མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པའི་ཉམས་སང་།

བོད་ཀྱི་དུས་བབ།
༢༠༡༣/༠༤/༣༠
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༥༨༩ སྟེང་གི་རྩོམ་སྒྲིག་པའི་གཏམ།

རྒྱ་གར་ནང་གི་བོད་མི་སྐྱབས་བཅོལ་པའི་སྡོད་གནས་ངྷ་རམ་ས་ལ་དང་ལྡི་ལི། རྒྱ་གར་ལྷོ་གཞིས་ཁག་བཅས་སུ་གནས་ཚུལ་ཡ་མཚན་ཅན་མང་པོ་མཐོང་རྒྱུ་ཡོད། དེའི་ནང་གི་གཅིག་དོན་དངོས་དང་བར་ཐག་རིང་བའི་རྒྱ་གར་ཡུལ་མི་དང་བོད་མི་སྐྱབས་བཅོལ་བའི་ཕྱི་ཚུལ་ལྟར་སྣང་དང་། བོད་པ་གསར་འབྱོར་རྙིང་འབྱོར་དབུལ་ཕྱུག་གི་བར་ཁྱད་དེ་རེད། གནས་སྟངས་འདི་སྐྱབས་བཅོལ་བོད་མི་གནས་ཡུལ་ཚང་མ་གཅིག་མཚུངས་ཡིན་མོད། ངྷ་རམ་ས་ལ་འདི་གསར་འབྱོར་བ་མང་ཤོས་སྡོད་ས་ཞིག་ཡིན་སྟབས་ཧ་ཅང་མངོན་གསལ་ཡིན།

        ངྷ་རམ་ས་ལའི་སྐྱབས་བཅོལ་བོད་མི་དང་། དེའི་ནང་ནས་ཀྱང་གསར་འབྱོར་བ་ཚོའི་ཁྲོད། གཏོང་ས་ཡོད་མེད་གཉིས་ཀའི་ལག་ཏུ་གཅིག་ལས་གཅིག་རྫིག་གི་ལག་ཐོགས་ཁ་པར་དང་། སློབ་སྦྱོང་ཡོད་མེད་གཉིས་ཀའི་རྒྱབ་ཏུ་གཅིག་ལས་གཅིག་གོང་ཆེ་བའི་ལག་འཁྱེར་གློག་ཀླད་ཡོད། དེ་དག་མང་ཆེ་བ་ཀུ་ཤུ་དང་སཱེམ་སཱེང་རྟགས་ཅན་ཡིན་ལ། ད་དུང་རྒྱབ་ཀྱི་ལ་ཡང་ནུབ་ལྭ་ཐོན་གསར་དང་། འོག་གི་ཞོན་རྟ་ཡང་རྒྱ་གར་ནང་སྐད་གྲཊ་ཆེ་རུ་ཆེ་ཚད་ཀྱི་སྦག་སྦག་དག་ཡིན།

        དོན་དངོས་ཐོག་ངྷ་རམ་ས་ལའི་བོད་མི་གསར་འབྱོར་བ་ལས་རྙིང་འབྱོར་ཚོ་ཕྱུག་པོ་ཡིན་ལ། བོད་མི་རྙིང་འབྱོར་ལས་རྒྱ་གར་བ་ཚོ་ཕྱུག་པོ་ཡིན། རྒྱ་གར་ས་གནས་ཡུལ་མི་ལས་ཕྱོགས་ཡོང་ཚོང་པ་ཚོ་ཕྱུག་པོ་ཡིན། ཡུལ་སྐོར་སྤྲོ་འཆམ་པ་དང་གནས་མཇལ་བ་ལྟ་བུའི་ངྷ་རམ་ས་ལར་རྒྱུས་མངའ་ཆེན་པོ་མེད་མཁན་ཚོར། རྒྱ་གར་ཡུལ་མི་ལས་སྐྱབས་བཅོལ་བོད་མི་ཕྱུག་པ་དང་། བོད་མི་རྙིང་འབྱོར་ལས་གསར་འབྱོར་ཚོ་ཕྱུག་པོ་ཡིན་པའི་གོ་ལྡོག་གི་ཚོར་སྣང་སྟེར་ངེས།

        ངྷ་སའི་གསར་འབྱོར་ཚོའི་ཆ་རྐྱེན་སྔོན་མ་དང་བསྡུར་ན་ཇེ་བཟང་དུ་ཕྱིན་ཡོད་མོད། དོན་དངོས་ཐོག་ད་དུང་ཞོགས་ཇ་རག་ན་དགོང་ཟས་རག་གི་མེད་མཁན་དང་། དབྱར་ལྭ་རག་ན་དགུན་ལྭར་སེམས་ཁྲལ་ཡོད་མཁན། ཁང་གླ་འདང་ཡང་ཆུ་རིན་གློག་རིན་འདང་གི་མེད་མཁན་མང་པོ་ཡོད། ངྷ་རམ་ས་ལའི་སྦྲང་འཁྱམ་གྱི་བྲོ་བ་མྱོང་མཁན་གསར་འབྱོར་ཚོ་ཡིན་ལ། མྱོང་བ་མངོན་སུམ་མཐོང་མཁན་ཡང་གསར་འབྱོར་ཁོ་ན་ཡིན།      

        བོད་མི་གཞིས་ཆགས་ཁག་ནང་སྡོད་མཁན་ཚོར་སྡོད་ཁང་དང་ཞིང་ས་ཡོད་ལ། ཚོང་ལས་ཆེན་པོ་གཉེར་མཁན་དག་ཨ་ཅང་ཅང་། བལ་གོས་ཙག་ཙིག་འཚོང་མཁན་ཚོར་ཡང་དངུལ་བྱང་སྟེང་ཧིན་སྒོར་འབུམ་བཅུ་གྲངས་མེད་མཁན་ཧ་ལམ་མེད། ངྷ་ས་གངས་སྐྱིད་ཁུལ་དུ་སྡོད་མཁན་མང་ཆེ་བ་ལས་བྱེད་ཡིན། ཟླ་རེར་ཉུང་མཐར་ཧིན་སྒོར་བདུན་སྟོང་བརྒྱད་སྟོང་གི་ཟླ་ཕོགས་ཀྱི་སྟེང་ལ། ཁང་པ་དང་ཁང་དོད་སོགས་ཀྱི་ཐོབ་ཐང་ཡང་མང་དག་ཅིག་ཡོད།

        ངྷ་རམ་ས་ལའི་རྒྱ་གར་ཡུལ་མི་འདི་དག་ཅི་ཙམ་སྐྱོ་བོ་ཡིན་ཡང་། མགོ་ན་རིན་པ་སྤྲོད་མི་དགོས་པའི་འཛུལ་སའི་ཁང་པ་དང་སྒོ་ཁར་བ་ཕྱུགས། ད་དུང་རང་ཁ་རང་གསོ་ཐུབ་པའི་ཞིང་ས་སོགས་ཡོད་ལ། ངྷ་སའི་སྲང་ལམ་གཡས་གཡོན་དུ་སྔོ་ཚལ་དང་མངར་ཇ་འཚོང་མཁན་ཚོའི་ཁྲོད་དུའང་ཧིན་སྒོར་འབུམ་ལྔ་དྲུག་སེམས་ཕུགས་སུ་བཅུག་མེད་མཁན་དཀོན། འདི་དག་གི་རྒྱབ་ཏུ་གློག་ཀླད་དང་ལག་ཏུ་ཁ་པར་རྫིག་པོ་ཕར་ཞོག ཐ་ན་ལུས་ལ་གྱོན་ཆས་དང་རྐང་མགོར་ལྷམ་གཙང་མ་གྱོན་མཁན་ཡང་ཉུང་ཉུང་ཡིན།  

        སྣོད་ན་ཡོད་ཚུལ་ལུས་ལ་གྱོན་ཏེ་ཉམས་སང་རྒྱག་པའི་གོམས་སྲོལ་དང་། ཁྱིམ་ན་ཡོད་ཚད་མདུན་ལ་སྤུངས་ནས་རྒྱས་སྤྲོས་གཏོང་བའི་ལམ་སྲོལ་འདི། མཐོ་སྒང་བོད་མིའི་གཉུག་གཤིས་ངོས་ཀྱི་རང་མཚང་ཞིག་མིན་ཡང་། གནའ་བོའི་སྐུ་དྲག་རྙིང་པའི་ཟིལ་ཤུགས་འགྲན་པའི་ང་རྒྱལ་ལྷག་མ་དང་། བགས་ཀྱིས་ཟིན་པའི་ཕྱི་རབས་རྒྱ་མི་སྔོན་པོའི་རིག་གཞུང་རུལ་བའི་བཙན་འཛུལ་རེད།

འབྲེལ་ཡོད་གསར་འགྱུར།

པར་དྲ་ལམ་ནས་བླངས། བོད་ཀྱི་དུས་བབ་ཀྱིས་བཟོ་བསྒྲིགས་བྱས།
Mobile App

རྒྱ་ནག་གི་མེ་ཤུགས་འཕུར་མདའི་ཆག་རོ་བོད་ཁུལ་དུ་ལྷུང་།

ཆུ་ཚོད་ ༡༦ སྔོན་ལ།
Front Slider

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་གོམ་བགྲོད་ལས་འགུལ་མཇུག་བསྒྲིལ།

ཆུ་ཚོད་ ༡༩ སྔོན་ལ།
བོད་ཀྱི་དུས་བབ་ཀྱིས་པར་བསྒྲིགས།
Mobile App

དབྱིན་ཡུལ་སྐུ་ཚབ་དོན་གཅོད་གསར་པ་ཞིག་བསྐོ་གཞག་བྱས་འདུག

ཆུ་ཚོད་ ༢༠ སྔོན་ལ།
འཕྲོད་བསྟེན་བཀའ་བློན་མཆོག་བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཁག་ཏུ་འཚམས་གཟིགས་ལ་ཕེབས། པར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ནས་བླངས།
གསར་འགྱུར།

འཕྲོད་བསྟེན་བཀའ་བློན་མཆོག་བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཁག་ཏུ་འཚམས་གཟིགས་སུ་ཕེབས། 

༢༠༢༦/༡༡/༡༡
པར་༧དཔལ་རྒྱལ་བ་ཀརྨ་པ་མཆོག་གི་རྒྱ་ཡིག་དྲ་ཚིགས་ལས་བླངས།
Mobile App

༧རྒྱལ་བ་ཀརྨ་པ་མཆོག་གི་འབྲུག་ཡུལ་གྱི་མཛད་འཕྲིན་ལེགས་གྲུབ་བྱུང་འདུག

༢༠༢༦/༡༡/༡༡
tt
Mobile App

ཨ་རིའི་རླུང་འཕྲིན་དང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་གྱི་བོད་སྐད་ལེ་ཚན་སླར་གསོ་དགོས་པའི་རེ་འབོད་ཞུས།

༢༠༢༦/༡༡/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese