མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་ཡོམ་ཁྲོད་མི་ ༡༩༣ གྲོངས་འདུག

བོད་ཀྱི་དུས་བབ།
༢༠༡༣/༠༤/༢༣
Share on FacebookShare on TwitterShare on EmailShare on Whatsapp

སི་ཁྲོན་གཡག་རྔ་གྲོང་ཁྱེར་ལོའུ་ཧྲན་རྫོང་དུ་ཚད་རིམ་ ༧ ཅན་གྱི་ས་ཡོམ་བྱུང་སྟེ། མི་ ༡༩༣ འདས་གྲོངས་དང་། མི་ ༡༢༢༡༡ ལྷག་ལ་རྨས་སྐྱོན་བྱུང་འདུག

 ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་གྱི་ཞོཊ་པའི་ཆུ་ཚོད་ ༨།༠༢ ཡས་མས་སུ་རྒྱ་ནག་སི་ཁྲོན་ཞིང་ཆེན་གཡག་རྔ་གྲོང་ཁྱེར་ལོའུ་ཧྲན་རྫོང་དུ་ཚད་རིམ་ ༧ ཅན་གྱི་ས་ཡོམ་བྱུང་སྟེ། དེ་རིང་བར་མི་ ༡༩༣ འདས་གྲོངས་དང་།  མི་ ༡༢༢༡༡ ལྷག་ལ་རྨས་སྐྱོན་བྱུང་ཡོད་པ་མ་ཟད། ཐེངས་འདིའི་ས་ཡོམ་དེས་ཉེ་ཁུལ་གྱི་ཁྲིན་ཏུའུ་དང་ཝེ་ཧྲན། ཙི་ཀོན། ཏི་ཡཱང་། མེན་ཡཱང་། ལིག་ཧྲན། ཡིས་པེན། ནེ་ཅཱང་། ཙི་ཡཱང་། དཀར་མཛེས། རྔ་པ། ལིང་ཧྲན་བཅས་ཁུལ་དང་གྲོང་ཁྱེར་ཁག་ ༡༣ དང་། རྫོང་ཁག་ ༦༩ ལྷག་གི་མི་ཁྲི་ ༡༥༠ ཙམ་ལ་གནོད་སྐྱོན་ཐེབས་ཡོད་འདུག་ལ། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་གྲོང་གསེབ་ཀྱི་སྡོད་ཁང་ ༩༥ ལྷག་ལ་གཏོར་སྐྱོན་དང་སྡོད་ཁང་ ༧ ལྷག་རྡིབ་ཡོད་པ་དང་། གྲོང་ཁྱེར་སྡོད་དམངས་ཀྱི་ཁང་པ་ ༣༠༠ ལྷག་དང་། ཆེད་ལས་སློབ་གྲྭ་ ༡ ། སློབ་འབྲིང་ ༨ ། སློབ་ཆུང་ ༦༨ ། བུ་བཅོལ་ཁང་ ༦ བཅས་ལ་ཚད་རིམ་མི་འདྲ་བའི་གནོད་སྐྱོན་ཐེབས་ཏེ། མི་  ༥ འདས་གྲོངས་དང་། མི་ ༣ ༧ རྨས་སྐྱོན། དཀར་མཛེས་ཁུལ་གྱི་དར་མདོ་རྫོང་དང་རྟའུ་རྫོང་ཐེས་པའི་རྫོང་ཁག་ ༥ ལྷག་གི་ཁྱོན་མི་ ༡༡༤༩༢༦ ལ་གནོད་སྐྱོན་བྱུང་ཡོད་པ་དང་།  རྔ་པ་བོད་རིགས་རང་སྐྱོང་ཁུལ་གྱི་མི་ ༡ འདས་གྲོངས་དང་། མི་ ༥ ལ་རྨས་སྐྱོན་བཟོས་ཡོད་འདུག

ས་ཡོམ་གྱི་གནོད་འཚེ་བྱུང་རྗེས་རྒྱ་ནག་གི་སྲིད་བློན་ལིས་ཁི་ཆང་དང་།  སི་ཁྲོན་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་ལིག་ཙོ་མིན་གཙོས་པའི་མགོ་ཁྲིད་དང་ལས་བྱེད་ཁག་ས་གནས་ས་ཐོག་ཏུ་ཕྱིན་སྟེ་བཀོད་འདོམས་དང་། སྨན་ཁང་ཁག་ཏུ་ཕྱིན་སྟེ་ནད་པར་གཟིགས་སྐོར་བཅས་གནང་ཡོད་པ་མ་ཟད། རྒྱ་ནག་གཞུང་འབྲེལ་ཐོག་དྲག་ཆས་དམག་མི་གཙོས་རྒུད་སྐྱོབ་མི་སྣ་ ༢༠༠༠༠ ལྷག་མངགས་གཏོང་གིས་གནོད་ཐེབས་རྒུད་སྐྱོབ་ཀྱི་ལས་དོན་སྒྲུབ་ཀྱི་ཡོད་འདུག

ས་ཡོམ་གྱི་གནོད་འཚེ་བྱུང་རྗེས་རྒྱ་ནག་རྒྱལ་ཡོངས་ཀྱི་ས་གནས་ཁག་གི་དང་བླངས་རོགས་སྐྱོར་མི་སྣ་དང་། རྒྱ་ནག་གཞུང་ལྟ་བ་མི་མཐུན་པའི་མི་སྣ། བོད་ཁུལ་གྱི་བླ་སྤྲུལ་གཙོས་པའི་མི་མང་པོ་གནོད་ཐེབས་ས་ཁུལ་དུ་སྐྱོད་ཡོད་ཀྱང་།  རྒྱ་ནག་དམངས་སྲིད་སྡེ་ཁག་གིས་གསལ་བསྒྲགས་ཤིག་སྤེལ་ཏེ། ཉེ་བའི་ཆར་ས་ཡོམ་བྱུང་ཡུལ་གྱི་འགྲིམ་འགྲུལ་དང་བརྒྱུད་ལམ་གྱི་ཆ་རྐྱེན་མི་ལེཊ་པ་དང་། ད་ཆར་ཡང་ས་འགུལ་ཆུང་ཙག་རིཊ་ཡོང་གི་ཡོད་སྟབས། དམངས་སྲིད་སྡེ་ཁག་གིས་བཀོད་ཁྱབ་མེད་པར་ས་གནས་ཁག་གིས་མི་བཏང་མི་ཆོག་པ་དང་། ལྷག་པར་དུ་ཆེད་ལས་མི་སྣ་ལས་གཞན་མི་སུ་གང་གིས་ཀྱང་གནོད་ཐེབས་ས་ཁུལ་གྱི་གནས་ཚུལ་ཁྱབ་བསྒྲགས་མི་ཆོག་པ་མ་ཟད། ཕྱི་ཚེས་ ༢༡ ཉིན་རྒྱ་ནག་གི་མགྲིན་ཚབ་པ་ཆིན་ཀཱང་གིས། ད་ཆར་གཡག་རྔའི་གནོད་ཐེབས་ས་ཁུལ་དུ་སྨན་བཅོས་དང་བཟའ་ཆས་རིཊ་འདང་ངེས་ཡོད་པ་དང་། གནོད་ཐེབས་ས་ཁུལ་གྱི་འགྲིམ་འགྲུལ་དང་བརྒྱུད་ལམ་སྟབས་བདེ་མིན་སྟབས། གནས་སྐབས་རིང་རྒྱལ་ཁབ་གཞན་གྱི་རོགས་སྐྱོབ་མི་སྣ་དང་སྨན་བཅོས། དངོས་པོའི་མཐུན་འགྱུར་སོགས་དང་ལེན་བྱེད་ཀྱི་མིན་ཞེས་བཤད་དེ། ཉེ་ལམ་སི་ཁྲོན་ཞིང་ཆེན་གྱི་༼དྲུག་བཞི་ཐེན་ཝང་དྲ་རྒྱ༽ འགན་འཁུར་བ་རྒྱ་རིགས་ཧོང་ཆི་དང་ཡིས་ཏྲིན། ཕུ་ཧྥེ། ཀྲིག་ཝུན་མེན། ཅཱང་ཀྲི་ལེ་བཅས་རྒྱ་ནག་གཞུང་དང་ལྟ་བ་མི་མཐུན་པའི་མི་སྣ་ཁག་ཅིག་གཡག་རྔའི་གནོད་ཐེབས་ས་ཁུལ་དུ་འགྲོ་སྐབས། རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག་ལ། བོད་པའི་བླ་སྤྲུལ་དང་མཁན་པོ། གྲྭ་པ་གཙོས་པའི་བོད་རིགས་མང་པོ་ས་འགུལ་བྱུང་ཡུལ་གྱི་མི་མང་རོགས་སྐྱོར་བྱེད་དུ་འགྲོ་སྐབས། ལམ་བར་དུ་བཀག་འགོག་བྱས་ཡོད་འདུག

ཁ་སང་ཕྱི་ཚེས་ ༢༢ ཉིན་ཨུ་རུ་སུ་གནས་སྡོད་རྒྱ་ནག་ཕྱི་འབྲེལ་མི་སྣ་ ༢ ཀྱིས་སྣེ་འཁྲིད་པའི་རྒུད་སྐྱོབ་མི་སྣ་ ༡༩༨ ཁྲིན་ཏུའུ་གནམ་ཐང་དུ་བསླེབས་ཏེ། རྒྱ་ནག་ས་ཡོམ་བརྟག་དཔྱད་ཚན་པའི་བཀོད་མངགས་ལྟར་ལོའུ་ཧྲན་རྫོང་གི་གནོད་ཐེབས་ས་ཁུལ་དུ་མངགས་གཏོང་བྱས་ཡོད་འདུག་ལ། དེའི་ཐད་རྒྱ་ནག་གི་ཧྥིན་ཧོང་དྲ་རྒྱའི་གསར་འགོད་པས་བཅར་འདྲི་སྐབས། ཨུ་རུ་སུ་ཕྱོགས་ནས་རྒུད་སྐྱོབ་མི་སྣ་ཐོག་མ་དེ་གནོད་ཐེབས་ས་ཁུལ་དུ་བསླེབས་ཡོད་ཀྱང་། རྒྱ་ནག་གཞུང་ཕྱོགས་ནས་ད་དུང་ཨུ་རུ་སུ་གཞུང་ལ་རྒུད་སྐྱོབ་མི་སྣ་གདན་ཞུའི་བརྡ་ལན་འབྱོར་མེད་སྐོར་བརྗོད་འདུག 

ཐེངས་འདིའི་རྒུད་སྐྱོབ་སྤྱི་ཡོངས་ཀྱི་ལས་དོན་ཐད། རྒྱ་རིགས་ཤེས་ལྡན་པ་ཞཱ་ཡེ་ལིང་གིས། གཞུང་ཕྱོགས་ནས་ཐེངས་འདིའི་གནོད་ཐེབས་ས་ཁུལ་དུ་དེ་སྔོན་ལྟར། ཕྱོགས་གཅིག་ནས་རོགས་སྐྱོར་དང་ཕྱོགས་གཞན་ནས་གཞུང་གི་དྲིལ་བསྒྲགས་ལས་དོན་སྤེལ་གྱི་ཡོད་པ་ལས། མི་མང་གི་དཀའ་ངལ་དང་འབྲེལ་བའི་དངོས་ཡོད་གནས་ཚུལ་ཁག་བཀག་སྡོམ་བྱེད་ཀྱི་ཡོད་པ་དང་། ད་ལྟའི་བར་རྒྱ་ནག་ནང་རང་བྱུང་གནོད་འཚེ་ཐེངས་མང་བྱུང་ཡང་རྒུད་སྐྱོབ་ལས་དོན་དེ་དྲག་ཆས་དམག་མི་དང་མི་མང་ཁོ་ནར་བརྟེན་པ་ལས། ཆེད་ལས་རང་བཞིན་གྱི་རྒུད་སྐྱོབ་དཔུང་སྡེ་མེད་སྟབས། མ་འོངས་པར་ཉི་ཧོང་ལྟར་གནོད་སྐྱོན་འདིའི་རིགས་བྱུང་སྐབས། གནས་སྐབས་ཙམ་མིན་པར་ཆེད་ལས་རང་བཞིན་གྱི་རྒུད་སྐྱོབ་མི་སྣ་སྐྱེད་སྲིང་བྱ་རྒྱུ་གལ་ཆེན་ཡིན་སྐོར་དང་། གྲ་སྒྲིག་མེད་པ་དེས་ལས་དོན་མང་པོ་ཞིག་འཐུས་ཤོར་དུ་འགྲོ་བཞིན་ཡོད་སྐོར་བརྗོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese