མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

གཏན་འཇཊ་ལས་ཀ་སྤྲོད་རོཊ།

བོད་ཀྱི་དུས་བབ།
༢༠༡༣/༠༤/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་དེ་རིང་ཨ་མདོ་རྨ་ཆུ་རྫོང་ཐོག་ཏུ་བོད་རིགས་སློབ་ཐོན་པ་ཚོས་གཞུང་གིས་གཏན་འཇགས་ལས་ཀ་བཀོད་སྒྲིག་བྱེད་དགོས་པའི་ཞུ་འབོད་གནང་ཡོད་འདུག

ལྷོ་ཕྱོགས་འབྲས་སྤུངས་ནས་གྲྭ་བསོད་ནམས་ལགས་ཀྱིས་གནས་ཚུལ་བཏང་འབྱོར་ལ། ཁ་སང་ཕྱི་ཚེས་ ༡༠ ཉིན་རྨ་ཆུ་རྫོང་ཐོག་གི་ས་གནས་ཁག་ཏུ་སྦྱར་ཡིག་ཅིག་བཀྲམས་ཏེ། ས་གནས་བོད་རིགས་སློབ་ཐོན་པ་དག་ལ་ལས་ཀ་རག་གི་མེད་པའི་དཀའ་ངལ་ཞིག་བཀོད་ཡོད་འདུག་པ་དང་། དེ་རིང་ཞོགས་པར་རྨ་ཆུ་རྫོང་དམངས་དོན་ལས་ཁུངས་སྒོ་ཁར། ལས་མེད་སློབ་ཐོན་པ་མང་པོ་འདུ་འཛོམས་ཐོག༼ ཕྱི་ཡོང་སློབ་མ་སྔོན་འགོག ས་གནས་སློབ་མར་ལས་བགོ ༽ཞེས་པ་བོད་ཡིག་དང་རྒྱ་ཡིག་གཉིས་ཀར་འཁོད་པའི་སྦྱར་བྱང་ཆེན་པོ་བཟུང་སྟེ་དངོས་སུ་ཞུ་འབོད་གནང་ཡོད་འདུག སྦྱར་ཡིག་གི་ནང་དོན་གཤམ་དུ་བཀོད་ཡོད།

གུས་པར་འོས་པའི་རྒྱ་ཆེའི་མང་ཚོགས་རྣམ་པ།

ང་ཚོ་ནི་རྨ་ཆུ་རྫོང་གི་སློབ་ཆེན་དང་འབྲིང་རིམ་སློབ་མ་ཏག་ཏག་ཡིན་ལ། སློབ་མཐར་ཕྱིན་ནས་མི་ལོ་ཁ་ཤས་འགོར་ཡོད་ནའང་གཏན་འཇགས་ཀྱི་ལས་གནས་ཞིག་བཀོད་སྒྲིག་མ་བྱས་པས། ང་ཚོས་ཡང་དང་བསྐྱར་དུ་གོང་རིམ་ལ་རེ་ཞུ་ཕུལ་ནའང་དེ་ལ་དེ་འཚམ་གྱི་ཐག་གཅོད་ཅིག་མ་གནང་བས་རྒྱ་ཆེའི་མང་ཚོགས་རྣམས་ལ་རྒྱུ་རྐྱེན་འགའ་བརྗོད་རྒྱུ།

ས་གནས་སློབ་མར་གཏན་འཇགས་ཀྱི་ལས་གནས་ཞིག་མི་རེག་པའི་རྒྱུ་རྐྱེན་གཙོ་བོ།

༡ ངེད་ཅག་ལས་གནས་མེད་པའི་སློབ་བུ་དག་ལ་རང་ཉིད་ཀྱི་ཆེད་ལས་དང་འཚམ་པའི་ལས་བྱེད་དག་མའི་ལས་གནས་རེ་བཀོད་སྒྲིག་མི་བྱེད་པ་དང་། ས་གནས་སློབ་མའི་བསྡུ་ཚད་ཇེ་མང་དུ་མི་གཏོང་བ།

༢ གོང་དཔོན་པོ་རྒྱབ་རྩ་བྱས་ཤིང་ཐོབ་དབང་ཐང་སྒེར་སྤྱོད་བྱས་ཏེ་གཞན་ཡུལ་གྱི་སློབ་མ་དག་གི་ཁྱིམ་ཐོ་རང་རྫོང་དུ་སྤར་ནས་ངེད་སློབ་བུ་མང་པོ་ཞིག་གི་ལས་གནས་ལ་བར་ཆད་བཟོས་འདུག

༣ བྱ་བའི་ལས་ཞུགས་རྒྱུགས་གཞི་སྟེ་བོད་རིགས་རང་སྐྱོང་ཁུལ་གྱི་སློབ་བུ་དག་ལ་དམིགས་པའི་བོད་ཡིག་རྐྱང་རྐྱང་གི་རྒྱུགས་གཞི་ཞིག་མེད་པ།

 

རྒྱ་ཆེ་བའི་ས་གནས་མང་ཚོགས་ཀྱིས་ང་ཚོའི་དོན་དངོས་འདི་ལ་བསམ་གཞིགས་གནང་སྟེ་ཕྱོགས་ཡོངས་ནས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་རྒྱུ་མཁྱེན།

གསལ་བཤད་བྱ་རྒྱུར། རྒྱལ་ཁབ་ཀྱི་སློབ་གསོ་ཁོ་ན་ལས་ཆབ་སྲིད་དང་གཞན་གང་ལའང་འབྲེལ་བ་མེད།

ལས་གནས་མེད་པའི་མཐར་ཕྱིན་སློབ་མ་ཡོངས་ཀྱིས་གུས་འདུད་དང་བཅས།

༢༠༡༣ ལོའི་ཟླ་ ༤ ཚེས་ ༡༠ ཉིན།

མཆན། 1

  1. ཚེ་རིང་རྡོ་རྗེ says:
    ལོ་ 10 སྔོན།

    བོད་ནང་དུ་བབ་བསྟུན་ཐབས་མཁས་ཀྱིས་རང་ཉིད་ཀྱི་ཐོབ་ཐང་རྩོད་སྟངས་འདི་ལ་གོ་རྒྱུ་འདུག འདི་ལྟར་རང་གི་ཐོབ་ཐང་བརྩོན་ལེན་བྱས་ན། བོད་པའི་གཞོན་སྐྱེས་ཚོས་མདུན་ལམ་ཞིག་ལོས་རྙེད་བསམ། ཁྱོད་ཚོ་རྒྱལ་གྱུར་ཅིག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist