མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་དུས་བབ་ཚང་གི་དགེ་སྐྱོན་ཅུང་ཙམ་གླེང་བ།

བོད་ཀྱི་དུས་བབ།
༢༠༡༣/༠༥/༠༧
Share on FacebookShare on TwitterShare on EmailShare on Whatsapp

གངས་བཙན་པོ།

སྤྱིར་བཙན་བྱོལ་ནང་གི་དུས་དེབ་དང་ཚགས་ཤོག་ཡོད་ཚད་རང་དབང་ཡིན་པ་སྨོས་ཅི་དགོས།  ཡིན་ཡང་ལོ་གྲངས་དུ་མའི་རིང་ལ་མ་ཉམས་པར་ད་དུང་ཡིན་ན་ཡང་སྔོན་ལྟར་ཁ་ཕྱོགས་དང་ལས་རིགས་ཕྱོགས་གང་ཐད་ནས་ཡར་རྒྱས་སུ་འགྲོ་བཞིན་པའི་ཚགས་ཤོག་ནི་བོད་ཀྱི་དུས་བབ་དང་བང་ཆེན་གཉིས་ཡིན། འོན་ཀྱང་སྐབས་སུ་བབ་པ་ནི་བོད་ཀྱི་དུས་བབ་ཀྱི་དར་རྒུད་ཕྱོགས་ཅུང་ཙམ་གླེང་འདོད་བྱུང་།

བོད་ཀྱི་དུས་བབ་དྲ་ལམ་འདི་ནི་གཙོ་བོ་གསར་འགྱུར་ཕྱོགས་བཀོད་སའི་ཁོར་ཡུག་གུ་ཡངས་ཤིག་དང་དྲང་བདེན་དང་གནས་ལུགས་བརྗོད་སའི་བོད་པ་ཚང་གི་གཡང་ཁྱིམ་ཞིག་ལ་ཚང་མའི་ངོས་འཛིན་ཞུ་བཞིན་འདུག དེར་བརྟེན་ང་དང་ང་འདྲ་བའི་དྲ་འཁྱམས་པ་ཞིག་ལ་མཚོན་ན་ཡང་དུས་བབ་ཚང་གི་སྒོ་ཁ་ན་ག་དུས་ཡིན་ན་ཡང་ཉལ་ནས་བསྡད་ཡོད། རྒྱུ་མཚན་ཅིའི་ཕྱིར་ཞེ་ན་འདི་ནི་ངའི་རེ་སྒུག་གི་ལམ་ཁ་ཞིག་དང་མ་འོངས་པའི་མདུན་ལམ་སྟོན་སའི་ཁོར་ཡུག་ཅིག་ལ་ངོས་བྱེད་ཀྱི་ཡོད།

བོད་ཡིག་ལ་དུང་ཞེན་ཆེ་མཁན་དང་བོད་པ་ལ་ཤ་ཚ་ཡོད་མཁན་མང་པོ་ཞིག་གིས་བོད་ཀྱི་དུས་བབ་ཚང་གི་དྲ་ལམ་འདི་ན་ཉིན་མཚན་མེད་པར་གསར་འགྱུར་སོགས་རྒྱུ་ཆ་ཁག་རེ་རེ་བཞིན་ཀློག་གིན་འདུག དེ་མ་ཟད་བོད་ནང་ཁུལ་དུ་ཡིན་ན་ཡང་མང་པོ་ཞིག་གི་དེང་སྐབས་དྲ་ཚིགས་འདི་ལ་དོ་སྣང་དང་རེ་སྒུག་བྱེད་ཀྱིན་འདུག དེས་སྟབས་ཀྱིས་འུ་ཅག་ཚང་གི་དུས་བབ་དྲ་ཚིགས་འདི་ཉམས་རྒུད་དུ་འགྲོ་མི་སྲིད། ཚགས་པར་དང་དྲ་ཚིགས་གཉིས་ཀྱི་ཕྱོགས་ནས་བསྡུར་ན་དྲ་ཚིགས་ལ་གཟིགས་མཁན་མང་ཡང་ཐོག་མར་དུས་བབ་ཚང་གི་དབུ་འཕང་བསྟོད་མཁན་ཚགས་པར་རེད།   

འདི་ནས་རྩིས་པའི་ལོ་བཞིའི་ཡར་སྔོན་དུ་དྲ་ཚིགས་ཀློག་རྒྱུའི་གོམས་སྲོལ་དང་དྲ་ཚིགས་ཀྱི་ཆ་རྐྱེན་ཡང་ཞན་པས་དུས་བབ་ཚགས་ཤོག་ཉོ་བ་སོགས་ལ་དོ་སྣང་བླ་མེད་ཞིག་བྱུང་ཡོད། ལྷག་པར་དུ་རྒྱལ་ཁབ་ཉི་ཤུ་ལྷག་ནང་འགྲེམས་སྤེལ་བྱེད་བཞིན་པ་གོ་ཐོས་བྱུང་ཡོད། འདི་ནི་རང་མི་རིགས་ཤིག་གི་བྱ་བཞག་བླ་མེད་ཞིག་ཡིན་པ་མ་ཟད་ཚགས་ཤོག་འདིའི་འོད་ སྟོང་གི་མདུན་ལམ་ཞིག་ཏུ་ཡང་ངོས་འཛིན་བྱེད་ཆོག་པར་སེམས། དེང་སྐབས་དྲ་ཚིགས་ཀློག་མཁན་ཧ་ཅང་མང་པོ་རེད། ཡིན་ཡང་ཚགས་ཤོག་འདི་མུ་མཐུད་དུ་མཇུག་མ་སྒྲིལ་པར་དུས་ཐོག་ཏུ་འགྲེམས་སྤེལ་ཐུབ་ན་དགེ་མཚན་མི་དམན་པ་ཞིག་ཡོད་པར་མཐོང་།  

དེང་སང་མི་རེ་ཟུང་ཞིག་གིས་རྒྱ་བོད་དབྱིན་གསུམ་གྱི་ཐོག་ནས་དྲ་ཚིགས་དགོས་པར་རེ་བ་དང་བསམ་ཚུལ་གསུང་མཁན་ཡོད་ཀྱང་བོད་ཀྱི་དུས་བབ་འདི་ཁ་བྱང་དང་མཐུན་པར་རང་སོར་ནས་ལངས་དགོས་པ་འདི་ཧ་ཅང་གི་གནད་འགག་ཆེན་པོ་ཞིག་རེད་སྙམ། སྤྱི་བཏང་སྐད་ཡིག་མང་པོའི་སྟེང་ནས་གསར་འགྱུར་རིགས་འགོད་སྤེལ་བྱེད་ཐུབ་ན་དགེ་མཚན་ཡོད་ཀྱང་བོད་ཀྱི་དུས་བབ་འདི་ནི་བོད་རང་གི་སྐད་ཡིག་གཅེས་སྐྱོང་ཁང་གི་དྲ་ཚིགས་ཤིག་ཆགས་ཡོད་སྟབས། མུ་མཐུད་དུ་བོད་ཡིག་ཁོ་ནས་དྲ་ཚིགས་ཤིག་ཏུ་རྒྱུན་འཁྱོང་བྱས་ཏེ་སྐད་ཡིག་གཞན་དང་མཉམ་བསྲེས་མ་བྱས་ན་ལེགས་པར་སེམས།

དགེ་སྐྱོན་གཉིས་ཀའི་ངོས་ནས་གླེང་དགོས་པ་དྲང་བདེན་གྱི་ལམ་ཁ་དང་པོ་ཡིན་སྟབས། དེ་བས་དུས་བབ་ཚང་གི་སྐྱོན་ཕྱོགས་ཐེར་འདོན་བྱེད་དགོས་རྒྱུ་ནི་གང་ཡིན་ཞེ་ན།  ཉེ་ལམ་ཟིན་བྲིས་མེད་པར་བཟོས་པ་འདི་ཧ་ཅང་ནག་ཉེས་ཆེན་པོ་ཞིག་ཏུ་ངོས་འཛིན་མི་བྱེད་ཐབས་མེད་རེད། བོད་ནང་ཡིན་ན་ཐུགས་ཁག་མེད་རང་དབང་ལུང་པ་འདིར་རང་དབང་གླེང་སའི་ཁོར་ཡུག་ཆེན་པོ་ཞིག་གི་སྒོ་རྒྱབ་པ་དེ་བློ་ཕམ་དགོས་པའི་གནས་ཤིག་རེད། སྤྱིར་བསམ་ཚུལ་མི་མཐུན་པ་དང་ལྟ་བ་མི་མཐུན་པ་ཧ་ཅང་མང་པོ་སླེབ་ཀྱི་ཡོད་པ་ཤེས་ལ། དེ་དང་འབྲེལ་ནས་རྩོམ་སྒྲིག་པ་ལ་ཡང་ཁ་རྡུང་མང་པོ་གཏོང་གིན་ཡོད་པ་གོ་མྱོང་།

འོན་ཀྱང་རྒྱལ་སྲས་ཆེན་པོ་ཞི་བ་ལྷས། གལ་ཏེ་བཅོས་སུ་ཡོད་ན་ནི། །དེ་ལ་མི་དགར་ཅི་ཞིག་ཡོད། །གལ་ཏེ་བཅོས་སུ་མེད་ན་ནི། །དེ་ལ་མི་དགའ་བྱས་ཅི་ཕན།། ཞེས་གསུངས་པ་ལྟར། འདིའི་ཐད་ཁྱེད་རྣམ་པས་བསམ་གཞིགས་གཏོང་དགོས་པ་ཞིག་ཆགས་འདུག ཟིན་བྲིས་ཕྱོགས་ལ་རྩོམ་སྒྲིག་པའི་སྣང་མེད་བཏང་བའི་ཉེས་པ་ཁོ་ན་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད། དྲ་ཚིགས་མདུན་ངོས་ཀྱི་ས་ཁུངས་ཡང་ཆུང་དྲག་པ་མ་ཟད་རྩོམ་སྤེལ་སྐབས་སུ་ཚོད་འཛིན་སོགས་བྱེད་མ་ཐུབ་པའི་རྒྱུ་རྐྱེན་མང་པོ་ཞིག་གི་འོག་ནས་མཇུག་བསྡུ་དགོས་པ་ཆགས་ཡོད། བཙན་བྱོལ་ནང་དུ་འབྲི་རྩོམ་བྱེད་མཁན་མང་པོ་ཞིག་ད་བར་དུ་སྐྱེད་སྲིང་བྱས་ཡོད་པ་སྨོས་མེད་རེད།  དུས་བབ་ཟིན་བྲིས་ད་དུང་ཡིན་ན་ཡང་སླར་གསོ་ཐུབ་པའི་རེ་བ་དང་ཡིད་ཆེས་ངང་དུ་སྒུག་ནས་བསྡད་ཡོད། །

འབྲེལ་ཡོད་གསར་འགྱུར།

Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

ཆུ་ཚོད་ ༡༠ སྔོན་ལ།
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༦/༠༥/༡༢
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡

མཆན། 5

  1. ཤག་སྒང་པ། says:
    ལོ་ 13 སྔོན།

    དུས་བབ་ནི། ལོ་ན་རྒས་པས་མགྱོགས་པོར་བྱོན་མི་ཐུབ་པ་དེ་མ་གཏོགས།

    གཞན་དུས་བབ་ཁོང་ཧ་ཅང་གི་བཟང་པོ་དང་ལེགས་པོ་རང་རེད།

    བཀྲིས་བདེ་ལེགས་སོ།།

    ཞལ་བྲོའོ།།

    Reply
  2. ཤ་ཀླན་འཇམ་དབྱངས་གྲགས་པ། says:
    ལོ་ 13 སྔོན།

    བཙན་བྱོལ་ཁུལ་དུ་བོད་ཡིག་གི་ཚགས་ཤོག་དང་དྲ་བ་ཚད་ལྡན་ཞིག་ཡོད་པ་ནི་བོད་ཀྱི་དུས་བབ་རེད་འདོད་ཡོད། ཡིན་ཡང་དུས་བབ་ལའང་སྐྱོན་མི་ཉུང་བ་ཞིག་འདུག་ལ་སྐྱོན་ཆེ་ཤོས་ཤིག་ཡོད་པ་ནི་རྩོམ་པ་པོ་ཚོས་རྩོམ་ཡིག་སྤེལ་དུས་རྩོམ་པ་པོ་རང་ལ་འཛིན་མཚམས་ཡོད་པའི་མིང་ཚིག་རྣམས་རྩོམ་སྒྲིག་ཚོགས་མི་ཚོའི་འདོད་པ་བཞིན་བསྒྱུར་འགྲོ་ནའང་དག་ནོར་ཡིག་ནོར་རྣམས་རང་འཇགས་བཞག་པ་དེ་རེད། དེ་མིན་སྤྱི་ཚོགས་སུ་འགན་ཁུར་སྟངས་སོགས་གང་གི་ཆ་ནས་བལྟས་ནའང་དུས་བབ་ནི་ངོ་མ་ཚགས་ཤོག་དང་དྲ་བ་ཡག་ཤོས་སུ་མཐོང་། འདི་ནི་དུས་ཡུན་རིང་པོར་དྲ་བ་དང་ཚགས་ཤོག་བཀླགས་ཤིང་དུས་བབ་དང་ངོ་ཤེས་རྙིང་པར་གྱུར་པ་ཞིག་གི་བསམ་ཚུལ་བརྣལ་མ་ལགས།

    Reply
  3. ཆོས་བཟང་། says:
    ལོ་ 13 སྔོན།

    འུ་ཅག་གངས་ཅན་པའི་ལས་དབང་དང་ཁ་ཕྱོགས་གླེང་སའི་ཚགས་པར་བོད་ཡིག་རང་རྐྱ་བའི་ཐོག་ཡོད་པའི་རྒྱ་ཁྱབ་ཆེ་ཤོས་སུ་གྱུར་བའི་རང་དབང་སྨྲ་བརྗོད་ཀྱི་གར་སྟེགས་གཅིག་པུ་སྟེ་༼བོད་ཀྱི་དུས་བབ༽ངེད་ཚང་གི་གཡང་ཁྱིམ་དྲོན་མོ་ཁྱོད་ནམ་ཡང་མི་ནུབ་པར་གྱུ་ཅིག

    Reply
  4. ཚེ་རྣམ། says:
    ལོ་ 13 སྔོན།

    དུས་བབ་རྩོམ་སྒྲིག་པ་དོན་གྲུབ་བཀྲ་ཤིས་མཆོག་གིས་གསལ་བཤད་གནང་བར་ཐུགས་རྗེ་ཆེ་ཞུ། ཕྲན་ཆུང་གིས་དེ་སྔོན་ནས་དུས་བབ་ཚང་གི་ཟིན་བྲིས་དེ་ཡར་རྒྱས་ཤིག་གཏོང་ཐུབ་ན་ཅི་མ་རུང་བསམ་བསྡད་ཡོད། དེ་ནས་དུས་བབ་ཚང་གི་གསར་འགྱུར་གནད་སྨིན་དག་ཉི་མ་རྟག་པར་རེ་རེ་བཞིན་ཀློག་གི་ཡོད།

    Reply
  5. དོན་འགྲུབ་བཀྲ་ཤིས། says:
    ལོ་ 13 སྔོན།

    གངས་བཙན་པོ་ལགས་ཀྱིས་བསམ་པ་རྣམ་དག་གིས་དུས་བབ་ཚང་གི་དགེ་སྐྱོན་གླེང་བར་ཞེ་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཁྱེད་ཀྱི་གསུངས་པ་ལྟར་བཅོས་སུ་ཡོད་པའི་རིགས་བཅོས་ཐབས་དང་ཡར་རྒྱས་གཏོང་ཐུབ་ལ་འབད་ངེས་ཡིན།

    དེ་དང་མཉམ་དུ་གསལ་བཤད་ཞུ་རྒྱུ་གཉིས་ཡོད། དང་པོ། བོད་ཀྱི་དུས་བབ་ཚགས་པར་སྐོར། དེང་གི་གོ་ལ་འདི་གློག་རྡུལ་གྱི་གོ་ལ་ཞིག་དང་། དེང་གི་དུས་རབས་འདི་ཆ་འཕྲིན་གྱི་དུས་རབས་ཤིག་ཏུ་འཕེལ་ཏེ། བོད་ཀྱི་དུས་བབ་དྲ་ཚིགས་ཀློག་མཁན་ཅི་ཙམ་མང་ན་ཡང་། དུས་བབ་ཚགས་པར་འདི་མུ་མཐུད་དཔར་འགྲེམས་ཞུ་ངེས་ཡིན་ལ། དེང་སྐབས་ཀྱང་དབུས་ངྷ་རམ་ས་ལ་དང་ས་གནས་ལྷོ་ཕྱོགས་མོན་གྷོ་གཉིས་སུ་དུས་མཉམ་དུ་དཔར་འགྲེམས་བྱས་དང་བྱེད་བཞིན་ཡོད།

    གཉིས་པ། བོད་ཀྱི་དུས་བབ་ཟིན་བྲིས་སྐོར། བོད་ཀྱི་དུས་བབ་དྲ་ཚིགས་ནང་གི་ཟིན་བྲིས་སྔར་བཞིན་ཡོད་ལ། ཟིན་ཐོ་སྤེལ་འགྲེམས་སོགས་ཀྱང་སྔར་བཞིན་རྒྱུན་ལྡན་ཡིན་ན་ཡང་། ཉིད་ཀྱིས་གསུངས་པ་ལྟར། ཉེ་ལམ་ཕྱི་ཟླ་ ༣ པ་ཙམ་ནས་དུས་བབ་ཟིན་བྲིས་ཨ་མའི་ནང་བཟོ་བཅོས་ཤིག་གི་དབང་གིས་དུས་བབ་དྲ་བའི་མདུན་ངོས་འོག་གི་ཟིན་བྲིས་གསར་ཤོས་དང་ཁྱབ་ཤོས་ཟེར་བ་དེ་གཉིས་མེད་པ་ཆགས་ཡོད། འདིའི་སྐོར་ལ་མི་འགྱང་པར་དུས་བབ་ཟིན་བྲིས་པ་རྣམས་ལ་གསལ་བསྒྲགས་ཤིག་སྤེལ་འཆར་ཡོད་སྟབས། སྐབས་དེར་ལྷན་རྒྱས་ཀྱིས་མཐུན་འགྱུར་དང་མཉམ་རུབ་ཡོང་བ་ཞུ།།
    དུས་བབ་རྩོམ་སྒྲིག་པས། ༢༠༡༣།༥།༧

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese