོན་འདོད་བསྒྲུབ་ཐབས་བྱེད་པ་ནི་དེ་བས་ཀྱང་གླེན་ནོ།།

        སྔོན་ཆད་སངས་རྒྱས་ཀྱི་བཀའ་དང་དགོངས་པ་འགྲེལ་སྟངས་མ་འདྲ་བའི་དབང་གིས་དབུ་མ་དང་སེམས་ཙམ་པ། བྱེ་བྲག་པ་དང་མདོ་སྡེ་བ་སོཊ་གྲུབ་མཐའ་སྣ་ཚོཊ་དར་ཡོད། དེ་ནི་སྟོན་པ་སངས་རྒྱས་ཞལ་མ་བཞུགས་པའི་རྗེས་སུ་རྒྱན་དྲུག་མཆོག་གཉིས་ནས་བརྒྱུད་པའི་སངས་རྒྱས་ཆོས་ལུགས་ལྟ་གྲུབ་ཀྱི་ངོ་བོར་འཕེལ་སྟངས་ཤིག་ཡིན། ༸གོང་ས་ཏཱ་ལའི་བླ་སྐུ་འཚོ་བཞུཊ་རིང་ཆོས་ཀྱི་དགོངས་པ་ཆབ་སྲིད་དུ་བསྲེས་ཤིང་། སྲིད་ཀྱི་ཚིག་དོན་ཆོས་ལུགས་ནས་འཚོལ་གྱིན་པ་འདིས། ༧གོང་ས་མཆོག་དགོངས་པ་གཞན་དོན་དུ་གཤེགས་པའི་ཉིན་དེར། ཉན་ཐོས་སྡེ་བ་བཅོ་བརྒྱད་ཀྱི་ནང་འཛིང་ལས་ཀྱང་སྐྱི་གཡའ་བ་ཞིག་ལ་སྟ་གོན་བྱས་ཡོད་པ་བསྟན་ཡོད།

འབྲེལ་ཡོད་གསར་འགྱུར།

པར་རྩོམ་པ་པོས་མཁོ་སྤྲོད་བྱས།
Mobile App

བོད་ཀྱི་བདུན་ཕྲག་སྲུང་བརྩི་དང་དཔེ་སྟོན་སློབ་གྲྭ་དབུ་བརྙེས་པའི་དུས་དྲན་ལས་འཕྲོས་པའི་གཏམ་ཐོར་བུ།

ཆུ་ཚོད་ ༢ སྔོན་ལ།
ཧྭང་ཆི་ཧྥན།(གཡོན།) ལི་ཀྲན་ཧྲའོ།(དཀྱིལ།) ལི་ཀྲན་ཧྲའོ་ཡི་བུ་མོ་ལི་ཆིན་ཤེན།(གཡས།)
Mobile App

རྒྱ་ནག་ཁྲུང་ཆིན་གྲོང་ཁྱེར་གྱི་སྤྱི་ཁྱབ་ཟུར་བ་ཧྭང་ཆི་ཧྥན་ལ་ཞིབ་བཤེར་བྱེད་ཀྱི་འདུག

ཆུ་ཚོད་ ༢༡ སྔོན་ལ།
Mobile App

ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་བཀའ་དྲུང་གི་ལས་ཁུར་དབུ་འཛུགས་ཞུས།

ཆུ་ཚོད་ ༢༢ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་དཔལ་འབྱོར་རིག་པའི་གཟེངས་རྟགས་ཐོབ་མཁན་གཉིས།

༢༠༢༦/༡༠/༡༣
Mobile App

རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཀྲང་ཡེ་ཡི་ནང་མིར་འཇིགས་སྐུལ་བྱས།

༢༠༢༦/༡༠/༡༣
བལ་ཡོད་ས་མཚམས་ཙུམ་ནུབ་རི་སྒའུ་པ་ལི་རུ་ཆུ་ལོག་བྱུང་བ།
Mobile App

བལ་བོད་མཐའ་མཚམས་བཙུམ་ནུབ་རི་སྒའུ་པཱ་ལི་རུ་ཆུ་ལོག་བྱུང་བ།

༢༠༢༦/༡༠/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese