མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངོས་ལ་སྨོན་ལམ་རྒྱག་རྒྱུ་ཙམ་ལས་བྱེད་ཐབས་གཞན་ཡོད་པ་མ་རེད།

བོད་ཀྱི་དུས་བབ།
༢༠༡༣/༠༤/༡༢
Share on FacebookShare on TwitterShare on EmailShare on Whatsapp

ྋགོང་ས་མཆོག་ཨི་ཊ་ལི་ལྷོ་ཊི་རོལ་རང་སྐྱོང་ཁུལ་དུ་ཆིབས་བསྒྱུར་སྐབས་གསར་འགོད་པའི་དྲི་བའི་ལན་དུ། གལ་ཏེ་བོད་ནང་གི་རང་ལུས་མེར་བསྲེགས་གཏོང་མཁན་ཚོའི་དཀའ་ངལ་སེལ་ཆེད་ཐབས་ལམ་གཞན་ཞིག་ངོས་ལ་སྤྲོད་རྒྱུ་ཡོད་ན། ངོས་ཀྱིས་ཁོང་ཚོར་རང་ལུས་མེར་བསྲེཊ་མ་གཏོང་རོཊ། དཀའ་ངལ་སེལ་རྒྱུའི་གདམ་ཀ་འདི་ཡོད་ཅེས་བརྗོད་ཆོག་ཀྱང་ང་ལ་དེ་འདྲའི་ནུས་པ་གང་ཡང་མེད་ཅེས་གསུངས་འདུག

ཟླ་འདིའི་ཕྱི་ཚེས་ ༡༠ ནས་ ༢༩ ཉིན་བར་དུས་ཡུན་བདུན་ཕྲག་གསུམ་ཙམ་རིང་ྋགོང་ས་མཆོག་གིས་ཡུ་རོབ་རྒྱལ་ཁབ་གསུམ་ནང་ཆོས་ཕྱོགས་མཛད་འཕྲིན་མགོ་བཙུགས་ཡོད་པ་དང༌། ཚེས་ ༡༠ ཉིན་ཨི་ཊ་ལིའི་རང་སྐྱོང་མངའ་སྡེ་ལྷོ་ཊི་རོལ་རྒྱལ་ས་བྷོལ་ནོའི་ (Bolzano) གྲོང་ཁྱེར་ལས་ཁུངས་སུ་ཆིབས་བསྒྱུར་སྐབས། མངའ་སྡེ་བློན་ཆེན་ཁུ་ལོ་སུ་ཁུ་ལོ་ཐིར་ (Dr Kalauskluther) ལགས་དང༌། མངའ་སྡེ་སྲིད་སྐྱོང་སྐུ་ཞབས་ལུ་ཝི་སི་ཌུན་ཝལ་ཌར་ (Luis Durnwalder) ལགས་རྣམ་གཉིས་གཙོས་འབྲེལ་ཡོད་དཔོན་རིཊ་ཁག་གིས་ཕེབས་བསུ་དང་དང༌། ༧གོང་ས་མཆོག་ལ་མངའ་སྡེའི་གྲངས་ཉུང་མི་རིགས་ཀྱི་ཆེ་བསྟོད་གཟེངས་རྟགས་ཕུལ་ཡོད་འདུག

ཉིན་དེའི་གཟེངས་རྟགས་འབུལ་བཞེས་མཛད་སྒོའི་ཐོག་མངའ་སྡེ་སྲིད་སྐྱོང་ལུ་ཝི་སི་ཌུན་ཝལ་ཌར་མཆོག་གིས། ཏཱ་ལའི་བླ་མ་མཆོག་དང་ང་ཚོའི་བར་རིག་གཞུང་དང་བྱུང་རབས་ལོ་རྒྱུས་ཐོག་མི་འདྲ་ས་ཡོད་ནའང༌། གྲངས་ཉུང་མི་རིཊ་ཀྱི་ངོ་བོའི་ཐོག་དཀའ་ངལ་མང་པོ་ཞིག་ལ་གདོང་ལེན་བྱེད་དགོས་བྱུང་པ་གཅིག་མཚུངས་ཆཊ་ཡོད་ཅིང༌། འཛམ་གླིང་རྒྱལ་ཁབ་ ༡༦༤ ནང་གྲངས་ཉུང་མི་རིཊ་འདུས་སྡོད་བྱེད་པའི་ཁྲོད་མང་པོ་ཞིག་ལ་ཐོབ་ཐང་ཆ་ཚང་རག་ཡོད་ཀྱང༌། གཞན་མང་པོ་ཞིག་ལ་ད་དུང་ཡང་ཐོབ་ཐང་མ་རག་པའི་ཐོག སྲིད་གཞུང་ཁག་གིས་མུ་མཐུད་གཉའ་གནོན་དང་དམ་དྲག་བྱེད་བཞིན་ཡོད་པ་དང༌། ཏཱ་ལའི་བླ་མ་མཆོག་ནི་འཛམ་གླིང་སྟེང་འཚེ་མེད་ཞི་བའི་ངོ་ཚབ་མཚོན་ཐུབ་མཁན་གྱི་གང་ཟག་ཁྱད་པར་བ་ཞིག་ཡིན་པར་མ་ཟད། གྲངས་ཉུང་མི་རིགས་འཐབ་རྩོད་ཐོག་རྒྱབ་སྐྱོར་གྱི་མཚོན་རྟགས་ཤིག་ཀྱང་ཆཊ་ཡོད་སྟབས། ཐེངས་འདིར་ཁོང་ལ་གཟེངས་རྟཊ་ཕུལ་ཐུབ་པ་དེ་ནི། གྲངས་ཉུང་མི་རིཊ་ཚོར་འཕྲད་བཞིན་པའི་དཀའ་ངལ་ཁག་རྒྱལ་སྤྱིའི་ཐོག་དོ་སྣང་ཡོང་ཆེད་ཡིན་སྐོར་གསུངས་འདུག

སྐབས་དེར་ྋགོང་ས་མཆོག་གིས་ལྷོ་ཊི་རོལ་རང་སྐྱོང་མངའ་སྡེས་དུས་ཡུན་རིང་པོར་བོད་མིར་གདུང་སེམས་མཉམ་སྐྱེད་ཀྱི་རྒྱབ་སྐྱོར་གནང་བར་བསྔཊ་བརྗོད་གནང་སྟེ། ཆེ་བསྟོད་གཟེངས་རྟཊ་དེ་ནི་བོད་ནང་དཀའ་སྡུག་མྱོང་བཞིན་པའི་གཞིས་བཞུཊ་བོད་མི་ཚོར་ཕུལ་བར་ངོས་འཛིན་དང༌། ལྷོ་ཊི་རོལ་མངའ་སྡེ་ནི་བོད་པ་བསྡུར་ན་རང་སྐྱོང་ལོ་རྒྱུས་དང་ཉམས་མྱོང་གང་ཐད་ནས་རང་སྐྱོང་གི་ཤིང་རྟའི་སྲོལ་འབྱེད་མཁན་ཞིག་ཏུ་གྱུར་ཡོད་ཅིང༌། བོད་མི་ཚོས་ཀྱང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག མིང་དོན་མཚུངས་བའི་རང་སྲིད་རང་སྐྱོང་གནས་བབ་ཅིག་རྩོད་བཞིན་ཡོད་པ་དང༌། བོད་མི་ཚོར་སོ་སོའི་ཐུན་མོང་མིན་པའི་ཆོས་དང་རིག་གཞུང༌། སྐད་ཡིག་དང་དུས་ཡུན་རིང་པོའི་ལོ་རྒྱུས་བཅས་ཡོད་པའི་ཆ་ནས། རང་སྐྱོང་ཐོབ་ཐང་རྩོད་བཞིན་པ་ནི་རྒྱུ་མཚན་དང་ལྡན་པ་ཞིག་ཡིན་ཞིང༌། བོད་མིས་རང་སྐྱོང་རྩོད་བཞིན་པ་ནི་ད་ལྟའི་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་ཙམ་མིན་པར། རྒྱ་གཞུང་གིས་དབྱེ་བགོས་བྱས་པའི་ལྗོངས་དང་ཞིང་ཆེན་ལྔའི་ནང་གནས་སྡོད་བོད་མི་ཚང་མར་ཁྱབ་དགོས་པ་ཞིག་ཡིན་དགོས་སྐོར་གསུངས་འདུག

ྋགོང་ས་མཆོག་གིས་མུ་མཐུད་དུ་མི་ལོ་སུམ་ཅུའི་རིང་ལྷོ་ཊི་རོལ་མངའ་སྡེ་ནང་རང་སྐྱོང་ཚད་ལྡན་ལོངས་སུ་སྤྱོད་ཐུབ་པ་བྱུང་སྟེ། ས་གནས་མང་ཚོགས་ཀྱི་འཚོ་བ་དང་དཔལ་འབྱོར་ཐོག་ཡར་རྒྱས་ཆེན་པོ་ཕྱིན་ཡོད་ཅིང༌། ལྷག་པར་དུ་དེ་སྔ་ཨི་ཊ་ལིའི་དཔལ་འབྱོར་སྐྱོ་ཤོས་གྲས་ཡིན་པའི་ས་ཁུལ་ཞིག་དེང་ཆར་ཨི་ཊ་ལིའི་ནང་དཔལ་འབྱོར་གནས་སྟངས་ཡག་ཤོས་ཤིག་ཏུ་གྱུར་བ་དེ། གཙོ་བོ་མང་ཚོགས་ཀྱིས་རང་གི་རྣམ་དཔྱོད་རང་དབང་ཐོག་བེད་སྤྱོད་བྱས་པའི་འབྲས་བུ་ཁོ་ན་ལས་ཡིན་པར་ངོས་འཛིན་གནང་གིན་ཡོད་ཚུལ་གསུངས་ཡོད་འདུག 

ཕྱི་ཚེས་ ༡༠ ཉིན་གྱི་གསར་འགོད་ལྷན་ཚོཊ་ཤིག་གི་སྐབས་ྋགོང་ས་མཆོག་གིས་བོད་མིས་རང་ལུས་མེར་བསྲེཊ་གཏོང་བཞིན་པའི་ཐད་གསར་འགོད་པའི་དྲི་བར་བཀའ་ལན་བསྩལ་ཏེ། “ལོ་ཤས་གོང་ནས་ངོས་རང་བོད་མིའི་རང་དབང་ཅན་གྱི་མགྲིན་ཚབ་པ་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། དོན་གྱི་བདག་པོ་གཞིས་བཞུགས་བོད་མི་ཚོ་ཡིན། ཁོང་ཚོ་ཆང་རག་གིས་བཟི་བ་དང༌། བཟའ་ཚང་ནང་ཁུལ་མ་འཆམ་པར་རང་ལུས་མེར་བསྲེཊ་བཏང་བ་དེ་འདྲ་རྩ་བ་ནས་མིན་པར། འུ་ཐུག་གི་གནས་སྟངས་འོག་རང་ལུས་མེར་བསྲེཊ་གཏོང་དགོས་པ་ཆཊ་ཡོད། དོན་གྱི་བདག་པོ་ཁོང་ཚོ་ཡིན་སྟབས་ངོས་ལ་བརྗོད་རྒྱུ་གང་ཡང་མེད། གལ་ཏེ་ཁོང་ཚོའི་དཀའ་ངལ་སེལ་ཆེད་ཐབས་ལམ་གཞན་ཞིག་ངོས་ལ་སྤྲོད་རྒྱུ་ཡོད་ན། ངོས་ཀྱིས་ཁོང་ཚོར་རང་ལུས་མེར་བསྲེཊ་མ་གཏོང་རོཊ། དཀའ་ངལ་སེལ་རྒྱུའི་གདམ་ཀ་འདི་ཡོད་ཅེས་བརྗོད་ཆོག་ཀྱང་དེ་འདྲའི་ནུས་པ་གང་ཡང་མེད། དེ་ཡིན་དུས་ངོས་ལ་སྨོན་ལམ་རྒྱག་རྒྱུ་ཙམ་ལས་བྱེད་ཐབས་གཞན་ཡོད་པ་མ་རེད ”ཅེས་གསུངས། རྒྱ་ནག་ཆབ་སྲིད་བཅོས་སྒྱུར་ཐད་ལ། “རྒྱ་ནག་ནི་འཛམ་གླིང་ནང་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་གཅིག་ཆཊ་ཡོད་སྟབས། རྒྱ་ནག་མི་དམངས་ལ་ཡར་རྒྱས་འགྲོ་རྒྱུའི་ཐོབ་ཐང་ཆ་ཚང་ཡོད། དེ་ཡིན་དུས་རྒྱ་ནག་ཟུར་ཕུད་བྱ་རྒྱུ་དེ་མ་རུང་བ་ཞིག་ཡིན། རྒྱ་ནག་ནང་འགྱུར་བ་ཡོང་རྒྱུ་ཧ་ལམ་གཏན་ཁེལ་བ་རེད། མགོ་ཁྲིད་གསར་པ་ཚོས་ཀྱང་འགྱུར་བ་གཏོང་རྒྱུ་གལ་ཆེ་ཡིན་པ་ད་ཆ་ཤེས་ཚོར་བྱུང་བ་ལྟ་བུ་འདུག འོན་ཀྱང་འགྱུར་བ་དེ་ཇི་འདྲ་གཏོང་མིན་གྱི་ཐབས་ལམ་མ་རྙེད་པ་ལྟ་བུ་གནས་ཡོད ” གསུངས་འདུག

ཕྱི་ཚེས་ ༡༡ ཉིན་ྋགོང་ས་མཆོག་གིས་ཊི་རེན་ཊོ་གྲོང་ཁྱེར་ཚོཊ་ཁང་ (Palatrento Stadium) དུ། ས་གནས་མང་ཚོགས་ ༤༥༠༠ བརྒལ་བར་༼དཀའ་ངལ་ཆེ་བའི་འཛམ་གླིང་ནང་བདེ་སྐྱིད་འཚོལ་ཐབས་༽ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང༌། ཡུ་རོབ་ཤེས་ཡོན་བསྟི་གནས་སུ་༼ཆོས་དང་མ་འདྲེས་པའི་འཛམ་གླིང་ཧྲིལ་པོའི་ཀུན་སྤྱོད༽། ཨི་ཊ་ལི་བོད་རིགས་མཐུན་ཚོགས་ཀྱི་ཚོཊ་མི་ཡོངས་ལ་བཀའ་སློབ་བཅས་བསྩལ་ཡོད་འདུག

ཕྱི་ཟླ་ ༤ ཚེས་ ༡༢ ནས་ ༡༦ ཉིན་བར་སུད་སི་ཧྥོར་བྷག་ཏུ་མང་ཚོཊ་ལ་ཇོ་བོ་རྗེས་མཛད་པའི་༼བྱང་ཆུབ་ལམ་སྒྲོན༽བཀའ་ཁྲིད་དང་འབྲེལ་སྒྲོལ་དཀར་བཀའ་དབང་དང༌། དེའི་རྗེས་མང་ཚོཊ་ལ་༼ཆོས་དང་མ་འདྲེས་པའི་འཛམ་གླིང་ཧྲིལ་པོའི་ཀུན་སྤྱོད་སྐོར་བཀའ་སློབ། ལའོ་སེན་ནེ་གཙུག་ལག་སློབ་གྲྭར་ཞི་བའི་ངང་འཚོ་བ་དང་འཆི་བ་ཞེས་པའི་མགོ་བརྗོད་འོག ཚན་རིག་དང་མི་གཞི་བར་གྱི་མཁས་པའི་བགྲོ་གླེང་ཐོག་ལྷན་ཞུཊ། སུད་སི་རྒྱལ་ཡོངས་གྲོས་ཚོཊ་ཚོཊ་གཙོ་མཆོག་གཙོས་འབྲེལ་ཡོད་དཔོན་རིཊ་ཁག་ཅིག་ལ་མཇལ་འཕྲད་བཅས་གནང་རྒྱུ་རེད།

ཕྱི་ཚེས་ ༡༩ ནས་ ༢༠ ཉིན་བར་དབྱིན་ཇིའི་ཀེམ་པི་རེ་ཇི་གཙུག་ལག་སློབ་གྲྭར་ཆིབས་བསྒྱུར་གྱིས། འཚེ་མེད་ཞི་བའི་ལམ་ནས་རྩོད་རྙོག་འདུམ་འགྲིག་གནང་ཐབས་སྐོར་གྱི་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་ཞིག་ཏུ་ལྷན་ཞུགས་གནང་རྒྱུ་དང༌། ཕྱི་ཚེས་ ༢༨ ནས་ ༢༩ ཉིན་བར་རྒྱ་གར་ཧི་མ་ཅལ་མངའ་སྡེར་ཌལ་ཧོལ་གཏན་སློབ་དབུ་བརྙེས་ཏེ་མི་ལོ་ ༥༠ འཁོར་བའི་དུས་དྲན་མཛད་སྒོར་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

ཆུ་ཚོད་ ༡༤ སྔོན་ལ།
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese