མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་ལ་མཇལ་འཕྲད་གནང་རོཊ།

བོད་ཀྱི་དུས་བབ།
༢༠༡༣/༠༤/༡༦
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་བློ་བཟང་སེང་གེ་ཡུ་རོབ་ཏུ་གཟིཊ་སྐོར་གནང་བཞིན་པའི་སྐབས་འདིར། ཧྥ་རན་སིའི་གྲོས་ཚོཊ་ཚོཊ་གཞོན་གྱིས་ཡུལ་དེའི་ཕྱི་སྲིད་བློན་ཆེན་མཆོག་བོད་མིའི་སྲིད་སྐྱོང་དང་མཇལ་འཕྲད་དགོས་པའི་སྐུལ་མ་གནང་འདུག

ཉེ་ལམ་ནས་བོད་མིའི་སྒྲིག་འཛུཊ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སུད་སི་དང་ཧྥ་རན་སི། སྦེལ་ཇེམ་བཅས་སུ་གཞུང་འབྲེལ་གཟིཊ་སྐོར་གནང་བཞིན་པ་ལྟར། ཕྱི་ཚེས་ ༡༠ ཉིན་སྲིད་སྐྱོང་མཆོག་སུད་སི་གྲོང་ཁྱེར་འཛི་རིག་ཏུ་འབྱོར་སྐབས་ཡུ་རོབ་དམིཊ་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལཊ་དང་། རི་ཀོན་དགོན་པའི་མཁན་པོ། ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་དང་ས་གནས་བོད་རིཊ་ཚོཊ་པ་བཅས་ཀྱིས་ཕེབས་བསུ་ཞུས་ཡོད་འདུག

ཕྱི་ཚེས་ ༡༤ ཉིན་བོད་མིའི་སྒྲིག་འཛུཊ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་༸གོང་ས་མཆོག་གི་གསུང་ཆོས་སྐབས་བསྟུན་ཏེ། སུད་སིར་གནས་སྡོད་བོད་རིཊ་མི་མང་ ༤༥༠༠ བརྒལ་བར་དབུ་མའི་ལམ་གྱི་སྲིད་བྱུས་ངོ་སྤྲོད་དང་འབྲེལ། ད་ཆར་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་མཁན་རྒྱལ་སྤྱི་ཙམ་མིན་པར་རྒྱ་རིཊ་ནང་ཁུལ་དུའང་ཉིན་རེར་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། བོད་དོན་བདེན་མཐའ་མ་སེལ་བར་འཚེ་མེད་ཞི་བའི་ཐོག་ནས་ལམ་དབུ་མ་རྒྱུན་འཁྱོངས་གནང་རྒྱུ། རྒྱ་གཞུང་གིས་དྲག་གནོན་སྲིད་བྱུས་འོག་བོད་ནང་བོད་མི་རང་ལུས་མེར་བསྲེཊ་གཏོང་མཁན་ ༡༡༤ བྱུང་ཡོད་པའི་ཁྲོད་ ༩༦ འདས་གྲོངས་སུ་ཕྱིན་ཡོད་པ། འདས་པའི་མི་ལོ་ ༥༠ རིང་སུད་སི་གཞུང་གིས་ཡུལ་དེའི་བོད་མི་ཚོར་མཐུན་འགྱུར་རོཊ་རམ་གང་ལེཊ་གནང་བར་བསྔཊ་བརྗོད་དང་། བོད་མི་ཚོས་ཀྱང་གནས་ཡུལ་རྒྱལ་ཁབ་ཏུ་བོད་མིའི་ཡ་རབས་བཟང་སྤྱོད་མི་ཉམས་རྒྱུན་འཛིན་དགོས་པའི་གཏམ་བཤད་བཅས་སྤེལ་ཡོད་འདུག

སུད་སི་ཁུལ་གྱི་ལས་རིམ་ཁག་གྲུབ་སྟེ་ཕྱི་ཚེས་ ༡༦ ཉིན་སྲིད་སྐྱོང་མཆོག་ཧྥ་རན་སིར་འབྱོར་ཡོད་པ་ལྟར། ཕྱི་ཚེས་ ༡༥ ཉིན་ཧྥ་རན་སིའི་རྒྱལ་ཡོངས་གྲོས་ཚོཊ་ཚོཊ་གཞོན་སྐུ་ཞབས་ཇིན་པེ་ཊིཀ་གྷིལ་ (Mr. Jean-Patrick Gill) མཆོག་གིས། ཧྥ་རན་སིའི་ཕྱི་སྲིད་བློན་ཆེན་མཆོག་ལ་འབོད་སྐུལ་ཞུ་ཡིག་ཅིག་ཕུལ་ཏེ། བོད་ནང་དུ་རང་ལུས་མེར་བསྲེཊ་གནས་ཚུལ་བསྟུད་མར་ཐོན་བཞིན་པའི་ཛ་དྲག་དུས་འདིར། བློན་ཆེན་མཆོག་གིས་བོད་མིའི་སྲིད་སྐྱོང་མཆོག་དང་མཇལ་འཕྲད་གནང་རྒྱུ་ནི་དུས་ཀྱི་དགོས་མཁོ་དང་འཚམ་པ་ཞིག་ཆཊ་ཡོད་སྐོར་བརྗོད་འདུག

དེ་བཞིན། ཕྱི་ཚེས་ ༡༣ ཉིན་ཧྥ་རན་སིའི་རྒྱལ་ཡོངས་གྲོས་ཚོཊ་འོག་མའི་ནང་ཧྥ་རན་སིའི་གྲོས་ཚོཊ་བོད་དོན་རྒྱབ་སྐྱོར་ཚོཊ་པས། ཡུལ་དེའི་སྲིད་འཛིན་སྐུ་ཞབས་ཕ་རན་ཀོ་ཨིས་ཧོ་ལེན་ཌི་ (Francois Hollande) མཆོག་ལ་རྒྱ་ནག་ཏུ་འཚམས་གཟིཊ་སྐབས་བོད་དོན་གླེང་སློང་དགོས་པའི་འབོད་སྐུལ་ཞུས་ཡོད་ཅིང་། ཉིན་དེར་ཧྥ་རན་སིའི་གྲོས་ཚོཊ་བོད་དོན་རྒྱབ་སྐྱོར་ཚོཊ་པས་ཀྱང་བསྒྲཊ་གཏམ་ཞིག་སྤེལ་ཏེ། ཧྥ་རན་སི་དང་ཡུ་རོབ་མནའ་འབྲེལ་སྒྲིག་འཛུཊ། རྒྱལ་སྤྱིའི་སྤྱི་ཚོཊ་བཅས་ཀྱིས་སོ་སོའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཁེ་ཕན་ཁོ་ནའི་ཆེད། བོད་དོན་སྣང་མེད་དུ་མི་འཇོག་པར་ལངས་ཕྱོཊ་བརྟན་པོ་འཛིན་དགོས་པའི་ནན་སྐུལ་ཞུས་འདུག

ཕྱི་ཚེས་ ༢༠ ནས་ ༢༡ ཉིན་ཡུ་རོབ་བོད་མིའི་མགོ་ཁྲིད་ལྷན་ཚོཊ་དང་ཡུ་རོབ་བོད་རིཊ་སློབ་དགེ་ལྷན་ཚོཊ་ཚོཊ་འདུའི་ཐོག་ལྷན་ཞུཊ་གནང་འཆར་ཡོད་འདུག

གསར་འགོད་པ། དཔལ་ལྡན།  

 

འབྲེལ་ཡོད་གསར་འགྱུར།

Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ།

ཆུ་ཚོད་ ༧ སྔོན་ལ།
Photo Credit: The European Parliament
༸གོང་ས་མཆོག གསར་འགྱུར།

རྒྱ་ནག་གཞུང་གིས་སྐུའི་ཡང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་བྱས།  

ཆུ་ཚོད་ ༨ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༧།༠༥
༸གོང་ས་མཆོག གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡༠ སྔོན་ལ།
The BBC visited the Kirti monastery in Aba as the Dalai Lama turned 90
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བོད་ནང་དུ་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག

༢༠༢༥/༠༧/༠༤
རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག ལྷ་སྲས་བསོད་ནམས་ཀྱི་པར། ༢༠༢༥།༧།༤
Mobile App

རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག

༢༠༢༥/༠༧/༠༤
༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས།

༢༠༢༥/༠༧/༠༤

མཆན། 7

  1. གསེར་འབྲུག་སྡེར་ལྔ་ says:
    ལོ་ 12 སྔོན།

    ཡ་མཚན་རེད། བཀའ་ཤག་སྐབས་སྔོན་པ་མི་ལོ་བཅུའི་རིང་གྲུབ་འབྲས་མི་ཐོན་པར་ད་ལྟ་གཞི་ནས་གྲུབ་འབྲས་སྨིན་ཡོང་བ་ནི་ཡ་མཚན་ནང་གི་ཡ་མཚན་མ་རེད་པས། མ་གཞི་ནས་བཀའ་ཤག་སྐབས་སྔོན་མས་ལོ་ལྔ་ཕར་འགྱངས་ཀྱིས་སྐྱར་ཞུ་མི་དགོས་པ་ཕར་ཟད་གསར་འབྱོར་བ་RC མེད་པར་གསར་བཟོ་མི་ཐུབ་པར་དཀའ་ངལ་གྱི་དོང་དུ་འཚུད་བསྡད་ཀྱང་ཁ་ཡ་མི་བྱེད་པར་མིག་གི་མི་མཐོང་ཁུལ་གྱིས་བཀའ་ཤག་གི་ཡང་སྟེང་དུ་འགྱིངས་བསྡད་པ་དངོས་ཡོད་རེད། ད་དུང་ཕྱི་ཕྱོགས་ལ་ཅི་ཡང་འབྲེལ་བ་མེད་པར་ནང་ཁུལ་གཅིག་པུའི་དང་བླངས་དཔྱ་ཁྲལ་ལག་དེབ་ལྗང་ཁུའི་སྐོར་བོད་མི་མང་པོར་དཀའ་ངལ་རིམ་པ་སྤྲད་ཡོད་པ་ཡང་བཀའ་ཤག་སྐབས་སྔོན་མའི་བྱས་རྗེས་བླ་ན་མེད་པ་ཞིག་རེད། ད་དུང་གནས་དུས་གང་ལ་ཡང་མི་མཐུན་པའི་སྲོལ་རྒྱུན་བསོད་ནམས་ཞིང་ལས་ལ་ཁ་གཡར་ཏེས་གཞིས་ཆགས་ཁག་གི་ཞིང་ཆུ་ས་འོག་ནས་འདྲེན་མི་བཅུགས་པར་ས་ཞིང་སྐམ་བཅུགས་ཏེས་སྟོན་ཏོག་བསྡུ་རྒྱུ་མེད་པ་བཟོས་ཡོད་པ་རེད། མ་གཞི་གྲྭ་པ་དང་གྲྭ་ལོག་འདི་ཚོ་ཅི་ཡང་ལས་མི་དགོས་པར་ཁ་ནང་དཀོར་ཟས་དང་དཀོར་ཆུས་བརྒྱངས་བསྡད་ཙང་དངོས་ཡོད་ཀྱི་གནས་སྟངས་འདི་ཚོ་ཤེས་ཀྱི་མེད་པ་རེད།

    Reply
  2. གྲྭ་ལོག says:
    ལོ་ 12 སྔོན།

    ཤོག་སེང་བློ་སེང་ལ་བྱས་རྗེས་ཤིག་གེ་མེད་པ་དེ་བདེན་པ་རེད། ཆིག་ལབ་ཧར་བཤད་རྒྱག་རྒྱུ་ཤིན་ཏུ་དགའ་བོ་ཡོད་པ་དེའང་བདེན་པ་རེད།

    RC ལོ་ལྔ་རྒྱངས་ཡ་དེའང་བཀའ་ཤག་སྔོན་མའི་དྲིན་རེད།
    བོད་སློབ་འཛིན་ཚོགས་ཀྱང་སྔོན་མའི་དྲིན་རེད། ད་ལྟའི་ཆར་ཚིག་ཐོག་ཙམ་ལས་དོན་ཐོག་གཏན་ཅི་ཡང་འཁེལ་ཡོད་པ་མ་རེད།

    མ་གཞི་བློ་སེང་གིས་གང་ཡང་འཇོན་གྱི་མེད་པ་འདི་གནོན་ཤུགས་ཡོད་པས་མ་རེད་ལ། ཁོང་གི་ཀླད་པ་སྟོང་པ། འབུམ་རམས་པ་རྫུན་མ། མིང་ཙམ་ཡིན་པ། བོད་ཀྱི་རིག་གནས་དང་སྐད་ཡིག་ལ་ཛེ་རོ་ཡིན་པས་རྟགས་འདི་དག་རེད། ད་དུང་ཆོལ་ཁའི་ཕྱོགས་རིས་ཡོད་པ་རེད། ཆུ་སྒང་རྙིང་པའི་ཨབ་ཕྲུག་གཏེ་བོ་ཞིག་རེད། ཁོང་ལ་བཟང་ཆ་ཞིག་དང་ཡོན་ཏན་ཞིག་ཞིབ་ཏུ་བལྟས་ནས་དངོས་གནས་དཀོན་པོ་རེད། སོང་ཙང། ཁོང་སྲིད་སྐྱོང་དུ་སླེབས་པ་ནི་ཕྱོགས་རིས་ཀྱིས་སླེབས་པ་རེད་ལ། ཁོ་རང་ངོས་ནས་རྫུན་བྷཤད་ནས་མགོ་བསྐོར་ནས་སླེབས་པ་མ་གཏོགས། ཡོན་ཏན་དང་བྱས་རྗེས་སོགས་གང་ནས་ཀྱང་སླེབས་པ་མ་རེད། སོང་ཙང། མཇུག་འབྲས་ཀྱང་དེ་བཞིན། མུ་མཐུན་འུར་རྒྱབ། རྫིག་པོ་འཁྲབ། མནའ་བསྐྱལ། དམ་བཅས། ཕོ་ངན་པའི་ལས་ཀ་ལས་སྟངས་དེ་ལས་ཅི་གང་མེད་པ་གསལ་ནས་གསལ་དུ་འགྲོ་ཡི་འདུག ཚང་མས་ལྟོས་དང་ཧ་གོ་ཡི་རེད།།།

    Reply
  3. གསེར་འབྲུག་སྡེར་ལྔ་ says:
    ལོ་ 12 སྔོན།

    འདི་ན་ཤར་ཁུག་གི་འདྲེ་ཕྲུག་དང་ཟམ་གདོང་བཀའ་ཤག་སྐབས་དབུས་གཞུང་ལ་གྲོད་པ་བཙོང་བསྡད་མཁན་དེ་ཚོ་ཡིན་ས་རེད། མ་གཞི་བློ་སེང་འོས་མིར་བཞེངས་སྐབས་ཀྱི་རྩ་བའི་དམ་བཅའ་གསུམ་གྱི་འབོད་སྒྲ་དེས་མི་མང་པོ་ཞིག་གཉིད་ལས་དཀྲོགས་པར་བྱས་ཡོད་ཀྱང་ད་ཆ་ལོ་གཅིག་དང་ཕྱེད་ཙམ་གྱི་རིང་གསར་གཏོད་རང་བཞིན་ལྡན་པ་ཞིག་འབྱུང་མི་ཐུབ་པ་ནི་སྟེང་གི་ལྷས་གཟིགས། བར་བཙན་གྱིས་གཟིགས། འོག་ཀླུས་གཟིགས་ནས་ཁོ་རང་ལ་གསར་གཏོད་བྱེད་པའི་ལམ་ཁ་ཞིག་མེད་སོང་བ་རེད་དྲན་ཡོད། དཔེར་ན་ཨ་རིའི་སྲིད་འཛིན་ཨཱོ་བྷཱ་མས་ཆེད་དང་ཐོག་འགྱུར་བ་ཞེས་པའི་ངར་སྐད་དེས་སྲིད་ཁྲིར་སླེབས་ཐུབ་པ་རེད། འོན་ཀྱང་ལོ་ལྔའི་དུས་ཡུན་རྫོགས་ནས་ཡང་སྐྱར་ལོ་ལྔའི་དུས་ཡུན་གསར་དུ་འགོ་བཙུགས་ཡོད་ཀྱང་འགྱུར་བ་དམིགས་བསལ་བ་ཞིག་གང་ཡང་བཏང་ཐུབ་མེད་པ་རེད། དེ་ནི་གཞན་གང་ཡང་མིན་པར་སྲིད་ཟུར་བྷུ་ཤུ་ཡིས་ཨ་རི་རྙོགས་འཛིང་སྣ་མང་རང་བཞིན་ཅན་གྱི་སྐྱོ་མ་ལུང་པ་གང་གཡོས་སྦྱོར་བྱས་བཞག་པ་དེ་ལྡགས་མ་ཚར་བ་བསྡད་པ་རེད། དེ་དེ་བཞིན་བོད་ཀྱི་ཨོ་བྷ་མ་སེངྒེ་ཡིས་ཀྱང་ཟམ་གདོང་བཀའ་ཤག་གིས་མགོ་འབུལ་ལུས་ལུས་འབུལ་ལམ་ལུགས་དང་རྒྱར་བསྟུན་གྱི་ལམ་ལུགས་མཇུག་སྐྱོངས་ཐུབ་ལ་མི་ཐུབ་ལའི་དུས་ཚོད་བསྐྱལ་རྒྱུ་ལས་གཞན་གསར་གཏོད་བྱེད་པའི་ལམ་ཁ་གཞན་ཞིག་ལྷག་མེད་པ་རེད། གལ་ཏེ་བློ་སེང་ལ་གསར་གཏོད་བྱེད་པའི་རང་དབང་ཞིག་ཡོད་ན་ཕལ་ཆེར་གསར་གཏོད་རང་བཞིན་ལྡན་པ་ཞིག་བྱེད་སྲིད་པ་རེད།

    འོན་ཀྱང་ནང་སྲིད་འཛིན་སྐྱོང་ཐད་གསར་གཏོད་གང་ལ་གང་ཙམ་བྱས་འདུག། དཔེར་ན་ཤེས་ཡོན་ཐད་དགེ་རྒན་སོགས་ཀྱི་སློབ་ཡོན་སྤར་འདུག་ལ་ཉམས་ཐག་དང་དབང་པོ་སྐྱོན་ཅན་སོགས་ཀྱི་ཆེད་དུ་ཡང་རོགས་རམ་གང་ལ་གང་ཙམ་བྱེད་རྒྱུའི་འཆར་གཞི་དང་ལག་བསྟར་འགྲོ་བཞིན་པ་རེད་འདུག། མ་ཟད་ད་དུང་གལ་ཆེ་ཤོས་རྒྱ་གར་ནང་གནས་སྡོད་བྱས་ཆོག་པའི་ལག་དེབ་(RC)ལོ་ལྔའི་དུས་ཡུན་བར་བསྐྱར་ཞུ་བྱེད་མི་དགོས་པ་ཞིག་བཟོས་པ་དེས་ཕན་ཐོག་ངེས་ཅན་ལྡན་ཡོད་ལ་བཀའ་ཤག་སྐབས་སྔོན་མས་དེ་ལྟར་ཕར་ཟད་ལག་དེབ་གསར་བཟོ་བྱེད་རྒྱུར་དཀའ་ངལ་རིམ་པ་འཕྲད་ཡོད་ཀྱང་དཀའ་ངལ་བསེལ་ཐབས་ཧ་ཅང་གི་དཀའ་མོ་ཡིན། རང་རང་སོ་སོས་རྒྱ་གར་ལས་ཁུངས་ཁག་ལ་ཐབས་ཤེས་བྱས་པ་མ་གཏོགས་དབུས་གཞུང་ནས་དེ་འདྲ་ཞིག་ཡིན།

    ད་བློ་སེང་ཕར་འགྲོ་ཚུར་འོང་གི་ལམ་གྲོན་ལ་སེར་སྣ་སྐྱེས་པ་དེ་ཡ་མཚན་རེད། ཟམ་གདོང་བཀའ་ཤག་གིས་རྩིས་ལེན་བྱེད་དུས་བཙན་བྱོལ་གཞུང་བུ་ལོན་གྱི་དོང་ནང་ལྷུངས་འདུག་ཟེར་ཟམ་གདོང་གིས་ས་བསྒྲགས་གནམ་བསྒྲགས་བྱས་སོང་། ད་ཆ་བློ་སེང་གིས་རྒན་ཕོགས་སྤར་དགེ་རྒན་གྱི་བླ་ཕོགས་སྤར་ཉམས་ཐག་སློབ་ཕྲུག་དང་དབང་པོ་སྐྱོན་ཅན་ལ་རོགས་རམ་གྱིས་འགྲོ་གྲོན་བཏང་། དེ་ཚོ་ཚང་མ་ཟམ་གདོང་བཀའ་ཤག་གིས་བསགས་བཞག་པ་དེ་གཅིག་པུ་ནི་ཡིན་རྒྱུ་མ་རེད་པ། གལ་ཏེ་དེ་ཡིན་པའི་དབང་དུ་བཏང་ཡང་ལོ་གཅིག་གཉིས་ལས་འཁྱོངས་ཨེ་ཡོང་། མ་གཞི་ཟམ་གདོང་བཀའ་ཤག་གིས་བུ་ལོན་གྱི་དོང་ནས་ཐོན་ཐུབ་ཙམ་ལས་མ་དངུལ་ཕོན་ཆེན་དེ་འདྲ་བསགས་ཡོད་པ་ཞིག་གོ་མ་མྱོང་། དེ་ལྟ་བས་ན་བཙན་བྱོལ་གཞུང་གི་འགྲོ་གྲོན་ཤུགས་ཆེ་བ་ནུབ་ཕྱོགས་ཁག་ལ་བརྟེན་བསྡད་ཡོད་པ་རེད།
    བློ་སེང་གི་ཕར་འགྲོ་ཚུར་འོང་བྱེད་དོན་གཙོ་བོ་ལམ་དབུ་མའི་དགོངས་དོན་རྒྱལ་སྤྱིའི་རྒྱབ་སྐྱོར་ལ་རེ་བཞིན་ཡོད་པ་མ་ཟད་བོད་ནང་གི་ཛ་དྲག་གི་གནས་སྟངས་རྒྱལ་སྤྱིའི་སྡིང་ཆའི་སྟེང་དུ་སླེབས་རྒྱུ་དེ་གལ་ཆེའི་རང་བཞིན་ཅན་ཞིག་ཡིན་ཙང་མ་འགྲོ་རང་འགྲོ་རེད་ལ། བོད་ནང་གི་ད་ལྟའི་མེར་སྲེག་གི་ཛ་དྲག་གི་གནས་སྟངས་འདི་ལྟ་བུ་བཀའ་ཤག་སྐབས་སྔོན་མར་བྱུང་མྱོང་མེད་པ་རེད།
    མ་གཞི་ཟམ་གདོང་བཀའ་ཤག་སྐབས་ནུབ་ཕྱོགས་ལ་ཕྱིན་ཡོད་མེད་ཇི་ལྟར་ཡང་པེ་ཅིང་ལ་མི་མང་པོ་ཐེངས་མང་བཏང་བ་དེའི་ལམ་གྲོན་ཚང་མ་ཆུ་ནང་གཡུགས་པ་ཁྱད་པར་མེད་ལ་ད་དུང་ཁ་བརྡུང་ཡང་དྲག་པོ་གཟེད་དགོས་བྱུང་བ་རེད། འདི་ཚོར་སེར་སྣ་མི་སྐྱེ་བའི་རྒྱུ་མཚན་ཅི་ཡིན་ནམ།

    Reply
  4. གཟུར་གནས། says:
    ལོ་ 12 སྔོན།

    བཀའ་ཤག་གསར་པ་འདི་ལ་མཚམས་ལན་རེར་གད་མོའང་ཤོར་གྱི་འདུག གང་ཡིན་ཞེ་ན། ཁོང་ཚོའི་གསར་གཏོད་ནི་གཞི་རྩ་གསར་དུ་བཏོད་པ་མིན་ལ། བྱེད་ཕྱོགས་གསར་པར་ཟེར་ཞེས་བཤད་ཀྱི་ཡོད་པ་རེད། བྱེད་ཕྱོགས་གསར་པའི་ཆེད་དུ་བཀའ་བློན་ཚོ་ཀ་བཀྲམས་ནས་ཡར་འགྲོ་མར་འགྲོ་མང་པོ་བྱེད་ཀྱི་འདུག དཔེར་ན། བློ་སེང་དེང་སང་ཡོ་རོབ་ནང་སོང་བ་ལྟ་བུ་རེད། སོང་ནས་ཕན་ཐོག་ག་ཚོད་ཡོང་གི་འདུག ག་རེ་བྱས་ནས་འགྲོ་དགོས་པ་རེད། དེ་རྣམས་ལ་བསམ་བློ་མི་གཏོང་བར་འགྲོ་རྐྱང་བྱས་ན། གནམ་གྲུའུ་གླ་ཆ་གཅིག་པུར་བསམ་བློ་ཅིག་ཐོངས་དང། བཀའ་བློན་ཚོས་སྒེར་ནས་ད་གནང་གི་ཡོད་ཀྱི་མ་རེད། བློ་སེང་གིས་གྲོས་མགོ་འདི་བཏོན་ཡོང་དུ་བཀའ་བློན་ཚོའི་ནང་ན་དེར་དགག་གཞག་བྱེད་མཁན་གཅིག་ཀྱང་ཡོད་པ་མ་རེད། གང་ཡིན་ཞེ་ན། འདོད་ཆུང་ཆོག་ཤེས་ཅན་གྱི་བཀའ་ཤག་དེ་སྐབས ༡༢ པ་དང ༡༣ གཅིག་པུ་ཡིན་ས་རེད། སོང་ཙང། ཕྱི་རྒྱལ་ལ་འགྲོ་རྐྱང་བྱས། དབུ་མའི་ལམ་མུ་མཐུད་ཡིན་གདའ་ཡིན་ན་ཅིག་ལབ་བསྡད་པ་དེ་ག་རེ་ཡིན་པའི་ཁུལ་རེད། ག་རེ་བྱས་ནས་ལབ་དགོས་པ་རེད། ལབ་དགོས་བྱུང་བ་རེད་དམ། མི་མང་གིས་མཁྱེན་བསྡད་ཡོད་པ་རེད། བཤད་ཡ་ཡོད་ན་རྒྱ་ནག་གི་སྐོར་བཤད་དགོས་པ་རེད། བོད་ནང་གི་གནས་སྟངས་སྐྱོབ་པའི་ཐབས་ལམ་བཤད་དགོས་པ་རེད། ཆབ་སྲིད་བཙོན་པ་གློད་ཐབས་བཤད་དགོས་པ་རེད། བོད་རྒྱ་འབྲེལ་མོལ་ཡོང་ཐབས་བཤག་དགོས་པ་རེད། དེ་གཅིག་ཀྱང་མི་འདུག ད་ཕྱོགས་བསྐྱོད་འདི་དག་འཁྲབ་སྟོན་རང་མ་རེད་དམ། ང་ནི་གཞུང་དངུལ་ལ་སེར་སྣ་ཡོང་གི བཀའ་བློན་ཚོའི་ཕྱོགས་བསྐྱོད་འདིས་ཅིག་ཕན་ངེས་པའི་རྟགས་གང་ཡང་མི་འདུག

    Reply
  5. ཀུན་མཁྱེན། says:
    ལོ་ 12 སྔོན།

    བློ་སེང་གིས་ད་བར་ག་རེ་བྱས་ཡོད་པ་རེད་དམ།

    ༡ རང་ལུས་མེར་སྲེག་སྐོར་སྟོན་རྒྱུ་ཡོད་པ་ག་རེ་ཡོད།??????

    ༢ རང་ལུས་མེར་སྲེག་སྐོར་ཆབ་སྲིད་པའི་ཁྲམ་གཏམ་ག་ཚོད་བཤད་མེད་དམ། མདོར་བསྡུས་ན་རང་སྲེག་གི་སྐོར་བོད་མི་ཚོར་མགོ་བསྐོར་ཆེན་པོ་བཏང་ཚར་ཡོད། ?????

    ༣ བོད་རྒྱ་འབྲེལ་མོལ་ཐད་ག་རེ་འཇོན་སོང། ???????

    ༤ སྐུ་ཚབ་མ་བསྐོས་དོན་ག་རེ་རེད་དམ། ?????/

    ༥ ད་དུང་ཞེ་དྲག་མང་པོ་རེད།། མི་འདི་ལ་སུན་གི ་དངོས་གནས་སུན་གི ་་་་་མྱུར་ཏུ་བརྗེ་བོ་རྒྱབ་ན་ཏག་ཏག་རེད། ཆུ་ཚོད་ཚང་མ་འཕྲོ་བརླག་ཏུ་བཏང་སོང།།

    Reply
  6. གླག་ཕྲུག says:
    ལོ་ 12 སྔོན།

    མཆན་འདེབས་པ་སེང་གེས་སྲིད་སྐྱོང་སེང་གེས་བྱེད་ལས་ལ་བདེན་པ་འདྲ་བོ་ཞིག་བཤད་འདུག ང་ཡང་ཚོར་སྣང་དེ་བྱུང་སོང་། ༸གོང་ས་མཆོག་གི་ཆིབས་སྒྱུར་དང་མ་བསྟུན་ན་ཁོང་ལ་ལོ་གཉིས་ཀྱི་གྲུབ་འབྲས་འོད་སྡེར་གང་ནང་བྱུང་ཡོང་། ༸རྒྱལ་བའི་མཛད་འཕྲིན་གྱི་ཆ་ཤས་ལན་མཁས་པའི་མཁས་དབང་མཆོག

    Reply
  7. སེང་གེ says:
    ལོ་ 12 སྔོན།

    བོད་ཀྱི་སེང་གེ་ཀླད་སྟོང་ལ་མཇལ་མ་མཇལ་མི་འདུག མི་འདི་ཀླད་པ་སྟོང་བ་ཞིག་ཡིན་ཐག་ཆོད་རེད། སྔོན་མ་སྲིད་སྐྱོང་ཐོབ་མ་ཐག་འུར་མང་པོ་རྒྱབ་སོང། ད་ཉི་མ་སོང་གི་སོང་གི ག་གང་ཡང་བྱེད་ཡ་མི་འདུག རྒྱལ་བ་རིན་པོ་ཆེའི་རྗེས་ལ་རྒྱུགས་ནས་མི་མང་རྫིག་ཉམས་བསྟན་སྟེ། འོས་ཤོག་རྗེས་མ་ཐོབ་རྒྱུར་ལས་ཀ་བྱས་ན་ངོ་ཚ་བོ་རེད་ཡ། མི་འདི་ལ་ད་གེ་གང་ཡང་མེད་པ་གསལ་བོ་རེད། རང་སྲེག་སྐོར་ཅི་གང་བྱེད་ཡ་མི་འདུག འབྲེལ་མོལ་སྐོར་ཅི་གང་བྱེད་ཡ་མི་འདུག དངོས་གནས་རང་ཅི་གང་མེད་པའི་སྲིད་སྐྱོང་རང་རེད། ཤར་ཕྱོགས་ཁུག་རྟས་སྔ་མོ་ནས་ཤོག་བུའི་སེང་གེ་རེད་ཟེར་བ་བདེན་པ་རེད་ཡ། ད་ཇེ་བདེན་ཇེ་བདེན་རེད།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese