མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདི་ན་བོད་དོན་འཐབ་རྩོད་ཀྱི་རྣམ་པ་གསར་པ་ཞིག་འདུག

བོད་ཀྱི་དུས་བབ།
༢༠༡༣/༠༤/༡༡
Share on FacebookShare on TwitterShare on EmailShare on Whatsapp

བོད་རིགས་གཞོན་སྐྱེས་སྒྱུ་རྩལ་པ་རྟ་འགྲིན་ལགས་ཀྱིས་ངྷ་སར་ཆབ་སྲིད་དང་འབྲེལ་བའི་སྒྱུ་རྩལ་རི་མོ་དང་ཁབ་གཙགས་རི་མོ་འགྲེམས་སྟོན་ཞིག་བྱས་པར། སྤྱི་འཐུས་ཚོགས་གཙོ་མཆོག་གཙོས་སྐུ་མགྲོན་རྣམ་པའི་བསྔགས་བརྗོད་གནང་།

ཁ་སང་ཕྱི་ཚེས་ ༡༠ ཉིན་གྱི་ཕྱི་དྲོ་མེག་གྷན་ཉིན་སློབ་ཚོགས་ཁང་དུ་སྒྱུ་རྩལ་པ་རྟ་འགྲིན་ཚེ་བརྟན་ལགས་ཀྱིས། སྒྱུ་རྩལ་གྱི་ལམ་ནས་བོད་དོན་འཐབ་རྩོད་ཅེས་པའི་འགྲེམས་སྟོན་ཞིག་བྱས་ཡོད་ཅིང་། འགྲེམས་སྟོན་གྱི་སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་ཆབ་སྲིད་བཙོན་ཟུར་དཔལ་ལྡན་རྒྱ་མཚོ་ལགས། འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ། བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་བློ་བཟང་སྨོན་ལམ་ལགས་བཅས་ཕེབས་ཏེ། སོ་སོའི་དགོངས་ཚུལ་གསུངས་ཡོད།

ཐེངས་འདིའི་རྟ་འགྲིན་སྒྱུ་རྩལ་འགྲེམས་སྟོན་དུ་ “དབྱངས་ལ་གྱེར་བའི་བོད་དོན་”  ཞེས་པ་དང་ “ཁབ་གཙགས་རི་མོས་བོད་དོན་གླེང་བ་”།   “སྟོད་གོས་སྟེང་གི་བོད་ཀྱི་མངོན་འདོད་” བཅས་སྡེ་ཚན་གསུམ་དུ་ཕྱེས་ཏེ། དབྱངས་ལ་གྱེར་པའི་བོད་དོན་ཞེས་པར་རྟ་འགྲིན་ཚེ་བརྟན་ལགས་ཀྱིས་བཏོན་པའི་གླུ་གཞས་འོད་སྡེར་དང་། ཁབ་གཙགས་རི་མོས་བོད་དོན་གླེང་བ་ཞེས་པ་དེར་ཁོང་གིས་མི་གཞན་གྱི་ལུས་སྟེང་དུ་བོད་དོན་དང་འབྲེལ་བའི་རི་མོ་དང་ཡི་གེ་རིགས་ཁབ་གཙགས་བརྒྱབ་པའི་རིགས། སྟོད་གོས་སྟེང་གི་བོད་ཀྱི་མངོན་འདོད་ཅེས་པའི་འགྲེམས་སྟོན་ཚན་པ་དེ་སྟོད་གོས་འདྲ་མིན་སྟེང་བོད་མིའི་མངོན་འདོད་རང་བཞིན་གྱི་རི་མོ་དང་འབོད་ཚིག་སྣ་ཚོགས་ཇུས་འགོད་བྱས་ཡོད་པ་སོགས་ཕྱོགས་བསྡུས་འགྲེམས་སྟོན་བྱས་འདུག

འགྲེམས་སྟོན་མཛད་སྒོའི་སྟེང་སྒྱུ་རྩལ་པ་རྟ་འགྲིན་ཚེ་བརྟན་ལགས་ཀྱིས་ངོ་སྤྲོད་གནང་སྐབས། བོད་མི་རེ་རེར་བོད་ཀྱི་འཐབ་རྩོད་ཐད་འགན་རེ་ཡོད་སྟབས་རང་ཉིད་ཀྱི་འཇོན་ནུས་ལ་དཔག་ཏེ། སོ་སོའི་ལས་རིགས་ཀྱི་ཐད་ནས་བོད་ཀྱི་རྩ་དོན་ལ་འགན་ཁུར་པའི་ལས་འགུལ་ཞིག་དང་། འགྲེམས་སྟོན་ལས་འགུལ་འདི་བརྒྱུད་བོད་རིགས་གཞོན་སྐྱེས་ཚོར་སོ་སོའི་རྣམ་དཔྱད་ཀྱི་ངོ་བོ་འདྲ་མིན་སྟེང་ནས་བོད་དོན་འཐབ་རྩོད་བྱ་རྒྱུར་སྐུལ་འདེད་ཡོང་ཆེད་ཡིན་སྐོར་དང་། ཁོང་ལ་སྒྱུ་རྩལ་གྱི་ལམ་ཁ་འདི་ནས་བོད་དོན་འཐབ་རྩོད་བྱེད་པའི་བློ་སྐྱེད་དེ་ནི། སྔོན་ཆད་ཕྱི་རྒྱལ་ཁག་ཅིག་ཏུ་སྐྱོད་སྐབས་མི་རིགས་གཞན་པ་དེ་ཚོ་བོད་པ་མིན་ན་ཡིན་མདོག་མདོག་གིས། བོད་ཀྱི་རིག་གཞུང་དང་རི་མོ། ལྷག་པར་དུ་ཁབ་གཙགས་རི་མོ་འབྲི་མཁན་མང་པོ་ཡོད་ཅིང་། ཁོ་ཚོས་བོད་ཡིག་ནོར་པ་དང་རི་མོ་ཆ་མ་ཚང་པ། བེད་སྤྱོད་ལོག་པར་གཏོང་པའི་རིགས་མཐོང་སྐབས། བོད་མི་ཞིག་གི་ངོ་ནས་འབད་བརྩོན་བྱས་ཏེ་བོད་རང་ཉིད་ཀྱི་སྒྱུ་རྩལ་རི་མོ་སོགས་བོད་པ་རང་ཉིད་ཀྱིས་འཛམ་གླིང་ནང་གདེང་འཇོག་ཡོང་པ་ཞིག་བཟོ་ཐུབ་ན་བསམ་པའི་ཐོག་ནས་ལམ་ཁ་འདིར་ཞུགས་ཡོད་སྐོར་བརྗོད་སོང་།

ཡང་ཁོང་གིས་རི་མོ་ཙམ་མིན་པར་ ༢༠༡༢ ལོ་ནས་རང་ལུས་མེར་བསྲེགས་དང་འབྲེལ་བའི་གླུ་གཞས་བཏང་སྟེ། བོད་དོན་ཁྱབ་བསྒྲགས་གང་ཐུབ་བྱེད་ཀྱི་ཡོད་སྐོར་དང་། མཐར་བོད་རིགས་གཞོན་སྐྱེས་ཚོས་སོ་སོའི་དགའ་ཕྱོགས་དང་འབྲེལ་བའི་སྒྱུ་རྩལ་ལས་རིགས་ཀྱི་ངོ་བོ་འདྲ་མིན་བརྒྱུད་བོད་དོན་ཁྱབ་བསྒྲགས་དང་། འཛམ་གླིང་ལ་ངོ་སྤྲོད་གནང་དགོས་པའི་རེ་འདུན་བཏོན་སོང་།

དེའི་རྗེས་སུད་སི་ནས་ཆེད་དུ་ཕེབས་པའི་བློ་ནམ་ལགས་ཀྱི་རྒྱབ་ཏུ་འདས་པའི་ཉིན་བཞིའི་རིང་བོད་ཕྱི་ནང་གཉིས་སུ་རང་ལུས་མེར་བསྲེགས་གནང་མཁན་དཔའ་བོ་དཔའ་མོ་ ༡༡༧ ཙམ་གྱི་མཚན་དང་ཚེས་གྲངས་ཁབ་གཙགས་ཡོངས་སུ་གྲུབ་སྟེ། བློ་ནམ་ལགས་ཀྱིས་རང་གི་ལུས་སྟེང་ལ་རང་ལུས་མེར་བསྲེགས་གནང་མཁན་ཚོའི་མཚན་དང་ཚེས་གྲངས་ཁབ་གཙགས་བརྒྱབ་པ་འདི། བོད་ནང་གི་ཛ་དྲག་གནས་བབ་འདིར་རང་ཉིད་ཀྱིས་གདུང་སེམས་མཉམ་སྐྱེད་མཚོན་ཕྱིར་དང་། རང་ཉིད་ཀྱི་ལུས་སྟེང་ལ་ཁབ་གཙགས་རེ་རེ་བྱེད་སྐབས་ན་ཚ་ག་ཚོད་ཡོད་པ་དེས་ཁོང་རྣམ་པའི་ལུས་ཡོངས་མེ་རུ་བསྒྲོན་པའི་ན་ཟུག་དྲན་གསོ་ཐེབས་པར་བྱེད་ཆེད་ཡིན་སྐོར་བརྗོད་བྱུང་།

སྤྱི་འཐུས་ཚོགས་གཙོ་མཆོག་གིས་རྟ་འགྲིན་ཚེ་བརྟན་གྱིས་མི་གཞན་སུ་ལའང་བསྟུན་མི་དགོས་པར་སོ་སོའི་ངོས་ནས་རིག་པ་དང་རྣམ་དཔྱོད་སྤྱད་དེ། རི་མོ་དང་གླུ་གཞས། ཁབ་གཙགས་བརྒྱུད་བོད་དོན་ཁྱབ་བསྒྲགས་བྱེད་བཞིན་པར་བསྔགས་བརྗོད་དང་། བོད་ཀྱི་གནད་དོན་ངོ་སྤྲོད་ཁྱབ་སྤེལ་ནི་ཚོགས་འདུ་གཏམ་བཤད་ཙམ་མ་ཡིན་པར་ངོ་བོ་འདྲ་མིན་ཐོག་ནས་ཤུགས་རྒྱག་དགོས་པ་ཞིག་ཡིན་སྐོར་གསུངས་སོང་ལ། ཆབ་སྲིད་བཙོན་ཟུར་དཔལ་ལྡན་རྒྱ་མཚོ་ལགས་ཀྱིས་ཁ་གཏད་སྟོབས་ཆེན་ཡིན་ཡང་བོད་མི་ཚང་མས་སེམས་ཤུགས་མ་ཆག་པར་འཐབ་རྩོད་ལ་ཤུགས་རྒྱག་དགོས་པ་དང་། པར་རིས་འགྲེམས་སྟོན་རིགས་ནི་མི་རིགས་ཀྱི་འཐབ་རྩོད་ཁྲོད་ནུས་པ་ཆེན་པོ་ཡོད་སྐོར། བོད་མི་སྒེར་རེ་རེ་ཡིས་འདི་ལྟར་བོད་དོན་འཐབ་རྩོད་ལ་འགན་ཁུར་པ་ཡིན་ན་ཁོང་ཚོ་རྒན་པ་རྣམས་འཆི་ཡང་བོད་ཀྱི་འཐབ་རྩོད་མི་རབས་གསར་པ་དག་གིས་མུ་མཐུད་གནང་གི་ཡོད་པའི་བློ་བདེ་ངེས་ཡིན་པར་བརྗོད་སོང་།

དེ་བཞིན། འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས། དེང་སྐབས་མི་མང་པོ་ཞིག་སྙན་ཐོ་དང་གཏམ་བཤད་རིགས་ཀློག་ཉན་བྱ་རྒྱུར་ཉོབ་སྣང་ཡོད་སྟབས། སྒྱུ་རྩལ་རི་མོ་དང་དེང་སྐབས་དར་སྲོལ་ཆེ་བའི་ཁབ་གཙགས་རི་མོ་སོགས་བརྒྱུད་བོད་ཀྱི་གནས་ཚུལ་ཐོན་ཡོང་སྐབས་དེར་དོ་སྣང་དང་ཤེས་འདོད་བྱ་མཁན་མང་པོ་ཡོང་ངེས་ཡིན་པས། ལས་འགུལ་འདི་ནི་བོད་དོན་འཐབ་རྩོད་ཐད་ཕན་ནུས་ཆེན་པོ་ཡོད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ལྷག་པར་དུ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐབས་སུ་བོད་མི་རེ་རེ་ནས། རྟ་འགྲིན་ཚེ་བརྟན་ལྟར་སྒེར་ངོས་ནས་བོད་དོན་དང་འབྲེལ་བའི་ལས་འགུལ་རེ་བརྩམས་པ་ཡིན་ན་ཁྱབ་པར་ཆེན་པོ་བཟོ་ཐུབ་སྐོར་བརྗོད་སོང་། བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་བློ་བཟང་སྨོན་ལམ་ལགས་ཀྱིས། སྔོན་ཆད་རང་ཉིད་ཀྱང་རི་མོ་འབྲི་མཁན་ཞིག་ཡིན་པའི་ཆ་ནས་རྟ་འགྲིན་ལགས་ཀྱི་ལས་ཀར་བསྔགས་བརྗོད་དང་། རྟ་འགྲིན་ལགས་ཀྱི་སྒྱུ་རྩལ་རི་མོ་རྒྱལ་སྤྱིའི་སྡིངས་ཆའི་སྟེང་སླེབས་པ་དེ་གཟི་བརྗིད་དང་སྤོབས་པ་བྱ་ཡུལ་ཞིག་ཡིན་སྐོར་བརྗོད་སོང་།

རྟ་འགྲིན་ཚེ་བརྟན་ལགས་བོད་མདོ་སྨད་བིས་མདོ་ནས་སྐྱེས་ཤིང་། རྒྱ་གར་དུ་བཙན་བྱོལ་ལ་འབྱོར་རྗེས་ཤེས་རབ་དགའ་ཚལ་སློབ་གླིང་དུ་དབྱིན་ཡིག་དང་གློག་ཀླད་ཐོག་སློབ་སྦྱོང་གནང་རྗེས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ནས་ཐང་ག་དང་དེང་རབས་རི་མོ་སྦྱངས། ༢༠༠༤ ནས་ཁབ་གཙགས་རི་མོ་རྒྱག་མགོ་བཙུགས་ཏེ། ད་ཆར་ཁོང་གི་ཁབ་གཙགས་རི་མོའི་སྐོར་རྒྱལ་སྤྱིའི་ནང་ཁྱབ་རྒྱ་ཆེ་བའི་དུས་དེབ་ཁག་ཅིག་གི་ནང་ཐོན་ཡོད་འདུག་ལ། ༢༠༡༡ ལོར་རྒྱ་གར་རྒྱལ་ཡོངས་ཁབ་གཙགས་རི་མོའི་འགྲན་བསྡུར་ཁྲོད་ཨང་གཉིས་པའི་བྱ་དགའ་ཐོབ་འདུག ད་སྔ་རྒྱལ་ཁབ་ ༣༤ མི་ལ་ཁབ་གཙགས་རི་མོ་བརྒྱབ་ཡོད་པ་མ་ཟད། བོད་དོན་དང་འབྲེལ་བའི་ཁབ་གཙགས་རི་མོའི་རིགས་རིན་མེད་དུ་རྒྱག་བཞིན་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༨ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༨ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༣ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 3

  1. ཀུན་མཁྱེན། says:
    ལོ་ 13 སྔོན།

    ཁབ་གཙགས་རི་མོ་ནི་བོད་ལ་དགོས་པའི་སྒྱུ་རྩལ་ལས་རིགས་ཡག་པོ་ཞིག་མ་རེད་འདོད། ནུབ་ཕྱོགས་ཙམ་དུ་མ་ཟད། ཤར་ཨེ་ཤ་ཡའི་ཡུལ་ལུང་གང་མང་ཞིག་ཏུ་ལུས་ལ་ཁབ་གཙགས་བྱས་ཡོད་པའི་ཕོ་དག་ནི་སྤྱོད་པ་མ་རབས་དང། རྐུ་འཕྲོག་བཅོམ་གསུམ་ལ་བྱང་བ། ཆང་རག་རྒྱན་འཇོག་ཚོད་མེད་དུ་སྤྱོད་མཁན། ཐ་མག་ནག་པོ་སྤྱོད་མཁན་དག་གི་གྲས་ནས་མང་ཙམ་ཐོན་གྱི་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད། བུད་མེད་ཀྱི་རིགས་ལའང་དེ་བཞིན་རེད། བཤང་བཙོང་ཁང་ནང་ཡོད་པ་དང་ཡུལ་འཁྱམས་རིགས་ཀྱིས་ལུས་ལ་འདྲ་མི་འདྲ་འབྲི་ཡི་ཡོད་པ་ནི་ཡོངས་གྲགས་རེད། གང་ལྟར་མི་འདིའི་རིགས་མང་ཆེ་བས་མི་གསོད་པ་དང་རྒྱག་རེས་རྒྱག་པ་སོགས་ལས་ངན་པ་བྱེད་ཀྱི་ཡོད་པར་བརྩི་བ་ནི་ཡོངས་གྲགས་ཤིག་རེད།
    དེ་འདྲའི་རིགས་མིན་པ་དག་གིས། བརྩེ་དུངས་དང་ལར་ཞེན་མཚོན་ཐུབ་ཆེད་ལུས་ལ་འདྲ་མི་འདྲ་འབྲི་སྲོལ་ཅིག་ཡོད་པ་རེད། ཡིན་ནའང། འཕྲོད་བསྟེན་གྱི་ངོས་ཐད་ནས་ཞུས་ན་ཁབ་གཙགས་ཡོད་མཁན་རྣམས་ལ་དེ་བརྒྱུད་ནས་ནད་རིགས་བྱུང་གི་ཡོད་པ་དང། འགོས་ཀྱི་ཡོད་པ་སོགས་ཀྱིས་ཁབ་གཙགས་རི་མོ་ཡོད་མཁན་ཞིག་ཡིན་གཟུགས་པོ་བདེ་ཐང་ནང་བརྩི་ཡི་མེད། དཔེར་ན་དམག་ནང་འཛུལ་ཞུགས་མི་ཐུབ་པ་དང། གོ་གནས་ཆེ་ལ་ལས་དོན་གལ་ཆེའི་རིགས་ལ་མི་ཁབ་གཙགས་རི་མོ་བྲིས་ཡོད་མཁན་དག་འཛུལ་ཞུགས་མ་ཆོག་ཡོང་དང་ཡོང་མུས་རེད། དེའི་ཆ་ནས་ཁབ་གཙགས་རི་མོ་འདིས་བོད་ཀྱི་རིག་གནས་ལ་ཕན་ཐོག་ཡོང་གི་རེད་བསམས་པ་ཞིག་རྩ་བ་ནས་མི་འདུག
    ལོ་འགའི་ནང་རྡ་སར་ཕྱི་རྒྱལ་མགོ་སེར་འཁྱམ་པོ་འཁྱམ་མོ་མང་པོ་སླེབས་པ་དང། དེ་དག་གི་སྤྱོད་པ་མ་རབས། འཁྲིག་སྤྱོད་འདྲ་མིན་བྱེད་པ། ཐ་མག་ནག་པོ་བཏུང་བ། ཆང་རག་ཚོད་མེད་སྤྱོད་པ། ལུས་སྟེང་འདྲ་མིན་འབྲི་བ། སྐྲ་དམར་སེར་འདྲ་མིན་དུ་ཁ་དོག་བསྒྱུར་བ། གྱོན་གོས་གུས་ཞབས་མེད་པ་གྱོན་པ་བཅས་ཀྱི་ཤུགས་ལ་བརྟེན་ནས་བོད་རིགས་ནང་དུའང་གོམས་གཤིས་ངན་པ་ཞིག་ཐེབས་ཡོད། གོམས་གཤིས་ངན་པ་དེའི་ནང་བོད་མི་རེ་འགས་ལུས་སྟེང་འདྲ་མི་འདྲ་འབྲི་བ་འདི་ཡག་པོ་མཐོང་གི་ཡོད་པ་འདྲ། དངོས་གནས་བྱས་ན། མི་ལུས་རིན་པོ་ཆེ་དང། ཡང་ན་བདེ་ཐང་ཡིན་པའི་ལུས་པོར་འདི་འདྲ་འབྲི་བ་ནི་བྱ་སྤྱོད་ཡག་པོ་ཞིག་མ་རེད་ལ། ཉིན་ཞིག་འདི་ལས་མིའི་སྤྱོད་པ་མ་རབས་ཆགས་ན་དེ་བས་ཀྱང་ནུབ་ཕྱོགས་སྤྱི་ཚོགས་ཀྱི་མ་རབས་སྤྱོད་པ། མཚན་མ་འབྲེག་པ། མཚན་མཐུན་ཆགས་སྤྱོད། རྐང་པ་དང་རྐུབ་སོགས་སུ་མ་ཎི་འབྲི་བ་སོགས་ཀྱི་གང་བྱུང་མང་བྱུང་རང་རེའི་སྤྱི་ཚོགས་ནང་དར་ཁྱབ་ཕྱིན་ན། དེས་བོད་མི་རིགས་ཕན་རྒྱུ་ལས་གནོད་ཆེ་བ་ནི་ཐག་བཅད་ཆོག་པ་ཞིག་རེད།
    དེས་ན་སྲོལ་རྒྱུན་དང་དེང་རབས། ཚན་རིག་དང་འཕྲོད་བསྟེན། བཟང་སྤྱོད་གང་ནས་བལྟས་ནས་ཁབ་གཙགས་ལྟ་བུའི་བྱ་སྤྱོད་འདི་རིགས་བོད་སྤྱི་ཚོགས་ནང་མ་དར་ན་ཡག་གི་རེད་ལ། འདི་ལ་བོད་ཀྱི་སྒྱུ་རྩལ་ཞེས་པའི་ཚིག་རིན་ཐང་ལྡན་པ་འདི་སྦྱོར་བ་ནི་དེ་བས་ཀྱང་མ་རན་པ་ཞིག་རེད། ཡིན་ནའང། མི་སྒེར་རང་རང་གི་འཚོ་གནས་ཆེད་སྤྱི་ལ་བསམ་བློ་གཏོང་མིན་ལ་སོ་སོར་རག་ལས་ཡོད་སྟབས་བསམ་གཞིག་བྱེད་རོགས་ཞུ།།
    མཐའ་མར། ངེད་ཀྱིས་བསམ་ཚུལ་འདི་ཁབ་གཙགས་རི་མོ་འབྲི་མཁན་གང་ཟག་སྒེར་བར་དམིགས་ནས་བཤད་པ་མིན་ལ་བཤད་དགོས་དོན་གང་ཡང་མེད། འོན་ཀྱང་བོད་ལ་ངན་སྲོལ་འདི་འདྲ་ཞིག་ཡོད་དགོས་དོན་མི་འདུག་བསམས་ནས་འདི་ལྟར་མ་འབྲི་ཐབས་མེད་ཆགས་སོང།།

    Reply
  2. ཚེ་རིང་བསམ་གྲུབ། says:
    ལོ་ 13 སྔོན།

    མི་འདི་ལག་རྩལ་ཅན་ཞིག་ཡིན་པ་འདྲ། ལྷག་པར་དུ་བོད་དོན་ཁྱབ་སྒྲོགས་བྱེད་ཐབས་གསར་པ་རེད། ངས་འབོད་སྐུལ་ཞུ་རྒྱུ་ཞིག་ལ་གལ་སྲིད་བོད་པའི་རྩ་དོན་ཐོག་ཕྱག་ལས་གནང་གི་ཡོད་པ་ཡིན་ན་ཕྱག་ལས་ག་རེ་གནང་བ་ཡིན་ནའང་བོད་དོན་ཁྱབ་བསྒྲགས་ཨང་དང་པོ་དང་སོ་སོ་ཁྱབ་བསྒྲགས་ཨང་གཉིས་པར་བཞག་དགོས་པ་རེད། འདི་ངས་ཁྱེད་ལ་ལ་ཞུ་གི་མེད། རྩ་བའི་བོད་དོན་ཡིན་ཟེར་བཞིན་སྒེར་སོ་སོ་ཁྱབ་བསྒྲགས་ཤུགས་ཆེན་པོ་བྱེད་མཁན་མང་རུ་མང་རུ་འགྲོ་བཞིན་ཡོད་པ་ཚང་མས་མཁྱེན་གསལ་རེད། དེ་ནས་ལས་ཀ་འདི་བོད་པའི་རིག་གཞུང་དང་མཐུན་འདུག་ངས་བཤད་ཤེས་མ་སོང་།།

    Reply
  3. རྨེའུ་དཀོན་རྒྱམ། says:
    ལོ་ 13 སྔོན།

    《སྒྱུ་རྩལ་གྱི་ལམ་ནས་བོད་དོན་འཐབ་རྩོད།》
    ཞེས་པའི་སྒྱུ་རྩལ་ལས་རིགས་འགྲེམས་སྟོན་གྱི་དམིགས་བསལ་སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས།
    སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་གློག་ཀླད་ཆེད་མཁས་པ་བློ་བཟང་སྨོན་ལམ་ལགས་དང་། ཆབ་སྲིད་བཙོན་ཟུར་འཛམ་གླིང་ན་སྙན་གྲགས་ཅན་གྱི་རྒན་དཔལ་ལྡན་རྒྱ་མཚོ་བཅས་ཆེད་ཕེབས་གནང་བར་ཐུགས་རྗེ་ཆེ་ཞུ།

    སྒྱུ་རྩལ་ལས་རིགས་པ་རྟ་མགྲིན་ལགས་ཀྱིས་ཐེངས་དང་པོའི་སྒྱུ་རྩལ་ལས་རིགས་ཀྱི་འགྲེམས་སྟོན་དང་འབྲེལ་བའི་སྒྱུ་རྩལ་ལས་རིགས་ཀྱི་ནུས་སྟོབས་ཇེ་གསལ་དུ་བཏང་བར་ཡི་རངས་ཞུ།

    ལྷག་པར་དུ། མི་སྒེར་རེ་རེའི་འགན་འཁྲི་དང་ལེན་བྱེད་སྟངས་ཀྱིས་ཁ་ཕྱོགས་ཤིག་གསལ་སྟོན་བྱས་པར་བཀའ་དྲིན་ཆེ།

    ད་དུང་། སུད་སི་ནས་ཆེད་ཕེབས་གནང་བའི་རྔ་བ་བློ་ནམ་ཁོ་ལགས་ཀྱི་ལྷག་བསམ་དང་རྒྱལ་གཅེས་ཀྱི་བསམ་བློ་ལ་རྒྱུས་མངའ་ཡོད་པའི་ཐོག་ནས་སེམས་འགུལ་ཐེབས་སོང་། ངོ་མ་བཀའ་དྲིན་ཆེ།

    བློ་ནམ་ཁོ་ལགས་ཀྱི་རྒྱབ་ངོས་སུ་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པའི་མཚན་སོགས་ཁབ་གཙགས་རི་མོའི་ལམ་ནས་བརྒྱབས་པ་ཡིན་ནི། ངོ་མ་ཆོད་སེམས་ཆེན་པོ་ཞིག་རེད། འདི་ནི། མི་ཞིག་གི་མི་ཚེའི་ནང་དུ་གསུབ་ཐབས་བྲལ་བའི་རི་མོ་ཡིན་པས་སོ།།

    ལམ་ནི། ནམ་ཞིག་ཡིན་རུང་གསར་གཏོད་དང་བློ་སྤོབས་ཀྱིས་བཏོན་པ་ཞིག་ཡིན་དུས། ནམ་ཡང་ཞུམ་པ་མེད་པའི་མདུན་ལྗོངས་རིང་པོ་ལ་མིག་རྒྱང་གཟིགས་དགོས།

    སྒྱུ་རྩལ་ནི། མིའི་ནུས་སྟོབས་མངོན་གྱུར་བྱེད་སྤྱད་ཀྱི་ཐབས་ལམ་དམིགས་བསལ་བ་ཞིག་ཡིན་དུས། སྒྱུ་རྩལ་ལས་རིགས་ཀྱི་དབྱིངས་སུ་ཇེ་ཐིམ་ལ་འབད་དགོས།

    མ་འོངས་པ་ནི། འབད་བརྩོན་དང་སྙིང་རུས་ལ་བརྟེན་ཡོད་དུས། རང་ཚུགས་ཀྱི་ལམ་ཞིག་བཟུང་ནས། སྒྱུ་རྩལ་ལས་རིགས་ཀྱི་ཁ་ཕྱོགས་གཏིང་ཇེ་ཟབ་ཏུ་གཏོང་དགོས།

    མཉམ་འབྲེལ་ནི། གྲུབ་འབྲས་ཀྱི་འབྱུང་ཁུངས་རྩ་བ་དེ་ཡིན་སྟབས། མཉམ་རུབ་ཀྱིས་རྣོ་ངར་གཏིང་ཇེ་ཟབ་ཏུ་གཏོང་དགོས།

    དགའ་ཕྱོགས་དམ་འཛིན། རྒྱུན་འཁྱོངས་ཀྱི་ལག་ལེན། ཁ་ཕྱོགས་ཇེ་བརྟན། ནམ་ཡང་བོར་མི་རུང་བའི་རང་རྟོན། རང་ཚུགས་ཀྱིས་མདུན་བསྐྱོད།

    བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་རྒྱལ་ལོ།། བོད་ཀྱི་སྒྱུ་རྩལ་རྒྱལ་ལོ།། བོད་ཀྱི་སྒྱུ་རྩལ་ལས་རིགས་པ་རྒྱལ་ལོ།། སྒྱུ་རྩལ་བ་རྟ་མགྲིན་རྒྱལ་ལོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese