མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉལ་ལག་བྲང་ལ་ཞོག་དང་།

བོད་ཀྱི་དུས་བབ།
༢༠༡༣/༠༤/༡༨
Share on FacebookShare on TwitterShare on EmailShare on Whatsapp

མིག་མི་འཛུམ།

མི་གསོན་པོ་མེར་བསྒྲོན་པའི་ཚག་སྒྲ་དང་གཞོབ་དྲི། ལྷབ་ལྷུབ་ཀྱི་མེ་ལྕེ་མ་མཐོང་བར་དུས་ཡུན་གང་འཚམ་འགོར་བའི་དེ་རིང་། བཙན་བྱོལ་གཞུང་དང་མི་མང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་སོགས་ཀྱང་ཅུང་ཁོམ་པའི་སྣང་བ་ཞིག་གིས་ལྷོད་ལྷོད་འདྲ་ཞིག་མཐོང་། ཡིན་ནའང་ལོ་གཅིག་གི་ཉི་མ་སུམ་བརྒྱ་དྲུག་ཅུར་མི་ཁོམ་པའི་མི་གཅིག་རང་ཡོད་པ་ དེ་༸གོང་ས་མཆོག་ཡིན་ལ། ད་ལྟའང་ཡུ་རོབ་སོགས་སུ་ཆིབས་བསྒྱུར་བསྐྱངས་ནས་འགྲོ་དོན་མཛད་ཀྱི་ཡོད།

མི་ལོ་ཧྲིལ་བོ་དྲུག་ཅུ་ཐམ་པའི་རིང་སྐུ་ངལ་མྱངས་ཤིང་། ལས་ཁྱུར་བཏང་ཟིན་ནའང་། དགུང་ལོ་བརྒྱད་ཅུར་ཉེ་ནའང་ད་དུང་ང་ཚོའི་དོན་དུ་སྐུ་ངལ་མྱོང་གི་ཡོད། ཉེ་བའི་ཆར་སྒང་ཏོག་གི་བཀའ་སློབ་དང་བལ་ཡུལ་མི་མང་ལ་བསྩལ་བའི་བཀའ་སློབ། ད་སྐབས་ཡུ་རོབ་ཀྱི་ཡུལ་གྲུ་ཁག་གི་བཀའ་སློབ་སོགས་ལ་མཇལ་སྐབས། དངོས་གནས་མི་ཞིག་ལ་མཚོན་ནས་བཤད་ན་སེམས་ཤུགས་ཆག་གི་མེད་འགྲོ་བསམ་པའི་བཀའ་ནན་མོ་གནང་གི་འདུག དངོས་གནས་བཤད་ན། ད་བར་དུ་འུ་ཅག་གིས་ཁོང་གི་བཀའ་གསུང་བརྩི་ཡི་འདུག་གམ། མི་རེ་རེའི་ངོས་ནས་བསམ་བློ་ཞིག་བཏང་ན། དཀའ་སྡུག་གིས་གདུང་བའི་བགྲེས་སོང་ཞིག་གིས་ད་དུང་འདི་འདྲའི་དཀའ་ལས་རྒྱག་དོན་སུ་ཡིས་དོན་རེད་དམ། དེའི་ཕྱིར་མི་རང་རང་གི་ཉལ་ལག་བྲང་གིས་བསམ་བློ་ཞིག་གཏོང་དགོས་པའི་དུས་ཚོད་འཕྱི་མེད་ན་སྔ་ག་ལ་ཡོད།

བོད་ནས་གསར་དུ་འབྱོར་བའི་མི་དག་བལ་ཡུལ་སྣེ་ལེན་ཁང་ནས་གཞུང་དང་རྒྱལ་བ་རིན་པོ་ཆེ་ཟོས་ནས་རྡ་སར་ཡོང་། ངྷ་ས་ནས་ཀྱང་དེ་ལྟར་བསྡད་དེ་རང་གི་གཞུང་དང་རྒྱལ་བ་རིན་པོ་ཆེར་སྲི་ཞུ་སྒྲུབ་རྒྱུའི་བསམ་བློའི་ཚབ་ལ་ཕྱི་རྒྱལ་དུ་འགྲོ་རྒྱུ་དང་། གལ་སྲིད་ཕྱི་རྒྱལ་དུ་མ་ཐར་ཚེ་ཕྱིར་བོད་དུ་ལོག་འགྲོ་ཡི་ཡོད། ཡང་བཙན་བྱོལ་ཁྲོད་འཚར་ལོངས་བྱུང་བའི་ན་གཞོན་ཚོས་ཀྱང་སློབ་སྦྱོང་མཐར་ཕྱིན་རག་བར་དུ་རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་ཟོས་ཤིང་། རང་མགོ་ཐོན་མ་ཐག་འཕུར་འགྲོ་རྒྱུ་གཅིག་བུར་བསམ་བློ་གཏོང་གི་ཡོད། ཐ་ན་གཞུང་ཞབས་དག་ཀྱང་གནས་སྐབས་ཀྱི་ལྟོ་རྒྱབ་ཆེད་གངས་ཅན་སྐྱིད་གཤོངས་ལ་གནས་འཆའ་བ་མ་གཏོགས། དོན་དངོས་ཀྱིས་ནམ་འཕུར་ཐུབ་ན་དེ་དུས་འཕུར་འགྲོ་ཡི་ཡོད། ལྷག་པར་དུ་གཞུང་གི་མིང་ཐོག་ནས་ཕྱི་རྒྱལ་ཁག་ཏུ་སློབ་སྦྱོང་ལ་སོང་བ་དང་གཞུང་ལ་བུ་ལོན་གཡར་ནས་སོང་བ་དག་ཀྱང་འཕུར་ཚར་དུས་ཉ་མོ་ཆུ་ལ་འཁྱུག་པ་བཞིན་དུ་འགྱུར་འགྲོ

རྒྱུ་མཚན་དེ་དག་ལ་བརྟེན་ནས་ད་སྐབས་བཙན་བྱོལ་གྱི་སློབ་གྲྭ་ཁག་དང་དགོན་སྡེ་ཁག་སྟོངས་ཉེན་གྱིས་འཚོ་བ་དང་། ཉིས་སྟོང་གཅིག་གཉིས་དང་བསྡུར་ན་བཙན་བྱོལ་དུ་འོང་མཁན་མེད་པར་ཕྱི་ལ་འགྲོ་མཁན་མང་བས་ཕྱོགས་སོ་སོ་ནས་སྟོངས་ཉེན་ཡོད། དེ་ལ་གཞུང་གི་ལས་ཀྱི་སྣེ་མོ་དག་བློ་ཚབ་སྐྱེས་གཞིར་གྱུར་ནས། སྐུ་ངོ་བློ་བཟང་སེང་གེ་མཆོག་ངྷ་སའི་བོད་པའི་སྤྱི་ཚོགས་ལ་གཟིགས་ཞིབ་དང་རྒྱུས་ལོན་བྱེད་དུ་ལན་དུ་མར་ཕེབས་དགོས་བྱུང་ཡོད།

དྲང་མོར་བཤད་ན། གོང་གི་དེ་དག་ནི་སྤྱིར་བཏང་གི་གནས་སྟངས་ཙམ་རེད། དེའི་ཐད་ལ་རྒྱལ་བ་རིན་པོ་ཆེ་དང་གཞུང་སུ་ཡིན་ཡང་བསམ་ཚུལ་གང་ཡང་མེད་ངེས་ཡིན། འོན་ཀྱང་ཟས་ནང་ནས་ཟོས་རྗེས་སྒོང་བ་ཕྱི་ལ་གཏོང་མཁན་གྱི་རིགས་ནི་ཧ་ཅང་གི་བློ་འཚབ་སྐྱེས་འོས་པ་ཞིག་ཡིན། དཔེར་ན། བཙན་བྱོལ་དུ་བསྡད་ནས་རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་གི་ཟ་མ་ཟ་ཞོར་དུ་ཁ་གཏོང་མཁན་གྱི་རིགས་ཇེ་མང་དུ་འགྲོ་ཡི་ཡོད། ༸གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་ཇེ་མང་དུ་འགྲོ་ཡི་འདུག ༸གོང་ས་མཆོག་གི་དགོངས་གཞི་ལ་ལོག་འགྲེལ་རྒྱག་མཁན་ཡོད་པ་འདི་དག་ནི་དངོས་གནས་ངན་པ་ངོ་ལ་ལྡིང་བ་ཁོ་ནར་མཐོང་། ཧ་ཅང་གནས་སྟངས་ཉག་ཕྲ་བའི་སྐབས་འདིར། ང་ཚོའི་མི་རེའི་ངོ་རེའི་ཐད་ནས་༸གོང་ས་མཆོག་ལ་ཐུགས་ཕམ་འབྱུང་གཞིའི་ལས་ཀ་ཕྲ་མོ་ཙམ་ཡང་བྱ་མི་འོས། གནད་དོན་གང་ལ་ཐུག་ནའང་༸གོང་ས་མཆོག་ལ་མཚན་སྨད་ཀྱི་ཟུར་ཙམ་ཡང་ཞུ་མི་འོས། བགྲེས་སོང་ཁོང་ལ་དེ་མི་འབབ།

༢༠༡༣ ། ༤ །  ༡༦ ལ་བྲིས།

འབྲེལ་ཡོད་གསར་འགྱུར།

Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

ཆུ་ཚོད་ ༩ སྔོན་ལ།
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

ཆུ་ཚོད་ ༩ སྔོན་ལ།
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦

མཆན། 5

  1. གནས་ཚང་། says:
    ལོ་ 13 སྔོན།

    བསྟན་ཆོས་ལགས་ཕེབས་ནས་བཀའ་སློབ་གསོལ་བསྩལ་གནང་བར་བཀའ་དྲིན་བླ་ལྷག་གིས་ཞུ་བཞིན་ནའང་། འཛམ་གླིང་ཁ་རྒྱབ་ལ་གྱོན་བཞིན་དུ་འདི་ལྟར་བཤད་ན། ལས་རྒྱུ་འབྲས་ཞེས་པ་ཞིག་གང་དུ་ཡོད་དམ། ཇག་པ་དང་ཁྲམ་པ་ཚང་མ་ལོ་སངས་རྒྱས་ཀྱི་རྣམ་སྤྲུལ་མ་ཡིན་ནམ།

    Reply
  2. བསྟན་ཆོས། says:
    ལོ་ 13 སྔོན།

    མིག་མི་འཛུམ་ལགས། ད་རབས་ཀྱི་འདི་ལྟ་བུའི་ཁ་ཡང་མི འཛུམ་པ ལ་རེ་བསྐུལ་ཞུ།

    Reply
  3. བསྟན་ཆོས། says:
    ལོ་ 13 སྔོན།

    སྤྱིར་སུ་ཡིན་ཡང་རང་ལ་བསམ་བློ་རེ་འཁོར་ཚེ་ཡི་གེབ། དེ་གང་ཞིག་ལ་གཏོང་རྐྱང་བྱས། དེ་ནས་ཀྱང་བཏོན་རྐྱང་བྱས། གོ་ནས་རིན་ཐང་མི་འདུག མི་མི་འཛ་གྱི་འདི་བཞིན རེད། དོན་ལ་ཁ་སྡོད་རེ་མེད་ཙམ་རེད། དེ་ལས་ཀྱང་གནས་ཚང་ལྟ་བུ་ནམ་ཡིན་ན་ཅིག་བཤད་སར་མ་ཚུད་པར་སྡད་འདུག་ཡིག་རྙོག ཨང་ཨང་་ད་མི་བཤད། བཙན་བྱོལ་བོད་ཡོང་སྒོ་གང་གི་ཡིན་མིན་ཤེས་མདོག་གི་གླེན་བཤད་ལ་ལྟོས་དང།

    Reply
  4. གནས་ཚང་། says:
    ལོ་ 13 སྔོན།

    དོན་ལ་གོང་ས་མཆོག་དང་སྐྱབས་བཅོལ་སྒྲིག་འཛུགས་ནི་རོགས་དངུལ་དེ་དག་དོ་དམ་པ་དང་བགོ་འགྲེམས་པ་རེད།

    Reply
  5. གནས་ཚང་། says:
    ལོ་ 13 སྔོན།

    སྐུ་ལས་བསྐྱོན་བཞིན་པ་བདེན་པ་རེད་ལ། མང་ཚོགས་ཀྱི་བསམ་འདུན་ངོ་མ་གང་ཡིན་གསན་རྒྱུའང་ཁ་ཚ་དགོས་གཏུག་རེད། དེ་མ་གཏོགས་སྤྲེལ་ལད་མིག་ལ་མཛེས་ཀྱང་སྙིང་པོ་ཡོག་མ་རེད།

    གཞན་གསར་འབྱོར་བས་རྒྱལ་བ་རིན་པོ་ཆེ་དང་གཞུང་ཟོས་ནས་ཡོང་བ་རེད་ཅེས་པ་འདི་མ་རིག་པའི་གཏམ་རེད། རྒྱུ་མཚན་ནི་གསར་འབྱོར་བའི་ཟ་ཡ་འཐུང་ཡ་ཆ་ཚང་འཛམ་གླིང་མི་མང་གི་རོགས་དངུལ་རེད་ལ། ཡོང་ས་སྐྱབས་བཅོལ་ལས་ཁུངས་རེད། དེ་བས། འཛམ་གླིང་མི་མང་ནི་མར་གྱུར་སེམས་ཅན་ངོ་མ་དེ་རེད། དེ་བས། གོང་ས་མཆོག་དང་སྐྱབས་བཅོལ་སྒྲིག་འཛུགས་ནི་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese