མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྡོར་གླིང་འབྲུག་སྒར་ཐུབ་བསྟན་གསང་ཆོས་གླིང་གི་གསལ་བསྒྲགས།

བོད་ཀྱི་དུས་བབ།
༢༠༡༣/༠༥/༠༤
Share on FacebookShare on TwitterShare on EmailShare on Whatsapp

༄༅།། ༸སྐྱབས་རྗེ་འབྲུག་པ་ཐུགས་སྲས་རིན་པོ་ཆེ་སྐུ་ཕྲེང་གཉིས་པ་འཇིགས་མེད་མི་ཕམ་བཤད་སྒྲུབ་བསྟན་འཛིན་མཆོག་འབྲུག་ཡུལ་གྱི་བཤད་གྲྭ་རྟ་མགོ་ཆོས་དབྱིངས་ཕོ་བྲང་དུ་གསན་སྦྱོང་མཐར་ཕྱིན་ཏེ་བོད་ཟླ་ ༣ ཚེས་ ༢༥ ཕྱི་ཟླ་ ༥ ཚེས་ ༤ ཉིན་རྡོར་གླིང་གདན་ས་འབྲུག་གསང་སྔགས་ཆོས་གླིང་དུ་ཕྱིར་ཕེབས་གནང་བ་དང་། རྡོར་གླིང་རང་གཞུང་བདེ་དོན་བསོད་ནམས་བཟང་མོ་ལགས་ཀྱིས་དབུས།   ༡ དྷརྨ་ཅཀྲ་ཚོགས་པ། ༢ མདོ་སྟོད་ཚོགས། ༣ མདོ་སྨད་ཚོགས་པ། ༤ དབུས་གཙང་ཚོགས་པ། ༥ ས་གནས་རང་བཙན་ཚོགས་ཆུང༌། ༦ ས་གནས་བོད་ཀྱི་བུད་མེད་ཚོགས་པ། ༧ ཕ་མའི་ཚོགས་པ། ༨ འཇམ་དབྱངས་བོད་ཀྱི་རིགས་གཞུང་ཚོགས་པ། ༩ ས་གནས་བོད་ཀྱི་གཞོན་ནུ་ཚོགས་པ། ༡༠ རྡོར་གླིང་རང་འཚོ་བཟོ་གྲ། ༡༡ རྟ་མང་ཚོགས་པ། ༡༢ ཤར་པ་ཚོགས་པ། ༡༣ ཡོལ་མོ་ཚོགས་པ། ༡༤ འབྲུག་པ་ཚོགས་པ། ༡༥ སིཀྐི་མིས་ཚོགས་པ། ༡༦ གུ་རུང་ཚོགས་པ། ༡༧ ཝ་ལུང་ཚོགས་པ། ༡༨ ཧི་མ་ལ་ཡའི་བུད་མེད་ཚོགས་པ། ༡༩ སྐྱིད་གཏེར་སྨྱུང་གནས་སྐྱིད་སྡུག ༢༠ གསང་གླིང་སྐྱིད་སྡུག༢༡མ་ན་ཀ་ཇི་བླ་མ་དགོན་པ། ༢༢ ཌ་ལི་སྨྱུང་གནས་སྐྱིད་སྡུག ༢༣ རྡོར་གླིང་སྐྱིད་སྡུག་བཅུ། ༢༤ ཨ་མདོ་སྐྱིད་སྡུག ༢༥ ཁམས་པ་སྐྱིད་སྡུག ༢༦ སྐྱིད་རོང་སྐྱིད་སྡུག ༢༧ ཀ་ལོབ་ཚོགས་པ། སྟེང༌། ༢༨ ཀ་ལོབ་ཚོགས་པ་འོག།༢༩ གངས་ཅན་སྐྱིད་སྡུག ༣༠ སྣང་རྫས་ཁང་སྐྱིད་སྡུག ༣༡ གསུམ་མདོ་ཁང་སྐྱིད་སྡུག ༣༢ བྷ་ཛར་སྐྱིད་སྡུག ༣༣ སི་ཀྲེ་ཤན་སྐྱིད་སྡུག།༣༤ གུམ་མ་ཎི་སྐྱིད་སྡུག་བཅས་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་རྣམས་རྡོར་གླིང་རྫོང་ཁོངས་ཁར་ཤང་ས་གནས་སུ་ཕེབས་བསུར་བཅར་ནས་རིམ་པས་གདན་ས་འབྲུག་གསང་སྔགས་ཆོས་གླིང་དུ་ཕེབས་འབྱོར་སྐབས་སེར་བྲེང་དང་བཅས་འདུ་ཁང་དུ་གདན་ཞུས་ཀྱིས་རྒྱལ་དབང་འབྲུག་པ་མཆོག་དབུ་བཞུགས་ཀྱིས་ཕེབས་བསུའི་མཛད་སྒོ་ཟབ་རྒྱས་ཤིག་ཚོགས་གནང་ཐོག་གདན་སའི་འཛིན་སྐྱོང་གི་འགན་དབང་ཆ་ཚང་འབུལ་བཞེས་གནང་བ་རེད། ༸སྐྱབས་རྗེ་འཇིགས་མེད་མི་ཕམ་བཤད་སྒྲུབ་བསྟན་འཛིན་ནི་ལ་དྭགས་ཆུ་ཤུལ་ཡུལ་དུ་ཕྱི་ལོ་ ༡༩༨༥ ལོར་སྐུ་བལྟམས་ཤིང་། ༡༩༨༧ ལོར། ལ་དྭགས་ཧེ་མི་རྒོད་ཚང་བྲག་ཕུག་ཏུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཐུགས་རྟགས་ཀྱིས་འབྲུག་པ་ཐུགས་སྲས་གོང་མའི་ཡང་སྤྲུལ་དུ་ངོས་འཛིན་མཛད། དགུང་གྲངས་གཉིས་དང་ཕྱེད་ཀར་ཕེབས་པ། ཕྱི་ལོ་ ༡༩༨༨ ལོར། གོང་མའི་གདན་ས་རྡོ་རྗེ་གླིང་འབྲུག་ཐུབ་བསྟན་གསང་སྔགས་ཆོས་གླིང་དགོན་པར་གདན་དྲངས་ནས་གསེར་ཁྲི་མངའ་གསོལ་ཞུས།ཡི་གེ་ཕྱི་མོ་སུམ་ཅུ་ནསབཟུང་འབྲི་ཀློག་དག་གསུམ། མཐོང་བ་བརྒྱུད་པའི་ཕྱག་ལེན་སོགས་གསན་སྦྱོང་མཛད། ཕྱི་ལོ་ ༢༠༠༤ ལོར། འབྲུག་ཏུ་ཕེབས་ནས་རྟ་མགོ་ཆོས་དབྱིངས་ཕོ་བྲང་གཙུག་ལག་སློབ་གྲ་ཆེན་མོར་ལོ་དགུའི་རིང་གཞུང་ཆེན་ཁག་ལ་གསན་བསམ་མཛད་ནས་སློབ་གཉེར་མཐར་སོན་གྱི་རྒྱུགས་འབྲས་ཕྱག་ཁྱེར་སོན་པ་རེད། ཡང་༸སྐྱབས་རྗེ་འབྲུག་པ་ཐུགས་སྲས་རིན་པོ་ཆེ་སྐུ་ཕྲེང་དང་པོ་བཤད་སྒྲུབ་ཆོས་ཀྱི་ཉིན་བྱེད་མཆོག་ནི། རབ་བྱུང་བཅོ་ལྔ་པའི་མེ་སྦྲུལ།ཕྱི་ལོ་༡༩༡༧ལོར། ༸རྒྱལ་དབང་འབྲུག་པ་སྐུ་འཕྲེང་བཅུ་པ་མི་ཕམ་ཆོས་ཀྱི་དབང་པོའི་སྲས་སུ་འཁྲུངས། ཕྱི་ལོ་ ༡༩༥༩ ལོའི་དུས་འགྱུར་སྐབས་སུ་རྒྱ་གར་དུ་ཕེབས་འབྱོར་གྱིས་སྦག་ས་ཆོས་སྒར་དུ་༸རྒྱལ་དབང་འབྲུག་པ་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་མཁྱེན་རབ་དགེ་ལེགས་དབང་པོའི་ལྷན་དུ་སྐུ་བཞུགས་གནང༌། འབྲུག་པ་སྐུ་ཕྲེང་བཅུ་གཅིག་པ་སྦག་སར་དགོངས་པ་རྫོགས་རྗེས།རྡོ་རྗེ་གླིང་དུ་གནས་སྤོས་གནང་ནས་ཕྱི་ལོ་ ༡༩༦༡ ལོར། རྡོ་རྗེ་གླིང་རྫོང་ཁོངས་མ་ནི་བན་འཇང་གི་རི་ལྡེབས་སྐྱིད་གཏེར་རི་ཞེས་པར་བྱེས་ཀྱི་གདན་ས་དང་པོ་མཛད་ཅིང་། དེ་རྗེས་རྡོ་རྗེ་གླིང་སུ་ཁེའི་འདབས་ཞོལ། མིམ་ཀ་མན་ཇ་ཞིང་ཉེ་འཁྲིས་སུ་དགོན་ཆུང་ཞིག་འབུལ་བཞེས་ཀྱིས་དེར་ཡང་སྐུ་བཞུགས་མཛད། དེ་སྐབས་༸རྒྱལ་དབང་འབྲུག་པ་སྐུ་འཕྲེང་བཅུ་གཅིག་པའི་ཡང་སྲིད་བསྟན་འཛིན་འཇིགས་བྲལ་བློ་གྲོས་སམ།འཇིགས་མེད་མི་འགྱུར་དབང་གི་རྡོ་རྗེ་འཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོ་མཆོག ལྷར་བཅས་སྲིད་ཞིའི་གཙུག་རྒྱན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་བཀའ་དྲིན་ཆེ་བ་ལྟར།བཞུགས་གནས་ཌ་ལ་ཧའུ་སི་ནས་ཆུང་སྲིད་རིན་པོ་ཆེ་རྡོ་རྗེ་གླིང་དུ་གདན་འདྲེན་ཞུས་ཏེ་གསེར་ཁྲི་མངའ་གསོལ་མཛད། ཕྱི་ལོ་ ༡༩༧༡ ལོར། རྡོ་རྗེ་གླིང་གྲོང་ཁྱེར་ནས་ཀི་ལོ་མི་ཀྲར་བཞིའི་མཚམས་ཌ་ལི་ཞེས་པའི་ས་ཁུལ་དུ་སྤྲོ་ཁང་ཞིག་དང་འབྲེལ་བའི་ས་ཆ་ཨེ་ཀར་གཉིས་སྤུས་གཟིགས་ཀྱིས་ཕྱི་ལོ་ ༡༩༧༤ ལོར། ཨར་ལས་དབུ་འཛུགས་ཀྱིས་ལོ་གཉིས་ནང་ཚུད་དུ་འདུ་ཁང་དང༌། གཟིམ་ཆུང༌། གྲྭ་ཤག་བཅས་ཡོད་པའི་དགོན་པ་ཐོག་བརྩེགས་བཞི་ཅན་རྟེན་དང་བརྟེན་པར་བཅས་པ་ལེགས་བསྒྲུབས་ཀྱིས་དགེ་འདུན་ཞལ་གྲངས་བརྒྱ་སྐོར་ལ་སྔར་སྲོལ་མཐོང་བ་བརྒྱུད་པའི་ཆོ་ག་ཕྱག་ལེན་དང༌། ཕྱག་ཆེན་སྔོན་འགྲོ་དང་དངོས་གཞི།ཟབ་ལམ་ནཱ་རོ་ཆོས་དྲུག་སོགས་བཀའ་ཁྲིད་དང༌། སྨིན་བྱེད་དབང་གི་རིམ་པ་ཁག་བཅས་བཀའ་དྲིན་བསྐྱངས་ནས་སྐྱིད་གཏེར་རིར་ལོ་གསུམ་ཕྱོགས་གསུམ་གྱི་མཚམས་གྲྭ་བརྒྱད་ཀྱི་བཞུགས་གནས་སྒྲུབ་སྡེ་ཕྱག་འདེབས་མཛད།  ༸རྒྱལ་དབང་འབྲུག་པ་མཆོག་ལ་རང་ལུགས་སྨིན་སྒྲོལ་གྱི་གདམས་པ་ཕལ་ཆེ་བ་ཕུལ་བསྒྲུབས་ནས། ཕྱི་ལོ་ ༡༩༨༣ ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ། ༸སྐྱབས་རྗེ་དམ་པ་དེ་ཉིད་ནི་མཁས་སྒྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཡང་ཡང་བསྔགས་བརྗོད་གནང་ཡོད་ཅིང་།  སྐུ་ཕྲེང་གཉིས་པ་འཇིགས་མེད་མི་ཕམ་བཤད་སྒྲུབ་བསྟན་འཛིན་མཆོག་ལའང་༸གོང་ས་མཆོག་ནས་ཐུགས་གཟིགས་པ་ཆེན་པོ་གནང་བ་དང་གོང་མའི་རྣམ་ཐར་སྐྱོང་དགོས་པའི་བཀའ་སློབ་རིམ་པར་ཕེབས་མུས་ཡིན།

                                                                                                                                རྡོར་གླིང་འབྲུག་སྒར་ཐུབ་བསྟན་གསང་ཆོས་གླིང་ནས།

                                                                                                                                                  ཕྱི་ལོ་ ༢༠༡༣ ཕྱི་ཟླ་ ༥ ཚེས་ ༤ ཉིན་སྤེལ།

 

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༧ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

ཆུ་ཚོད་ ༡༡ སྔོན་ལ།
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

ཆུ་ཚོད་ ༡༡ སྔོན་ལ།
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

ཆུ་ཚོད་ ༡༢ སྔོན་ལ།
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

༢༠༢༦/༠༧/༠༨
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

༢༠༢༦/༠༧/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese