མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་ནུབ་བྱང་བོད་རིགས་ཚོགས་པའི་ཀྱག་ཀྱོག་གི་ལམ་བུ།

བོད་ཀྱི་དུས་བབ།
༢༠༡༣/༠༤/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་ནུབ་བྱང་མངའ་སྡེ་འོར་གྷན་ནང་གི་གྲོང་འཁྱེར་ཆེ་ཤོས་ཕོར་ཏྲི་ལན་(Portland) དང་། ཝ་ཞིན་ཏྲོན་མངའ་སྡེའི་ལྷོ་ནུབ་ཏུ་ཡོད་པའི་གྲོང་འཁྱེར་ཝན་ཁོའི་ཝར་(Vancouver) གཉིས་ནི་སྙན་གྲགས་ཆེ་བའི་ཁོ་ལོམ་བྷི་ཡ་གཙང་པོའི་(Columbia River) ཕྱོགས་གཉིས་སུ་གནས་ཡོད་ལ། གཙང་པོ་དེ་མངའ་སྡེ་འདི་གཉིས་ཀྱི་ས་མཚམས་ཀྱང་ཆགས་ཡོད། གྲོང་འཁྱེར་ཕོར་ཏྲི་ལན་དང་ཝན་ཁོའི་ཝར་གཉིས་ཕར་ཚུར་བར་ཐག་ཉེ་པོ་དང་འགྲིམ་འགྲུལ་སྟབས་བདེ་ཡིན་སྟབས། གྲོང་འཁྱེར་འདི་གཉིས་བར་མང་ཚོགས་འགྲོ་སྐྱོད་དང་ཉོ་ཚོང་སྐྱེལ་འདྲེན་ཡང་ཧ་ཅང་འཁྲུག་ཆ་དོད་པོ་ཡིན།

ས་གནས་འདི་གཉིས་ནང་ཐོག་མར་ ༡༩༦༧ ལོར་བཙན་བྱོལ་བོད་གཞུང་ནང་སྲིད་ལས་ཁུངས་ཀྱིས་བོད་མི་ ༦ ཙམ་ཤིང་ནགས་གཅོད་འབྲེག་གི་ལས་ཀར་བཏང་འདུག་ལ། ཕྱིས་སུ་ ༡༩༦༩ ལོར་ནང་སྲིད་ལས་ཁུངས་ཀྱིས་སླར་ཡང་མི་ ༢༩ ཤིང་གཅོད་པར་བཏང་འདུག ༡༩༩༣ ལོར་བོད་མི་ཆིག་སྟོང་ཨ་རིར་གཞིས་སྤོ་བྱས་པའི་ཁུངས་ནས་མི་ ༥༠ ས་གནས་འདི་གཉིས་སུ་བསླེབས་ཡོད་འདུག རིམ་བཞིན་དེ་དག་གི་ནང་མི་དང་། དེ་མིན་གྱི་བོད་མི་མང་པོ་སྔ་ཕྱིར་འབྱོར་ཏེ། ད་ལྟ་ས་གནས་འདི་གཉིས་ནང་ཁྱོན་བསྡོམས་བོད་མི་ ༦༠༠ ལྷག་ཡོད་པར་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། དེ་དག་ལས་མང་ཆེ་བ་ཕོར་ཏྲ་ལན་མངའ་ཁུལ་དུ་གནས་ཡོད།

༡༩༩༣ ལོ་ནུབ་བྱང་བོད་མིའི་རིག་གནས་ཚོགས་པ་ཞེས་པ་གསར་འཛུགས་གནང་བ་ནས་བཟུང་ལོ་མང་རིང་ས་གནས་འདིར་བོད་ཀྱི་སྐད་ཡིག་དང་། ཆོས་དང་གཞུང་རྒྱུན་འཛིན་སྤེལ་གསུམ་ཐོག་འབད་བརྩོན་གནང་ཡོད་པ་དང་། ༢༠༠༡ ལོར་ནུབ་བྱང་བོད་མིའི་རིག་གནས་ཚོགས་པས་༧གོང་ས་མཆོག་འདི་ག་ཕོར་ཏྲི་ལན་གྲོང་འཁྱེར་དུ་གདན་འདྲེན་ཞུས་སྐབས། ས་འདིར་མིང་གྲགས་ཆེ་པའི་ལེ་མིལ་སིན་(Lemelson)ཞེས་པའི་ཁྱིམ་ཚང་ཞིག་གིས་སྤྱིའི་རྒྱ་ཁྱོན་ལ་ཨེ་ཀར་ ༩ ཡོད་པའི་ཁང་ས་ཆེན་པོ་ཞིག་ཚོགས་པ་འདིར་ཞལ་འདེབས་སུ་ཕུལ་འདུག་པ་དང་། ཁྱིམ་ཚང་དེའི་ཁྱིམ་བདག་འེ་རེ་ཁི་ལེ་མལ་སིན་(Eric Lemelson) ཞུ་བས་ཨ་སྒོར་ས་ཡ་གཅིག་ཞལ་འདེབས་གནང་བར་བརྟེན། ༢༠༠༡ ལོར་ནུབ་བྱང་བོད་མིའི་རིག་གནས་ཚོགས་པས་བོད་ཁང་ཞིག་ཉོས་ཏེ། འདས་པའི་ལོ་ངོ་ ༡༡ ཙམ་གྱི་རིང་ས་གནས་མང་ཚོགས་འདུ་མཛོམས་དང་། རྒྱུན་ལྡན་གྱི་དུས་ཆེན་ཁག་སྲུང་གཙི། གཟའ་ཉི་མའི་བོད་ཡིག་འཛིན་གྲྭ་སོགས་དེ་གར་ཚོགས་ཡོད་འདུག

རིམ་བཞིན་ས་གནས་འདིར་བོད་མི་ཇེ་མང་དུ་ཕྱིན་ཏེ། འདས་པའི་ལོ་ཤས་ནས་བོད་ཁང་རྙིང་པར་མི་མང་མ་ཤོང་པའི་དཀའ་ངལ་འཕྲད་སྟབས། བོད་ཁང་གསར་པ་ཞིག་ཉོ་བར་མང་མོས་ཐག་གཅོད་བྱུང་སྟེ། ཚོགས་ཆུང་ཞིག་ཆེད་འཛུགས་ཀྱིས་ཁང་པ་དང་ཁང་ས་མང་པོར་ཞིབ་འཇུག་བྱས་མཐར་ད་ལྟའི་ཁང་པ་འདིའི་ས་བབ་དང་། ཁང་པའི་རྒྱ་ཁྱོན་སོགས་ཕྱོགས་ཡོངས་ནས་ལེགས་ཤོས་སུ་མཐོང་སྟེ། ༢༠༡༢ ལོའི་ཟླ་ ༤ བར་སྤྱི་ཁང་གསར་པ་འདིར་ཨ་སྒོར་ས་ཡ་གཅིག་དང་འབུམ་བདུན་སྤྲད་དེ་ཉོས་འདུག སྤྱི་ཁང་གསར་པ་འདིའི་སྤྱིའི་རྒྱ་ཁྱོན་ལ་ཨེ་ཀར་ ༡.༤ ཡོད་པ་དང་། ཁང་པའི་ཆེ་ཆུང་ལ་ཁྱོན་ཕུ་ཌྲི་ངོས་སྙོམས་གྲུ་བཞི་མ་ ༡༧.༠༠༠ ཡོད་པ་དང་། མི་ ༦༠༠ ཤོང་བའི་ཚོགས་ཁང་ཆེན་པོ་གཅིག་དང་མཆོད་ཁང་། བཀོལ་སྤྱོད་སྣ་མང་ལ་དམིགས་པའི་ཁང་མིག་གཅིག ཐབ་ཚང་། འཛིན་ཁང་ ༥ བཅས་ཡོད་པ་དང་། སྤྱི་ཁང་གི་མདུན་དང་མཐའ་གཉིས་སུ་རླངས་འཁོར་ ༨༨ ཙམ་འཇོག་སའི་ཐང་ག་བཅས་བཟོས་འདུག གཤམ་དུ་གསར་འགོད་པས་ནུབ་བྱང་བོད་རིགས་ཚོགས་པའི་ཚོགས་གཙོ་བདེ་ཆེན་བར་མཚོ་ལགས་སུ་གནས་ཚུལ་ཁག་ཅིག་གི་ཐོག་བཅར་འདྲི་ཞུས་ཡོད།

དྲི་བ། ནུབ་བྱང་བོད་རིགས་ཚོགས་པའི་ངོས་ནས་ཕྲུ་གུ་ཚོར་བོད་ཡིག་བོད་སྐད་དང་། བོད་པའི་གཞས་སྣ་འཁྲབ་སྟོན་སོགས་སློབ་འཁྲིད་གནང་གི་ཡོད་པའི་ཐོག་གྲུབ་འབྲས་གང་འདྲ་མཐོང་གི་འདུག་གམ།

ལན། ང་རང་ཚོའི་ཚོགས་པའི་ནང་ཤེས་རིག་སྡེ་ཚན་ཞིག་བཙུགས་ཏེ། བུ་ཕྲུག་ཚོའི་སློབ་སྦྱོང་གི་སྐོར་ལ་དམིགས་བསལ་འགན་བཞེས་ཀྱི་ཡོད་རེད། གཟའ་ཉི་མའི་འཛིན་གྲྭ་བཙུགས་ནས་ད་ཆ་ལོ་བཅུ་གྲངས་ཞིག་ཕྱིན་ཡོད་པ་དང་། འཛིན་གྲྭ་དང་པོ་བཙུགས་དུས་བུ་ཕྲུག་གསུམ་བཞི་ཞིག་ལས་མེད་ཀྱང་། ད་ཆ་བུ་ཕྲུག་གི་ཁ་གྲངས་འཕར་ཏེ། འཛིན་གྲྭར་ཡོང་མཁན་བུ་ཕྲུག་ ༨༠ མ་ཟིན་ཙམ་ཡོད། རྩ་བའི་བུ་ཕྲུག་ཚོར་བོད་སྐད་བོད་ཡིག་དང་། རིག་གཞུང་གི་སྐོར་ག་རེ་ཡིནའང་སློབ་ཀྱི་ཡོད་པ་རེད་དེ། ཁོ་རང་ཚོའི་སློབ་སྦྱོང་གི་ཚད་འདྲ་བོ་དེ་ག་འདྲ་ཞིག་ལ་བསླེབས་ཡོད་མེད་སྐོར་ང་ཚོའི་རྒྱུན་ལས་ནང་ལའང་སྐད་ཆ་ཡོང་གི་ཡོད་པ་རེད། དཔེ་བཞག་ན། ང་རང་ཚོའི་འཛིན་གྲྭ་བཞི་བའི་བུ་གུ་ཅིག་དང་བོད་ཁྱིམ་སློབ་གྲྭའི་འཛིན་གྲྭ་བཞི་བའི་བུ་གུ་གཉིས་ལ་ཡིག་ཚད་བཏང་པ་ཡིན་ན་གཉིས་ཆ་གཅིག་པ་བསླེབ་ཐུབ་ཀྱི་རེད་དམ་ཞེས་ན། དེ་ནི་དྲང་པོ་ཞུས་ན་དྲི་བ་ཅིག་རེད། བུ་ཕྲུག་ཚོར་མཚོན་ན་བོད་སྐད་བོད་ཡིག་ཡག་པོ་ཆགས་རྒྱུར་འཁོར་ཡུག་གི་དགོས་མཁོ་མང་པོ་ཞིག་ཡོད་ཀྱང་། ང་ཚོའི་ངོས་ནས་གཟའ་ཉི་མ་གཅིག་པོ་མ་གཏོགས་ཁོ་ཚོར་ཕུལ་ཐུབ་ཀྱི་ཡོད་པ་མ་རེད། ད་ཡིན་ན་ཡང་། ༧གོང་ས་མཆོག་གིས་དུས་རྒྱུན་རང་གི་རིག་གཞུང་ལ་བདག་པོ་རྒྱག་དགོས་རེད་ཞེས་གསུང་གི་ཡོད་པ་བཞིན། ཚོགས་པ་དང་ཕ་མ་ཚོ་ཡིནའང་། རིག་གཞུང་རྒྱུན་འཛིན་གྱི་གོམ་པ་དང་པོ་དེ། བུ་ཕྲུག་ཚོས་བོད་ཡིག་འབྲི་ཀློག་དང་སྐད་ཡག་པོ་ཅིག་ཤེས་ཐུབ་ན་བསམ་པ་དེ་རེད།

དྲི་བ། ནུབ་བྱང་བོད་རིགས་ཚོགས་པ་ནི་བྱང་ཨ་རིའི་ནང་གི་བོད་མིའི་ཚོགས་སྡེ་ཆེ་གྲས་ཤིག་ཆགས་ཡོད་སྟབས། སླར་བོད་པའི་སྤྱི་ཚོགས་ལ་རོགས་སྐྱོར་ལས་གཞི་དེ་འདྲ་སྤེལ་ཐུབ་ཀྱི་འདུག་གམ།

ལན། ང་ཚོའི་ངོས་ནས་གང་ཐུབ་ཞུ་བཞིན་ཡོད། བོད་ནང་ལ་བྱུང་བའི་ས་ཡོམ་གྱི་གོད་ཆགས་ལྟ་བུ་དང་། རྒྱ་གར་ནང་གི་བོད་མི་ཉམས་ཐག་ལ་རོགས་སྐྱོར་ལ་སོགས་པ། དཔེ་མཚོན་ཙམ་ཞུས་ན། ཉེ་ཆར་བོད་ནང་གི་བུ་གུ་ཅིག་ལ་ན་ཚ་ཛ་དྲག་པོ་ཅིག་ཕོག་ནས་འགྲོ་སོང་གི་དཀའ་ངལ་ཡོད་པའི་སྐོར་ལ་མ་གཅིག་གིས་ང་ཚོ་ལ་འབོད་སྐུལ་ཞུས་པ་བཞིན། ང་ཚོས་མི་མང་གི་ལག་ནས་ཞལ་འདེབས་བསྡུས་ཏེ་ཨ་སྒོར་ ༡༤༠༠ ལྷག་ཕུལ་ཐུབ་པ་བྱུང་སོང་། ༢༠༠༨ ལོར་ཝེ་སུ་ཁང་སིན་(Wisconsin)ནས་ས་གནས་བོད་རིགས་ཚོགས་པ་ཡོངས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་ཕུལ་སྐབས། དམ་བཅའ་ཁ་ཤས་ཤིག་བཞག་པའི་གྲས་ནས་གཅིག་སྟེ། ཚོགས་པ་རེ་རེའི་ངོས་ནས་ལོ་རེར་ཨ་སྒོར་སུམ་སྟོང་བསྡུ་རུབ་ཀྱིས་བོད་ནང་དང་རྒྱ་གར། བལ་ཡུལ་སོགས་སུ་གནས་པའི་བོད་མི་ཚོར་རོགས་སྐྱོར་ཞུ་རྒྱུ་དེ་རེད། ལོ་ཁ་ཤས་ལ་རོགས་སྐྱོར་གྱི་དངུལ་དེ་དག་རྒྱ་གར་ནང་ཡོད་པའི་བོད་པའི་དབང་པོ་སྐྱོན་ཅན་གྱི་སློབ་གྲྭ་དང་། གཞིས་ཆགས་ཁག་ཏུ་ཡོད་པའི་ཚོགས་པ་དེ་འདྲ་ལ་ཕུལ་བ་རེད། ལོ་གཉིས་ཙམ་གྱི་གོང་ནས་བོད་ཚོགས་ཁག་གི་རྒྱུན་ལས་ཚོས་ཐག་གཅོད་ལྟར། རོགས་དངུལ་དེ་དག་ཏཱ་ལའི་བླ་མའི་ཐེབས་རྩ་(The Dalai Lama Trust)ཞེས་པར་ཕུལ་གྱི་ཡོད་པ་རེད།

དྲི་བ། བོད་ཕྱི་ནང་གཉིས་སུ་འབྱུང་བཞིན་པའི་རང་ལུས་མེར་བསྲེགས་ཀྱི་ཛ་དྲག་གནས་བབ་ལ་གཞིགས་པའི་དམིགས་བསལ་གྱི་ལས་ལས་འགུལ་དང་ལས་དོན་འདྲ་རྩོམ་ཐུབ་ཀྱི་ཡོད་དམ།

ལན། ང་རང་ཚོའི་ངོས་ནས་གང་ཐུབ་ཞུ་བཞིན་ཡོད་བསམ་གྱི་ཡོད་ཀྱང་། བོད་ནང་གི་རང་ལུས་མེར་བསྲེགས་གནང་བཞིན་པའི་གནས་སྟངས་ནི་ངོ་མ་བློ་ཡུལ་ལས་འདས་པ་ཞིག་རེད། དེ་དག་ལ་བསམ་ན་ངོ་མ་ང་རང་ཚོ་སོ་སོའི་ལས་ཀ་སོགས་ལ་མགོ་མཁོར་ནས་ཅི་ཡང་བྱེད་ཐུབ་ཀྱི་ཡོད་པ་མ་རེད། ང་ཚོས་བྱེད་ཐུབ་ཀྱི་ཡོད་དེ་ནི་ས་གནས་ས་ཐོག་ཏུ་གྲོང་འཁྱེར་སྤྱི་ཁྱབ་དང་། མངའ་སྡེ་གྲོས་ཚོགས་འཐུས་མི། མངའ་སྡེའི་སྲིད་སྐྱོང་བཅས་ལ་ཡང་དང་བསྐྱར་དུ་སྙན་ཞུ་དང་། ཞུ་གཏུགས་ཀྱི་ལས་འགུལ་སྤེལ་གྱི་ཡོད་ཀྱང་། ཨ་རིའི་ནང་ཞུ་གཏུགས་བྱེད་མཁན་ང་རང་ཚོ་གཅིག་པོ་མ་རེད། མང་པོ་ཞེ་དྲག་ཡོད་པའི་ཆ་ནས་དེ་དག་ལ་ནུས་པ་ཅི་ཙམ་ཐོན་མིན་དེ་བཤད་ཁག་པོ་རེད། དེ་མིན་མི་རེ་རེའི་ངོས་ནས་ཀྱང་། སྤྱི་ཚོགས་འབྲེལ་འཐུད་དྲ་རྒྱ་སོགས་རྒྱུད་ལམ་སྣ་མང་སྤྱད་དེ། སོ་སོའི་ལས་རོགས་ཚོ་དང་། ས་གནས་ཀྱི་མི་མང་ལ་བོད་ནང་གི་གནས་སྟངས་ངོ་སྤྲོད་དང་བོད་དོན་གོ་རྟོགས་སྤེལ་རྒྱུ་སོགས་གང་ཐུབ་བྱེད་ཀྱི་ཡོད་པ་རེད།

དྲི་བ། ཚོགས་པ་འདིར་ ༢༠༠༢ ལོའི་སྔ་ཕྱིར་རྙོག་གྲྭ་མང་པོ་ཞིག་བྱུང་སྐོར་ཐོས་པའི་ད་ལྟའི་ཆར་གནང་སྟངས་གང་འདྲ་ཆགས་ཡོད་དམ།

ལན། དེ་དངོས་ཡོད་གནས་ཚུལ་རེད། ང་རང་སྒེར་ངོས་ནས་བསམ་ན། སྐབས་དེ་དུས་ཀྱི་རྒྱུན་ལས་ཚོས་རང་ངོས་ནས་འབད་བརྩོན་ཆེ་ཤོས་གནང་ཡོད་པ་རེད། ཡིན་ན་ཡང་། ཁོ་ཚོའི་ལས་ཀ་བྱེད་སྟངས་དང་། བསམ་ཚུལ་མ་འཐུན་པའི་དབང་གིས་རྙོག་དྲ་དེ་འདྲ་ཞིག་བྱུང་པ་རེད། དེའི་སྐོར་ལ་༧གོང་ས་མཆོག་ཀྱང་ཐུགས་ཕམ་བྱུང་ཡོད་པ་རེད། འོན་ཀྱང་། ད་ལྟའི་དུས་སུ་རྙོག་དྲ་དེ་འདྲ་རྩ་བ་ནས་མེད་པར་ནང་ཁུལ་གྱི་མཐུན་སྒྲིལ་དཔེ་ཡག་པོ་ཡོད། དེའི་སྔོར་ཕྱི་ཟླ་ ༥ པའི་ནང་༧གོང་ས་མཆོག་འདིར་ཕེབས་སྐབས་ཞུ་རྩིས་ཡོད་ལ། དེ་བཞིན་སྔོན་མའི་རྙོག་དྲ་དེའི་སྐོར་ལ་དགོངས་སེལ་ཞུ་རྒྱུ་ཡིན། སྤྱིར་ཆུང་ས་ནས་བལྟས་ན་ཕྱི་རྒྱལ་ལུང་པའི་ནང་། བོད་མིའི་བར་ལ་མཐུན་མིན་གྱི་རྙོག་དྲ་བྱུང་སྟེ། སྤྱི་བའི་ལས་ཀ་འཐུས་ཤོར་ཕྱིན་ན། དེ་ངོ་ཚ་བོ་རེད། ཡང་རྒྱ་ཆེ་ས་ནས་བལྟས་ན་ཚོགས་སྡེ་གཞན་གང་ཡིན་ཡང་རྙོག་དྲ་མེད་པ་རེད་མི་འདུག དཔེར་ན། ཝེཡེ་ཏི་ནམ་དང་། རྒྱ་མི། ཀོ་རི་ཡ་སོགས་ཀྱི་ཚོགས་སྡེ་ཚང་མ་ལ་རྙོག་དྲ་ཡོད་ཡོད་པ་ཞིག་རེད། གང་ལྟར་ང་ཚོས་འདས་པའི་རྙོག་དྲ་དེ་དག་གི་སྒང་ནས་ཉམས་མྱོང་ཡག་པོ་ཅིག་རག་པ་དེ་བསམ་བློའི་གཞི་ལ་བཞག་སྟེ། མ་འོངས་པར་ཡར་རྒྱས་གཏོང་རྒྱུར་ཐུགས་གཟབ་གནང་ཐུབ་པ་ཡིན་ན་དེ་ཡག་པོ་རེད་བསམ་གྱི་འདུག

དྲི་བ། ཨ་རིའི་ནང་ལས་ཀ་གང་བྱས་ཀྱང་ཁྲིམས་ལུགས་ཀྱི་འགྲོ་སྟངས་གལ་ཆེན་པོ་ཆགས་ཡོད་ཀྱང་། བོད་མི་ཚོ་ཁྲིམས་ལུགས་ལ་གོམ་འདྲིས་དེ་ཙམ་མེད་པའི་ཆ་ནས། ཚོགས་པ་ཞིག་འཛིན་སྐྱོང་གི་ཐད་ལ་ཁྲིམས་ཀྱི་དཀའ་ངལ་དེ་འདྲ་འཕྲད་ཀྱི་འདུག་གམ།

ལན། ཚོགས་པ་འདི་ ༡༩༩༤ ལོ་ནས་ཨོར་རྒན་མངའ་སྡེ་དང་། དབུས་གཞུང་གི་(IRS)བཅས་ལ་དེབ་བསྐྱེལ་བྱས་ཡོད་པའིེ་(501c3) ཞེས་པའི་ཁེ་བཟང་མེད་པའི་ཚོགས་པ་ཞིག་རེད། ཁེ་མེད་ཚོགས་པ་ཞིག་ལ་དཔེར་ན། གཞུང་ལ་ཁྲལ་སྤྲོད་མི་དགོས་པ་སོགས། ཨ་རིའི་ནང་གི་ཁེ་མེད་ཚོགས་པའི་ཁྲིམས་དང་སྒྲིག་གཞི་ཆ་ཚང་འཁུར་དགོས་ཀྱི་ཡོད་པ་རེད། དེ་བཞིན་བྱང་ཨ་རིའི་ནང་གི་བོད་རིགས་ཚོགས་པ་སྤྱི་ཡོངས་ལྟར། ཚོགས་པ་འདི་ཡང་ཨ་རིའི་བོད་གཞུང་དོན་གཅོད་ཁང་གི་ཁྱབ་ཁོངས་ལ་ཡོད་པ་རེད། སྤྱིར་ཁྲིམས་དང་སྒྲིག་གཞི་ཞིབ་ཚགས་པོ་མཁྱེན་དགོས་རྒྱུ་གལ་ཆེན་པོ་ཡིན་ཡང་། ང་རང་ཚོ་མང་ཆེ་བ་རྒྱ་གར་དང་བོད། བལ་ཡུལ་བཅས་ནས་བསླེབས་པ་ཡིན་དུས། ཁྲིམས་ཀྱི་སྐོར་ལ་ཐུགས་སྣང་ཆུང་དྲགས་པའི་རྐྱེན་གྱིས་དཀའ་ངལ་ཆུང་ཚག་རིགས་རྒྱུན་དུ་འཕྲད་ཀྱི་འདུག ང་རང་ཚོར་ནམ་རྒྱུན་སྐྱོན་ཡོད་པ་མ་རེད་ཟེར་སྲོལ་ཞིག་ཡོད་པ་རེད། རྩ་བའི་ང་རང་ཚོ་སོ་སོའི་འགྲོ་སྟངས་དེ་ཡང་གལ་ཆེན་པོ་རེད། དེར་བརྟེན། ང་ཚོས་སོ་སོའི་འགྲོ་སྟངས་དང་། ཡུལ་ཁྲིམས་གཉིས་ཆ་སྙོམས་པོ་ཅིག་གི་ཐོག་ནས་འགྲོ་ཐུབ་ཐབས་ལ་འབད་བརྩོན་ཞུ་བཞིན་ཡོད།།

ས་གནས་གསར་འགོད་པ། ཕྱོར་ཚང་འཇམ་དབྱངས།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༠ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༠ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༤ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 4

  1. བསྟན་འཛིན་འཆི་མེད། says:
    ལོ་ 13 སྔོན།

    ནུབ་བྱང་བོད་རིགས་ཚོགས་པའི་རྒྱུན་ལས་ཡོངས་དང་། ཚོགས་མི་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ་བཞིན་ཡོད། གནས་ཚུལ་འདི་མགོ་ནས་མཇུག་བར་ཞིབ་ཚགས་ཤིག་བཀླགས་ཏེ་དགའ་སྤོབས་ཆེན་པོ་སྐྱེས་སོང་། སྤྱིར་བཏང་ད་སྔ་ཕྱི་རྒྱལ་བོད་རིགས་ཚོགས་པ་མང་ཐག་ཆོད་ཅིག་ཡོད་པ་རེད་དེ་ཡིན་ནའང་ད་བར་འདི་ལྟ་བུའི་གནས་ཚུལ་ཞིབ་རྒྱས་ཤིག་བྱུང་མ་སོང་། ཡར་རྒྱས་ལ་མཐའ་མེད་པ་དང་། ལྷག་པར་དུ་དེང་སྐབས་བོད་མི་ཚང་མ་དཀའ་ཉེན་གྱི་གནས་སྟགས་ཤིག་གི་འོག་ཏུ་བསྡད་ཡོད་དུས་ད་དུང་མུ་མཐུད་དུ་ཁ་འཆམ་གྲོས་འགྲིག་གིས་ཤུགས་རྒྱག་དགོས་པ་རེད། ད་དུང་རེ་སྐུལ་ཞུ་རྒྱུ་ཞིག་ལ་ཁྱེད་རྣམ་པ་ཚོས་སོ་སོའི་སྤྱི་ཚོགས་ཟེར་ན་འདྲ་ཚོགས་པ་ཟེར་ན་འདྲ་དེ་ལ་ཕྱག་ལས་རླབས་ཆེན་པོ་མང་པོ་ཞིག་གནང་འདུག་ཀྱང་བོད་སྤྱི་བའི་ལས་དོན་དང་། ལྷག་དོན་དུ་བོད་པའི་རྩ་དོན་འཐབ་རྩོད་དང་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ཕྱག་ལས་གནང་བ་དེ་ཙམ་འདང་ངེས་པ་ཞིག་ཆགས་མི་འདུག་སྙམ་པའི་མཐོང་ཚུལ་བྱུང་སོང་། མ་འོངས་པར་རྒྱུན་ལས་དང་ཚོགས་མི་ཚང་མ་རྡོག་རྩ་གཅིག་བསྒྲིལ་ཐོག་བོད་སྤྱི་བའི་རྩ་དོན་ཐོག་ལག་རྗེས་རེ་འཇོག་ཐུབ་པ་ཕུན་སུམ་ཚོགས་པོ་དང་དོ་སྙིང་ལྡན་པ་ཞིག་ཡོང་གི་རེད། དེ་ནས་གོང་གི་ཁྱེད་ཅག་གི་ལས་དོན་ནང་འཁོད་པ་ལྟར་སོ་སོའི་ཕྲུ་གུ་དག་ལ་བོད་པའི་ལ་ཞེན་དང་རིག་གཞུང་། ཐ་ན་ཀུན་སྤྱོད་ཚུན་ནས་བག་ཆགས་གང་ཐུབ་ཅིག་འཇོག་ཐབས་ལ་འབད་འབུང་གནང་དགོས་པ་རེད། ཐུགས་རྗེ་ཆེ།

    Reply
  2. བདེན་པའི་རྒྱལ་སྲས། says:
    ལོ་ 13 སྔོན།

    ངོ་མ་གཟའ་ཉི་མ་ཉིན་བོད་ཡིག་སླབ་ཀྱིན་ཡོད་པ་དེ་ལ་བོད་ཡིག་འཛིན་གྲྭ་མིང་ཙམ་མིན་པར་སྨོན་བཞིན་ཡོད།
    ཕྱི་རྒྱལ་ཁག་འགའ་ཞིག་ནང་བོད་ཡིག་འཛིན་གྲྭ ནང་ཆོས་འཛིན་གྲྭ་ཟེར་མིང་སྙན་པོ་ཞིག་བཏགས་ཏེ། ལོ་ཇི་ཙམ་སོང་ཡང་། ཡི་གེ་འབྲི་ཀློག་གི་ཡར་རྒྱས་ཀྱི་འབྲས་བུ་ཞིག་མངོན་རྒྱུ་མེད། ཕྲུ་གུ་ལ་སློབ་སྦྱོང་གལ་ཆེན་དུ་རྩི་བ་ལས། འཛིན་གྲྭ་ཚོགས་བའི་ཉིན་མོར། རིག་གཞུང་འཁྱབ་བསྒྲགས་ཀྱི་མིང་ཁུར་དེ། དངུལ་བཟོ་ཕྱིར་ཕྲུ་གུ་ཚོ་འཁྲབ་སྟོན་ལ་འཁྲིད་བཞིན་ཡོད། དངུལ་ཕྲན་བུ་ཞིག་རག་པ་དེའང་། གང་དུ་སོང་མིན་མ་ཤེས་པར་གྱུར་བཞིན་པའི་གནས་ཚུལ་དེ་འདྲ། ས་གནས་འགའི་ནང་བསྟུད་མར་བྱུང་དང་འབྱུང་མུས་རེད།
    ཨ་རི་ནུབ་བྱང་དུ་གཞུགས་པའི་བོད་རིགས་ནང་གནས་ཚུལ་དེ་ལྟར་མེད་པར་ཡིད་ཆེས་ཡོད། ཐུགས་རྗེ་ཆེའོ།

    Reply
  3. ཤར་ཕྱོགས་ཁུག་རྟ། says:
    ལོ་ 13 སྔོན།

    ཧ་ཅང་ཧྲ་གི
    ད་བཙན་བྱོལ་བོད་མི་ཚོས་ནུས་ཤུགས་བཏོན་སྟེ་ཉུང་མཐར་ལོ་བཅུ་ནས་ཉི་ཤུའི་རིང་བཙན་བྱོལ་ནང་བོད་མིའི་ཁྱད་ནོར་གྱི་གཞི་རྐང་བརྟན་པོ་ཞིག་མ་བཙུགས་དུས། དེའི་རྗེས་ནས་ཕམ་པ་དང་ཕམ་པའི་ཕྱོགས་སུ་འགྲོ་བའི་རྟགས་མཚན་ད་ནས་ཐོན་ཡོད་པ་ཞིག་རེད། ང་ཚོས་ད་བར་མི་རིགས་ཀྱི་ལར་ཞེན་དང་༧རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་སྒྲུབ་རྒྱུ་གཉིས་ཀ་ཁ་ཙམ་གྱི་དབང་དུ་སོང་ནས། བཙན་བྱོལ་ནང་གི་བོད་སྐད་ཡིག་རིག་གནས་ཀྱི་གནས་ཚད་རྒྱ་ནག་གཞུང་གི་བཙན་འཛུལ་གྱི་འོག་ནས་གཅེས་འཛིན་བྱས་པ་དང་བསྡུར་ཐབས་མེད་པར་ངོ་ཚའི་གནས་སུ་ལྷུངས་ཡོད། དེའི་ཆ་ནས་མ་འོངས་པར་བཙན་བྱོལ་བོད་མི་ཚོས་མུ་མཐུད་བོད་ཀྱི་མགྲིན་ཚབ་ཐུབ་དགོས་པ་དང། བོད་ནང་གི་ལར་ཞེན་དང་བརྩེ་དུང། ཆིག་སྒྲིལ་གྱི་ཡིད་ཆེས་༧རྒྱལ་བ་རིན་པོ་ཆེར་གཏད་པ་ནང་བཞིན་བཙན་བྱོལ་བོད་མི་ཚོར་གཏོད་དགོས་ན། བོད་སྐད་ཡིག་དང་རིག་གནས་བརྒྱུད་འཛིན་དར་སྤེལ་རང་ཚུགས་ཐུབ་པ་ཞིག་གནང་དགོས་པ་འདི་ལས་མེད་ཅིང། དེ་ལས་ཀྱང་གསལ་བོར་བཤད་ན། ཆོལ་གསུམ་དོན་དམ་གྱི་ཆིག་སྒྲིལ་ཞིག་དགོས་པ་ཡིན་ནའང། བརྩེ་དུང་གི་སྦྲེལ་ཐག་བོད་སྐད་ཡིག་རིག་གནས་གཙིགས་སུ་བཟུང་མ་བཟུང་ནས་ཐག་གིས་གཅོད་ཐུབ་ཅིང། ཆོལ་ཁ་གང་ཡང་རུང་བས་ག་དུས་ཡིན་ནའང། དངོས་བོའི་གཙོ་ཕལ་དང་འཕྲལ་ཕུགས་ཀྱི་དགེ་སྐྱོན་ལ་བསམ་བློ་མི་གཏོང་བར། བོད་སྐད་ཡིག་རིག་གནས་ཐད་འཐུས་ཤོར་ཉམས་ཆག་བཏང་བ་ཡིན་ན། སྐབས་དེ་ནས་ང་ཚོའི་མདོ་དབུས་ཁམས་གསུམ་ཞེས་པའི་ལོ་རྒྱུས་འདིའང་འགྱུར་མགོ་ཚུགས་ངེས་པ་རེད་ན། ཚང་མས་བོད་མི་རིགས་ཀྱི་འཐབ་རྩོད་ཀྱི་རྩ་བ་དེའི་སྐད་དང་རིག་གནས་སྟེང་སྤུངས་ཐུབ་པ་གནང་ན་ཅི་སྟེ་ད་དུང་ལོ་བརྒྱ་ཕྲག་འགར་བཙན་བྱོལ་དུ་སྡོད་དགོས་བྱུང་ཡང་ཁ་འཐོར་རྩ་བྲལ་གྱིས་ཤི་མི་སྲིད་པ་ནི་གསལ་བོ་རེད།།

    Reply
  4. ལྷག་པ་དོན་གྲུབ། says:
    ལོ་ 13 སྔོན།

    དངོས་གནས་དྲང་གནས་ཡག་པོ་སྤེལ་འདུག་གནས་ཚུལ་འབྲི་སྟངས་ཞིབ་ཚགས་པོ་ཞེ་དྲག་འདུག ནུབ་བྱང་བོད་རིགས་ཚོགས་པའི་ལས་མི་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལགས་ཡོད། སྔོན་མ་ཚོགས་པ་འདི་ལ་ལབ་རྒྱུ་གླེང་རྒྱུ་མང་པོ་འདྲ་ཞིག་ཆགས་ནས་དཀའ་ལས་ཁག་པོ་བྱུང་བ་རེད། ད་ཡག་པོ་ཆགས་ཡོང་དུས་སྐབས་ལ་ཚང་མས་ཧུར་བོ་པ་རོ་ཤུགས་རྒྱག་དགོས་རེད། དེ་ནས་གནས་ཚུལ་གཏོང་མཁན་ནས་ཀྱང་གསལ་བོ་་བོ་ཞེ་དྲག་བཟོས་ཡོད་པ་འདི་སྤྱི་ཚོགས་ནང་གནས་ཚུལ་སྤེལ་མཁན་ཞིག་ལ་མཚོན་ནས་བཤད་ན་གལ་ཆེན་པོ་ཞེ་དྲག་རེད་བསམ་གྱི་འདུག མ་གཞི་ནས་ང་ཚོ་བོད་པའི་གསར་འགོད་པ་དེ་ཚོས་རྡ་རམ་ས་ལ་གཅིག་པོར་འཁོར་ནས་སྡོད་རྒྱུ་མ་ཡིན་པར་ནུབ་ཕྱོགས་ཀྱི་བོད་མི་སྐྱབས་བཅོལ་བའི་སྤྱི་ཚོགས་དང་ས་གནས་ཁག་གི་གནས་ཚུལ་ཐོག་རྒྱུས་ལོན་བྱས་ཏེ་སྤེལ་རྒྱུ་གལ་ཆེན་རེད་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese