མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་བྱོལ་ཆབ་སྲིད་པས་གླེང་འདོད་མེད་པའི་རྒྱ་ནག་གི་སྟོབས་ཤུགས།

བོད་ཀྱི་དུས་བབ།
༢༠༡༣/༠༤/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཚེ་རིང་རྡོ་རྗེས་བྲིས།

བོད་གཞིས་པའི་གནས་སྟངས་ཛ་ཇེ་དྲག་ཏུ་འགྱུར་ཐེངས་རེར། བཙན་བྱོལ་བ་ཚོའི་བོད་དོན་ཞུ་གཏུག་གི་འབོད་སྒྲའང་འུར་ཟིང་ཆེ་རུ་འགྲོ་བ་དང་། ཕལ་ཆེ་བའི་སེམས་ལ་ཐུན་མོང་དུ་འཆར་བའི་ཐབས་ལམ་ནི་རྒྱལ་སྤྱིའི་རྒྱབ་སྐྱོར་ལ་བརྟེན་ནས་རྒྱ་ནག་ལ་གནོན་ཤུགས་ཆེ་ཙམ་སྤྲོད་འདོད་པ་དེ་ཡིན། ལྷག་པར་དུ་བཙན་བྱོལ་གྱི་ཆབ་སྲིད་པར་ཁས་འཆེས་པ་དག་ལ་མཚོན་ན། ཞུ་གཏུག་གི་ཐབས་ལམ་འདི་ནི་མེད་དུ་མི་རུང་བའི་ཁ་གཡེང་ཞིག་ཡིན་ལ། དེ་དང་བྲལ་ན་ཁོ་ཚོའི་ཆབ་སྲིད་ཀྱི་འཇོན་ཐང་ངོམ་སའི་སྡིངས་ཆ་ཤོར་བ་དང་མཚུངས། དེའི་ཕྱིར་ཁོ་ཚོ་སུས་ཀྱང་ཐབས་ལམ་དེ་ཉིད་འགག་པའི་ཕམ་ཁ་གླེང་འདོད་མེད་པ་དང་།  ཐབས་ལམ་དེའི་ཁ་གཏད་དུ་ལངས་པའི་རྒྱ་ནག་གི་སྟོབས་ཤུགས་ནི་དེ་བས་ཀྱང་གླེང་འདོད་མེད། སྤྱིར་བཏང་གི་ཆ་ནས་ཀྱང་བཙན་བྱོལ་གྱི་ཆབ་སྲིད་པ་དག་གིས་མི་མང་གི་མདུན་ནས་རང་གི་ཕམ་ཁ་ངོས་བླངས་པའི་ལོ་རྒྱུས་ཞིག་ད་སྔ་ཕན་ཆད་ལ་བྱུང་མྱོང་མེད་པར་སྣང་།

དེང་སྐབས་དབྱིན་ཡིག་གི་བྱང་ཚད་རན་པར་ལྡན་ཞིང་སྲིད་དོན་ལ་དོ་སྣང་ཡོད་པ་ཞིག་ཡིན་ཚེ། རྒྱལ་སྤྱིའི་སྲིད་འབྱོར་དམག་གསུམ་གྱི་བརྡ་འཕྲིན་ཁོར་ཡུག་ནས་རྒྱ་ནག་གི་སྟོབས་ཤུགས་ནི་འཆར་ཅན་དུ་མཐོང་ཐུབ། ཆེས་མངོན་གསལ་དུ་མཐོང་བ་ནི་རྒྱ་ནག་གི་དཔལ་འབྱོར་གྱི་སྟོབས་ཤུགས་ཡིན་པ་དང་། དེས་འཛམ་གླིང་གི་སྲིད་གཞུང་དང་། ཚོགས་པ་དང་། སྒེར་བ་བཅས་མང་པོ་ཞིག་གི་རྒྱུ་འབྲས་ཀྱི་བློ་མིག་ལོང་བར་བཏང་། སྟོབས་ལྡན་རྒྱལ་ཁབ་ཚོས་ཁ་ནས་འཛམ་གླིང་ཆིག་སྒྲིལ་ཟེར་ཡང་། དོན་དུ་ཆིག་སྒྲིལ་གྱི་སྙིང་བོ་ནི་དཔལ་འབྱོར་གྱི་ཁེ་བཟང་ལས་མ་འདས།  དེ་ཡང་རྒྱ་ནག་གི་དཔལ་འབྱོར་དེ་འདྲའི་སྟོབས་ཤུགས་ཆེན་པོ་ཆགས་པའི་རྒྱུ་མཚན་རགས་ཙམ་བཤད་ན།  རྒྱ་ནག་གི་མི་གྲངས་དང་། ས་བབ། སྒེར་གཅོད་ཆབ་སྲིད་བཅས་ཀྱིས་ནུས་པ་གལ་ཆེན་ཐོན་པར་འདོད། རྒྱ་ནག་ལ་མི་གྲངས་ཐེར་འབུམ་གཅིག་དང་དུང་ཕྱུར་གསུམ་ལྷག་ཡོད་པ་དང་། དེས་འཛམ་གླིང་སྤྱིའི་མི་འབོར་གྱི་བརྒྱ་ཆའི་ ༡༩ ་༡༣ ཟིན་ཅིང་མི་གྲངས་ཆེས་མང་ཤོས་ཀྱི་རྒྱལ་ཁབ་ཡིན། མི་གྲངས་མང་ན་ངལ་རྩོལ་གྱི་ཐོན་ཁུངས་ཆེ་བ་དང་འགྲོ་འདུག་ཉལ་འཆག་གི་མཐུན་རྐྱེན་མང་པོ་དགོས། རྒྱ་ནག་གིས་ཕྱི་རྒྱལ་ནས་ཐད་ཀར་བཞག་པའི་མ་རྩ་དང་དམངས་ཀྱི་ངལ་རྩོལ་རིན་གོང་ཁེ་བ་ལ་བརྟེན་ནས་ཚོང་ཟོག་བཟོས་ཏེ་ཕྱི་འཚོང་བྱེད་པ་དང་། ནང་གི་དཔལ་འབྱོར་ཡར་རྒྱས་དང་འཛུགས་སྐྲུན་རྒྱ་བསྐྱེད་པར་ནུས་པའི་ཐོན་ཁུངས་ཀྱིས་མི་ལྡང་བས་ཕྱི་ཕྱོགས་ནས་ནང་འདྲེན་བྱེད་དགོས། ཕྱི་རྒྱལ་ནས་རྡོ་སྣུམ་དང་རྡོ་སོལ། གཏེར་རྫས་སོགས་ནང་འདྲེན་བྱེད་པར་མ་དངུལ་གཏོང་བ་དང་། རྒྱལ་ཁབ་གཞན་གྱིས་དེའི་གོ་སྐབས་ལོངས་སུ་སྤྱོད་པ་དང་ཕན་ཚུན་གཅིག་ལ་གཅིག་རྟེན་གྱི་ཚོང་འབྲེལ་བྱུང་། རྒྱ་ནག་གིས་ཕྱི་དངུལ་གསོག་འཇོག་གིས་འཛམ་གླིང་སྤྱིའི་ཕྱི་དངུལ་གསོག་འཇོག་གི་ཆ་ཤས་ངེས་ཅན་ཞིག་ཟིན། ལོ་ཤས་སྔོན་དུ་འཛམ་གླིང་ལ་དཔལ་འབྱོར་ཉམས་ཉེས་བྱུང་བའི་དུས་སུ། རྒྱལ་ཁབ་མང་པོས་རྒྱ་ནག་ལ་བརྟེན་ནས་དཔལ་འབྱོར་སླར་གསོའི་ཐབས་ལམ་བཙལ་དགོས་བྱུང་།

དུས་རབས་ཕྱེད་ལྷག་གི་སྔོན་དུ་འཇར་པན་གྱིས་ཨ་མེ་རི་ཁ་དང་ཚོང་འབྲེལ་བཟུང་ནས་དཔལ་འབྱོར་ཡར་རྒྱས་བཏང་སྟེ་རང་གི་དཔལ་འབྱོར་འཛམ་གླིང་དུ་ཁ་ཕྱོགས་པ་དང་། རིམ་གྱིས་དཔལ་འབྱོར་འཕེལ་ཚད་ཤིན་ཏུ་རྒྱས་ནས་ཨེ་ཤ་ཡའི་མངའ་ཁུལ་དང་འཛམ་གླིང་གི་སྔོན་ཐོན་གྱི་གྲས་སུ་སླེབས། དེ་ནས་ལྷོ་ཀོ་རི་ཡ་དང་། སིན་ག་ཕོར། ཐའེ་ཝན། ཧོང་ཀོང་བཅས་ཀྱིས་ཀྱང་འཇར་པན་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལམ་ཁ་དེ་ལྟ་བུར་བསྙེགས་ནས་རིམ་བཞིན་ཡར་རྒྱས་ལེགས་པའི་གྲས་སུ་སླེབས། ཡུན་རིང་མ་འགོར་བར་རྒྱ་ནག་ཀྱང་དཔལ་འབྱོར་དར་སྤེལ་གྱི་ལམ་བུར་ཞུགས་ཏེ་ནང་ཁུལ་དུ་དཔལ་འབྱོར་བཅོས་སྒྱུར་སྒོ་འབྱེད་དང་། རྒྱལ་སྤྱི་དང་མངའ་ཁུལ་གྱི་ཚོང་དོན་ལ་སོགས་པའི་སྒྲིག་འཛུགས་སྣ་ཚོགས་སུ་ཞུགས། བགྲང་བྱ་ཉི་ཤུ་ལྷག་གི་འབད་རྩོལ་ལ་བརྟེན་ནས་ཕྱི་འཚོང་དང་ནང་འདྲེན། མངའ་ཁུལ་དང་འཛམ་གླིང་གི་དཔལ་འབྱོར་འབྲེལ་ལམ་བཙུགས་པ་དང་། དཔལ་འབྱོར་ཡར་རྒྱས་ཀྱི་གྲུབ་འབྲས་བློ་ཡུལ་ལས་འདས་པ་ཐོབ། དེང་སྐབས་རྒྱ་ནག་གི་དཔལ་འབྱོར་ནི་ཨེ་ཤ་ཡའི་མངའ་ཁུལ་ཙམ་དུ་མ་ཟད། ནུབ་ཕྱོགས་ཀྱི་སྟོབས་ལྡན་རྒྱལ་ཁབ་དག་གིས་ཀྱང་མ་བརྟེན་རང་བརྟེན་ཡིན་པའི་དཔལ་འབྱོར་གྱི་མ་ལག་ཅིག་ཆགས། འདིར་རྒྱ་ནག་གི་ཚོང་དོན་དང་འབྲེལ་བའི་གྲངས་འབོར་གནད་འགག་ཆེ་བ་འགའ་བཀོད་ན། ང་ཚོས་རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་དེ་རོབ་ཙམ་ཧ་གོ་ཐུབ། འཛམ་གླིང་ཚོང་དོན་སྒྲིག་འཛུགས་ཀྱིས་བཏོན་པའི་སྡོམ་རྩིས་ཞིག་ན། ༢༠༡༡ ལོར་རྒྱ་ནག་གིས་ཕྱི་འཚོང་དང་ནང་འདྲེན་བྱས་པའི་ཚོང་རྫས་སྤྱིའི་རིན་འབབ་འདི་འདྲ་འདུག ༢༠༡༡ ལོའི་ནང་དུ། རྒྱ་ནག་གིས་བྱང་ཨ་མེ་རི་ཁ་ལ་ཕྱི་འཚོང་བྱས་པའི་ཚོང་རྫས་སྤྱིའི་རིན་འབབ་ཨ་སྒོར་ཐེར་འབུམ་ ༣༧༤་ ༦༡ དང་། བྱང་ཨ་མེ་རི་ཁ་ནས་རྒྱ་ནག་ལ་ནང་འདྲེན་བྱས་པའི་ཚོང་རྫས་སྤྱིའི་རིན་འབབ་ནི་ཨ་སྒོར་ཐེར་འབུམ་ ༡༥༤་ ༦༧ ཟིན། ལྷོ་དང་དབུས་ཨ་མེ་ཁར་ཕྱི་འཚོང་བྱས་པའི་ཚོང་རྫས་སྤྱིའི་རིན་འབབ་ནི་ཨ་སྒོར་ཐེར་འབུམ་ ༩༤་ ༠༥ དང་། དེ་ནས་རྒྱ་ནག་ལ་ནང་འདྲེན་བྱས་པའི་ཚོང་རྫས་སྤྱིའི་རིན་འབབ་ནི་ཨ་སྒོར་ཐེར་འབུམ་ ༡༠༩ ་༢༦ ཟིན། ཡུ་རོབ་ཏུ་ཕྱི་འཚོང་བྱས་པའི་ཚོང་རྫས་སྤྱིའི་རིན་འབབ་ནི་ཨ་སྒོར་ཐེར་འབུམ་ ༣༨༡ ་༨༩ དང་། དེ་ནས་ནང་འདྲེན་བྱས་པའི་ཚོང་རྫས་སྤྱིའི་རིན་འབབ་ནི་ཨ་སྒོར་ཐེར་འབུམ་ ༢༤༥་༨༥ ཟིན། རང་བཙན་རྒྱལ་ཁབ་མཐུན་ཚོགས་ལ་ཕྱིར་འཚོང་བྱས་པའི་ཚོང་རྫས་སྤྱིའི་རིན་འབབ་ནི་ཨ་སྒོར་ཐེར་འབུམ་ ༦༧་༢༣ དང་། དེ་ནས་ནང་འདྲེན་བྱས་པའི་ཚོང་རྫས་སྤྱིའི་རིན་འབབ་ནི་ཨ་སྒོར་ཐེར་འབུམ་ ༦༥་༥༣ ཟིན། ཨ་ཧྥེ་རི་ཁ་ལ་ཕྱི་འཚོང་བྱས་པའི་ཚོང་རྫས་སྤྱིའི་རིན་འབབ་ནི་ཨ་སྒོར་ཐེར་འབུམ་ ༦༩་༡༤ དང་། དེ་ནས་ནང་འདྲེན་བྱས་པའི་ཚོང་རྫས་སྤྱིའི་རིན་འབབ་ནི་ཨ་སྒོར་ཐེར་འབུམ་ ༩༣་༢༤ ཟིན། དཀྱིལ་ཤར་ས་ཁུལ་ལ་ཕྱི་འཚོང་བྱས་པའི་ཚོང་རྫས་སྤྱིའི་རིན་འབབ་ནི་ཨ་སྒོར་ཐེར་འབུམ་ ༧༩་༦༩ དང་། དེ་ནས་ནང་འདྲེན་བྱས་པའི་ཚོང་རྫས་སྤྱིའི་རིན་འབབ་ནི་ཨ་སྒོར་ཐེར་འབུམ་ ༡༣༤་༡༡ ཟིན། ཨེ་ཤ་ཡའི་ཁུལ་དུ་ཕྱི་འཚོང་བྱས་པའི་ཚོང་རྫས་སྤྱིའི་རིན་འབབ་ནི་ཨ་སྒོར་ཐེར་འབུམ་ ༨༢༤་༨༨ དང་། དེ་ནས་ནང་འདྲེན་བྱས་པའི་ཚོང་རྫས་སྤྱིའི་རིན་འབབ་ནི་ཨ་སྒོར་ཐེར་འབུམ་ ༩༣༤་༧༠ ཟིན། ཡང་སྡོམ་རྩིས་དེར་རྒྱ་ནག་གི་ཚོང་གྲོགས་ཆེ་ཤོས་ཁག་ནི། ཡུ་རོབ་མཐུན་ཚོགས་དང་པོ། ཨ་རི་གཉིས་པ། འཇར་པན་གསུམ་པ། ཧོང་ཀོང་བཞི་བ།  ཐའེ་ཝན་ལྔ་བ་ཡིན་པར་བཤད།

རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་ཆེ་རུ་སོང་བ་དང་མཉམ་དུ། དེའི་རྒྱལ་སྤྱིའི་ཆབ་སྲིད་དང་འཐབ་ཇུས་ཀྱི་སྟོབས་ཤུགས་ཀྱང་ཆེ་རུ་གྱུར། ད་ལྟ་ཨེ་ཤ་ཡའི་མངའ་ཁུལ་དུ་རྒྱ་ནག་གི་སྟོབས་ཤུགས་ལ་འགྲན་ནུས་པའི་རྒྱལ་ཁབ་གཞན་མེད། རྒྱ་ནག་གི་ཨེ་ཤ་ཡའི་མངའ་ཁུལ་གྱི་སྟོབས་ཤུགས་དེས་ཨ་རི་སྲིད་གཞུང་ལའང་བློ་འཚབ་སྐྱེས་སུ་བཅུག རྒྱ་ནག་གི་སྟོབས་ཤུགས་ཨེ་ཤ་ཡའི་མངའ་ཁུལ་དུ་ཡར་འགྱིངས་པ་ན། འཛམ་གླིང་ན་ཨང་དང་པོར་ཆགས་པའི་ཨ་རིའི་སྟོབས་ཤུགས་ཀྱང་ཨེ་ཤ་ཡའི་མངའ་ཁུལ་ནས་རེ་ཞིག་ཉམས་ཞན་པའི་གནས་སུ་ལྷུང་། ད་ལྟ་དཔལ་འབྱོར་གྱི་སྟོབས་ཤུགས་ཙམ་དུ་མ་ཟད། རྒྱལ་སྤྱིའི་གནད་དོན་གལ་ཆེན་གྱི་ཕྱོགས་ནས་རྒྱལ་ཁབ་སྟོབས་ལྡན་ཚོས་རྒྱ་ནག་གི་གདོང་ལ་ལྟ་དགོས། ཁྱིམ་མཚེས་རྒྱལ་ཁབ་ཁ་ཅིག་གིས་རྒྱ་ནག་གི་རོགས་སྐྱོབ་ལ་བརྟེན་ནས་ནང་ཁུལ་གྱི་བདེ་འཇགས་བསྲུང་དགོས་པ་དང་། གཏེར་ཁ་ཡིས་ཕྱུག་པའི་ཨ་ཧྥེ་རི་ཁ་གླིང་དང་ལ་ཏྲིན་ཨ་མེ་རི་ཁ་གླིང་གི་རྒྱལ་ཁབ་ཁག་ཅིག་དང་། ར་ཤི་ཡ། ཨོ་སི་ཁྲི་ལི་ཡ་ལ་སོགས་ཀྱིས་རྒྱ་ནག་ལ་རྡོ་སྣུམ་དང་། གཏེར་རྫས།  སོལ་རླངས་སོགས་བཙོང་ནས་ཁེ་བཟང་ཕར་ཟ་ཚུར་ཟ་བྱེད།

མདོ་དོན་གཅིག་ཏུ་དྲིལ་ན། ཨེ་ཤ་ཡ་མངའ་ཁུལ་དང་འཛམ་གླིང་ལ་དཔལ་འབྱོར་ཆིག་སྒྲིལ་བྱས་པ་བརྒྱུད་ནས་ད་ཆར་རྒྱ་ནག་ནི་འཛམ་གླིང་གི་དཔལ་འབྱོར་མ་ལག་གལ་ཆེན་ཞིག་དུ་གྱུར་བ་དང་། རྒྱལ་ཁབ་ཆེ་འབྲིང་ཆུང་གསུམ་གྱི་དཔལ་འབྱོར་ཡར་རྒྱས་ནི་རྒྱ་ནག་དང་གཅིག་ལ་གཅིག་རྟེན་གྱི་འབྲེལ་བ་དམ་ཟབ་ཆགས། དམངས་གཙོ་དང་སྟོབས་ལྡན་གྱི་རྒྱལ་ཁབ་ཚོས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་དྲང་བདེན་གཙིགས་སུ་འཛིན་པའི་རྣམ་འགྱུར་ལ་གཡོ་འགུལ་ཐེབས་པ་དང་། སྟོབས་ལྡན་རྒྱལ་ཁབ་ཚོས་རང་གི་མི་དམངས་ཀྱི་ཐོབ་ཐང་དང་དཔལ་འབྱོར་གྱི་ཁེ་ཕན་ནི་བླ་ན་མེད་པའི་དོན་ཆེན་དུ་བརྩི་ནའང་། བཙན་གནོན་མྱོང་བཞིན་པའི་ཉམ་ཆུང་བོད་མི་ལྟ་བུར་རྒྱབ་སྐྱོར་བྱ་དགོས་ཚེ། གཡོལ་ཐབས་དང་རྣམ་འགྱུར་ཤི་མ་གསོན་ཙམ་སྟོན་པ་ཡིན། རྒྱ་ནག་གཞུང་གིས་ཆབ་སྲིད་སྒེར་གཅོད་ལ་བརྟེན་ནས་རྒྱ་མི་རིགས་དང་མི་རིགས་གཞན་ལ་བཙན་གནོན་དང་བཤུ་བཞོག་བྱས་པ་ལས་བྱུང་བའི་དངུལ་སྒོར་མི་གཙང་བ་དེ་ལ་རྒྱལ་ཁབ་མང་པོས་ཧབ་ཐོབ་བྱེད་པ་དང་། ཁོ་ཚོས་རང་ལ་རག་པའི་དངུལ་སྒོར་ཡོང་ཁུངས་མི་གཙང་བ་དེའི་ཆ་ཤས་ཉུང་ངུ་ཉུང་ངུ་ཙམ་ཞིག་ཉམ་ཆུང་མི་རིགས་དང་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པ་རྣམས་ལ་གནང་སྦྱིན་གྱི་ཚུལ་དུ་སྤྲད་དེ་རོགས་སྐྱོར་ཀྱི་རྣམ་འགྱུར་ཆེན་པོ་སྟོན། བོད་མི་བཙན་བྱོལ་བ་ཉམ་ཆུང་ཚོས་ཀྱང་རོགས་དངུལ་དེའི་ཡ་ང་བའི་འབྱུང་ཁུངས་ལ་དོགས་སྣང་མེད་པར་དྲིན་ཚོར་གྱི་མིག་ཆུ་ཤོར་གྲབས་བྱེད་པ་དང་། རྒྱལ་ཁབ་དེ་ཚོས་བོད་དོན་ལ་བདེན་པའི་རྒྱབ་ལངས་བྱེད་པར་རེ་ལྟོས་ཆེན་པོ་འཆང་། བརྡ་འཕྲིན་དང་ཤེས་ཚད་ཀྱི་མཐུན་རྐྱེན་མེད་པ་ཚོས་དངོས་ནས་མ་ཤེས་ན་ཅི་ཁག  འོན་ཀྱང་། བཙན་བྱོལ་གྱི་ཆབ་སྲིད་པ་ཚོས་ད་ལྟའི་རྒྱ་ནག་གི་སྟོབས་ཤུགས་དང་བོད་དོན་ཞུ་གཏུག་གི་འགག་ས་གང་ཡིན་དམར་རྗེན་དུ་མཐོང་ཡང་མི་མང་ལ་དྲང་པོར་བརྗོད་རྒྱུ་ལྟ་ཞོག  ད་དུང་འཇོན་མདོག་མདོག་གི་ཆབ་སྲིད་ཟློས་གར་ཞིག་འཁྲབ་པ་འདི་ཇི་འདྲའི་ཐབས་སྐྱོ་ཨང་།།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༨ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༨ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༣ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 3

  1. ཡར་ཀླུང་ལྷ་རྗེ། says:
    ལོ་ 13 སྔོན།

    འདི་ནི་དངོས་ནས་ཡག་པོ་ཞིག་བྲིས་འདུག། བདེན་པ་རེད། ༸གོང་ས་༸མཆོག་ནས་དེང་སྐབས་ཁ་གསལ་སྟབས་བདེའི་ཆེད་བོད་པ་དེང་ཐབ་ཤེས་ཡོད་རྒུ་བྱས་ནས་ཕྱི་རྒྱལ་ཁག་ཡོ་རོབ་དང། ཨ་མི་རི་ཁ་འགྲོ་གི་འདུག་ག་དེ་ཚོ་ཆོས་དང་མི་རིགས་ཀྱི་དོན་དུ་མ་ཡིན་པར་ཌོ་ལ་ཆེད་ཡིན་ཞེས་གསུངས་བཞིན་པ་དེ་ཡིན། མདོ་བསྡུས་ན་དེང་དུས་དངུལ་མེད་ན་ནང་མེད་པ་གཅིག་པ་ཡིན་ལ། མི་རིགས་དང། རྒྱལ་ཁབ། ངའི་ལྟ་བ་དང། ཁྱོད་ཀྱི་ལྟ་བ། བརྗོད་རྒྱུ་ལྷགས་མེད།

    Reply
  2. རྨེའུ་དཀོན་རྒྱམ། says:
    ལོ་ 13 སྔོན།

    ཐེངས་གཉིས་ལ་བཀླགས་ཟིན། ངོ་མ་དོན་སྙིང་ལྡན་པ་ཞིག་བྲིས་འདུག ཐུགས་རྗེ་ཆེ།

    རྒྱ་གཞུང་དང་དེའི་སྲིད་བྱུས་བསྔོག་འདོད་ན། ང་ཚོའི་ཕྱོགས་ནས་གྲ་སྒྲིག་ག་རེ་བྱེད་དགོས་སམ།
    རྒྱ་ནག་གི་སྟོབས་ཤུགས་ངོ་མ་དེ་གང་ཞིག་གི་ཕྱོགས་སུ་མཆེད་ཡོད་དམ།
    ང་ཚོས་རྒྱ་ནག་ལ་འཐབ་རྩོད་བྱེད་སྟངས་དེ་རྒྱ་གཞུང་གི་སྟོབས་ཤུགས་འགུལ་ཐུབ་རྒྱུ་རེད་དམ།
    རྒྱ་གཞུང་དང་དེའི་སྲིད་བྱུས་ལ་བསྐྱར་ཞིབ་ཚོགས་ཆུང་ཞིག་ཨེ་ཡོད་དམ།

    Reply
  3. གཟུ་པ། says:
    ལོ་ 13 སྔོན།

    དེ་རིང་ཚེ་རིང་རྡོ་རྗེ་ཞུ་བས་བསམ་བློ་གཏོང་རྒྱུ་ཡོད་པ་ཞིག་བྲིས་འདུག ཡིན་ནའང། བཙན་བྱོལ་ནང་གི་དེང་དུས་ཆབ་སྲིད་པ་དབུ་མ་ཁ་ཨ་ཝ་ཌི་བློ་བཟང་སེང་གེ་དང། རང་བཙན་ཁ་ཚོགས་གཙོ་ཟུར་པ་ཀརྨ་ཆོས་འཕེལ་གཙོས་ཆབ་སྲིད་པ་དབུ་མ་བ་དང་རང་བཙན་པ་ཚང་མས་དཔལ་འབྱོར་ཐད་ཀྱི་རྒྱ་ནག་གི་འགྱིངས་ཉམས་འདི་དང། དེར་ཨ་རི་དང་ཡོ་རོབ། གཙོས་རྒྱལ་ཁབ་ཁག་གིས་རྐུབ་ལྡགས་རྐྱང་ལྕེ་སྣར་རྐྱང་བྱེད་ཀྱི་ཡོད་པ་ཚོར་ཡོད་པ་རེད། ཆབ་སྲིད་པ་རང་བཙན་པ་ཚོས་རྒྱ་ནག་གི་བརྟན་བརླིང་ལ་ཉེན་ཁ་ཡོད་པ་ནས་དཔལ་འབྱོར་གྱི་གནས་བབ་འདིར་ཞེད་སྣང་མི་བྱེད་པ་དང། ཆབ་སྲིད་པ་དབུ་མ་པ་ཚོས་དཔལ་འབྱོར་གནས་སྟངས་འདིར་བསྟོད་བསྔགས་གཏོང་ཞོར་རྒྱ་ནག་རྒྱལ་སྤྱིའི་ནང་ཆེ་མཐོང་ལྡན་པ་ཞིག་ཡོང་རྒྱུར་འབོད་སྐུལ་བྱེད་བཞིན་ཡོད་པ་རེད། འབོད་སྐུལ་དེའི་ནང་དུ་བོད་ཀྱི་དཀའ་ངལ་རང་སྐྱོང་གི་ལམ་ནས་ཐག་གཅོད་བྱེད་འདོད་ཡོད་པ་དེ་རེད།

    གང་ལྟར་རྒྱ་ནག་གི་གནས་བབ་ངོ་མ། རྒྱ་ནག་མི་མང་གི་རྒྱལ་ཞེན་དམར་རྗེན། བཙན་བྱོལ་ཆབ་སྲིད་པ་རྣམས་ཕར་ཟད། རྒྱ་ཆེའི་དད་ལྡན་མི་མང་གིས་ཡག་པོ་ཞིག་ཤེས་ཐུབ་ན། ང་ཚོས་ཏན་ཏན་འགྲོ་ས་ཅིག་རེག་གི་རེད། དེའི་ཆ་ནས་རྒྱལ་སྤྱིའི་ཚོང་དོན་སྤྱི་ཆིངས་ནང་གི་གྲངས་ཐོ་འདིར་དྲངས་ནས་ཕྱོགས་སྟོན་བྱས་པ་ཡག་པོ་བྱུང་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese