མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཀླུ་ཆུར་མགོ་ཁྲིད་གཉིས་གནས་དབྱུང་།

བོད་ཀྱི་དུས་བབ།
༢༠༡༣/༠༤/༡༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་རང་ལུས་མེར་བསྲེཊ་ཀྱི་གནས་ཚུལ་རྐྱེན་བྱས་ཏེ། བོད་མདོ་སྨད་ཀན་ལྷོ་ཀླུ་ཆུ་རྫོང་ཤིས་ཚང་ཞང་གི་མགོ་ཁྲིད་གཉིས་གནས་དབྱུང་བཏང་འདུག  

འདི་ལོའི་ཕྱི་ཟླ་ ༢ པའི་ཚེས་ ༢༥ ཉིན་བོད་མདོ་སྨད་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་ཤིས་ཚང་དགོན་པའི་ཚོགས་ཆེན་འདུ་ཁང་གི་སྒོ་ཆེན་མདུན་དུ། ཤིས་ཚང་ཆོས་འཁོར་སྡེ་བའི་རང་ལོ་ ༢༧ ཡིན་པའི་རྒྱལ་གཅེས་དཔའ་བོ་ཚེ་གཟུངས་སྐྱབས་ལགས་ཀྱིས། རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་བསྒྱུར་སྲིད་ཇུས་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་པ་ལྟར།  གནས་ཚུལ་དེ་བྱུང་བའི་རྗེས་སུ་ཀན་ལྷོ་ཁུལ་དང་ཀླུ་ཆུ་རྫོང་བཅས་ཀྱི་འབྲེལ་ཡོད་མི་སྣས་ས་གནས་ཀྱི་མགོ་ཁྲིད་དང་ལས་བྱེད་ཚོས་ལས་དོན་ཡག་པོ་བསྒྲུབ་ཐུབ་མེད་པའི་སྐྱོན་བརྗོད་དང་། ཛ་དྲག་གི་ཚོགས་འདུ་སྐོང་བ་དང་ཞིབ་བཤེར་བྱས་རྗེས་ཤང་གི་མགོ་ཁྲིད་རིན་དགའ་དང་དྲུང་ཆེ་རྒྱ་རིགས་བུ་མེད་ཀྲང་ཡོན་ཞཱ་གཉིས་གནས་དབྱུང་བཏང་ཡོད་པ་མ་ཟད། མགོ་ཁྲིད་གཅིག་གི་ཚབ་དུ་ས་གནས་ཀྱི་མགོ་ཁྲིད་མགོན་པོ་རྣམ་རྒྱལ་ཞུ་བའི་བུ་མགོན་པོ་ཚེ་རིང་ཞུ་བ་བསྐོ་བཞག་བྱས་འདུག

འདིའི་ཐད་བོད་ནས་འབྲེལ་ཡོད་མི་སྣ་ཞིག་གིས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ལ། ཐེངས་འདིར་རྒྱ་གཞུང་གིས་གསར་དུ་བསྐོ་བཞག་བྱས་པའི་ས་གནས་མགོ་ཁྲིད་མགོན་པོ་ཚེ་རིང་ཞུ་བས། ༢༠༠༨ ལོའི་ས་གནས་ཀྱི་ཞི་རྒོལ་སྐབས་བོད་མི་ལས་འགུལ་བའི་ཐོག་མི་འདོད་པའི་རྣམ་འགྱུར་བསྟན་ཡོད་སྟབས། ས་གནས་བོད་མི་རྣམས་ཀྱིས་ཁོང་ལ་དགའ་བོ་དེ་ཙམ་བྱེད་ཀྱི་མེད་ཚུལ་བརྗོད་ཡོད་འདུག 

གསར་འགོད་པ། དོན་གོ

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist