མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་ཙྭ་བ་རིན་ཆེན་བཟང་པོའི་ནུབ་ཕྱོགས་ཀྱི་གདུལ་བྱ།

བོད་ཀྱི་དུས་བབ།
༢༠༡༣/༠༥/༠༨
Share on FacebookShare on TwitterShare on EmailShare on Whatsapp

འདས་པའི་ལོ་ངོ་དུ་མའི་རིང་ནང་༸གོང་ས་མཆོག་གི་རླབས་ཆེན་གྱི་མཛད་འཕྲིན་ལ་བརྟེན་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ནང་ཆོས་སློབ་སྦྱོང་གི་ཚ་རླབས་ཤིག་འཕྱུར་ཞིང་། གནས་སྟངས་དེའི་དབང་གིས་ཁོང་གི་བཞུགས་གནས་ངྷ་རམ་ས་ལ་གཙོས་པའི་བོད་པའི་དགོན་སྡེ་དང་སློབ་གྲྭ་ཁག་ཏུ་ནུབ་ཕྱོགས་ཀྱི་ནང་ཆོས་སློབ་གཉེར་བ་དང་། བོད་ཡིག་སློབ་སྦྱོང་བྱེད་མཁན་མང་པོ་བྱུང་དང་འབྱུང་བཞིན་ཡོད། ངྷ་ས་གངས་སྐྱིད་དུ་རྟེན་གཞི་བྱས་ཡོད་པའི་ལོ་ཙཱ་བ་རིན་ཆེན་བཟང་པོ་སློབ་གྲྭ་ནི་ཕྱི་རྒྱལ་གྱི་ནང་ཆོས་དོན་གཉེར་ཅན་དག་ལ་སྐད་སྒྱུར་གྱི་ཆེད་དུ་བཙུགས་པ་ཞིག་ཡིན་འདུག  

ཉེ་ལམ་གསར་འགོད་པས་སློབ་གྲྭ་འདིའི་འགན་འཛིན་ཧྥ་རན་སིའི་ལྕམ་ཁེ་ལེ་རེ་ཡེ་ཤེས་(ClaiRe Yeshe) ལགས་སུ་བཅར་འདྲི་ཞུས་དོན་ལྟར་ན། ལོ་ཙཱ་བ་རིན་ཆེན་བཟང་པོ་སྐད་སྒྱུར་སློབ་གྲྭ་ (LOTSAWA RINCHEN ZANGPO TRASLATER PROGRAM ) ཞེས་པ་འདི་ནི། ཕྱི་ལོ་ ༡༩༩༦ ལོར་བླ་མ་བཟོད་པ་རིན་པོ་ཆེ་མཆོག་གི་མཐུན་འགྱུར་འོག་བཙུགས་པ་ཞིག་ཡིན་པ་དང་། དམིགས་ཡུལ་གཙོ་བོ། ཕྱི་རྒྱལ་ཁག་ཏུ་ནང་ཆོས་ངོ་སྤྲོད་བྱེད་མཁན་བླ་མ་དགེ་བཤེས་ཚོར་གསུང་བསྒྱུར་དང་། ནུབ་ཕྱོགས་ཡུལ་གྲུ་ཁག་གི་ནང་ཆོས་དང་བོད་ཡིག་བོད་སྐད་ལ་སློབ་སྦྱོང་བྱེད་འདོད་ཡོད་མཁན་ཚོའི་རེ་བ་སྐོང་ཆེད་ཡིན་འདུག

སློབ་གྲྭའི་འགན་འཛིན་གྱིས་བརྗོད་པ་ལྟར་ན། ད་བར་སློབ་གྲྭ་འདིར་ཨ་རི་དང་དབྱིན་ལན། ཧྥ་རན་སི། ཨེ་སི་རེལ། ཉི་ཧོང་སོགས་རྒྱལ་ཁབ་ ༡༠ ཡི་སློབ་མ་ ༡༢༠ ཙམ་འཛུལ་ཞུགས་བྱས་ཡོད་པ་ལས་སློབ་མ་ ༣༥ ཙམ་སློབ་མཐར་ཕྱིན་ཡོད་འདུག སློབ་དུས་གཅིག་ལ་བདུན་ཕྲག་བརྒྱད་དང་། དུས་ཡུན་ལོ་གཉིས་རིང་འཛིན་གྲྭའི་ནང་སློབ་སྦྱོང་གནང་རྗེས། ཡིག་རྩལ་བཏང་སྟེ་བླ་མ་བཟོད་པ་རིན་པོ་ཆེའི་ཆོས་ཚོགས་ (FPMT) ཁྱབ་ཁོངས་དང་ཆོས་རྒྱུད་རིས་མེད་ཀྱི་ཆོས་ཚོགས་ཁག་ཏུ་ལག་ལེན་དང་མཉམ་དུ་སློབ་སྦྱོང་བྱས་མཐར་ལོ་ཙཱ་བ་རིན་ཆེན་བཟང་པོ་སྐད་སྒྱུར་སློབ་གྲྭའི་ལག་འཁྱེར་སྤྲོད་ཀྱི་ཡོད་འདུག

ལོ་ཙཱ་བ་རིན་ཆེན་བཟང་པོ་སྐད་སྒྱུར་ཕྱག་འཁྱེར་དེ་ (FPMT) ཞེས་པའི་ཆོས་ཚོགས་ ༢༠༠ ཙམ་དང་། ཆོས་ཚོགས་གཞན་ཁག་ཅིག་གིས་ངོས་འཛིན་གནང་གི་ཡོད་པ་དང་། འདས་པའི་ལོ་བཅུ་གྲངས་ལྷག་གི་རིང་སློབ་གྲྭ་འདི་ནས་སློབ་མ་ ༥༠ ཙམ་སློབ་མཐར་ཕྱིན་ཏེ། ད་ཆར་ཨ་རི་དང་ཧྥ་རན་སི། ཨོ་སི་ཊོ་ལི་ཡཱ། ཧོ་ལན་ཌི་བཅས་སུ་ཆོས་ཚོགས་ཁག་དང་། ངྷ་རམ་ས་ལའི་ཉེ་ཁུལ་གྱི་དགོན་སྡེ་ཁག་ནང་གསུང་སྒྱུར་གྱི་ཕྱག་ལས་གནང་བཞིན་ཡོད་འདུག  

སློབ་གྲྭ་འདི་ངྷ་རམ་ས་ལར་འཛུགས་དགོས་དོན་དང་སློབ་ཡོན་སྐོར་ལ་ཁོ་མོས། “ ངྷ་རམ་ས་ལ་༸རྒྱལ་བ་རིན་པོ་ཆེའི་བཞུགས་གནས་ཡིན་པ་དང་གསུང་ཆོས་ཞུ་རྒྱུའི་གོ་སྐབས་མང་པོ་ཡོད་སྟབས། ང་ཚོའི་སློབ་གྲྭ་དེ་འདིར་བཙུགས་པ་རེད། ད་ལྟའི་ཆར་ལོ་གཉིས་རིང་སློབ་ཡོན་ཨ་སྒོར་ ༤༣༠༠ བསྡུ་བཞིན་ཡོད། ལོ་གཉིས་རྗེས་སུ་རང་ངོས་ནས་ཆོས་ཚོགས་ཁག་ཏུ་སློབ་སྦྱོང་དང་ཞོར་ལས་འཚོལ་དགོས་པ་རེད། སློབ་མ་མང་པོ་ཞིག་གིས་བློས་གཏོང་ཆེན་པོ་བྱས་ཏེ་འདིར་བསྡད་ཡོད། དེ་གཙོ་བོ་བོད་པའི་ནང་ཆོས་འདི་རྩ་ཆེན་པོ་ཞིག་ལ་མཐོང་གི་ཡོད་པ་རེད ” ཅེས་བརྗོད་བྱུང་།

གསར་འགོད་པས་སློབ་གྲྭ་དེ་གའི་བོད་དགེ་ཤེས་རབ་དར་རྒྱས་ལགས་སུ་སློབ་ཚན་སྐོར་ལ་བཅར་འདྲི་ཞུས་པར་ཁོང་གིས། “ སློབ་གྲྭ་འདི་ཐོག་མ་གསར་འཛུགས་སྐབས་ཀྱི་དགེ་རྒན་དབྱིན་ཇི་བ་ཞིག་རེད། སྐབས་དེར་དགེ་རྒན་ཁོ་རང་གིས་བཟོས་པའི་སློབ་ཚན་གྱི་འཆར་གཞི་ཞིག་འདུག ལོ་དང་པོར་ཀ་ཁ་ནས་མགོ་བཙུགས་ཏེ་ཁ་སྐད་སློབ་ཁྲིད་དང་། དེ་ནས་ཁ་སྐད་དང་ཡིག་སྐད་གཉིས་སྦྲགས་ཏེ་སློབ་ཁྲིད། ཡིག་སྐད་འཁྲིད་སྐབས་མང་ཆེ་བ་ཆོས་དང་འབྲེལ་བའི་རིགས་འཁྲིད་ཀྱི་ཡོད། ལོ་གཅིག་ཚར་སྐབས་ཁ་སྐད་དང་བརྡ་སྤྲོད་ཀྱི་འགྲོ་སྟངས་འགྲིག་ཙམ་འདུག ལོ་གཉིས་པར་ནང་ཆོས་རྐྱང་རྐྱང་སློབ་འཁྲིད་བྱེད་ཀྱི་ཡོད། ལོ་གཉིས་ཚར་རྗེས་ཡོངས་གྲགས་ཀྱི་ནང་ཆོས་སྐོར་རོབ་ཙམ་རྒྱུས་ཡོད་པ་ཆགས་ཀྱི་འདུག ནང་པའི་ཆོས་ཀྱི་ཕྱོགས་ནས་བླ་མ་དགེ་བཤེས་མ་བསྟེན་པར་ཁོང་ཚོའི་ངོས་ནས་སྤེལ་ཐུབ་རྒྱུ་དཀའ་ཡང་། རམ་འདེགས་ཡག་པོ་ཐུབ་ཀི་རེད་བསམ་ཡོད ” ཅེས་བརྗོད་བྱུང་།

ཨུ་རུ་སུའི་སློབ་མ་ཨཱ་ནཱ་བདེ་ཆེན་ལགས་སུ་བཅར་འདྲི་ཞུས་པར་ཁོ་མོས། “ སྔོན་མ་ཨུ་རུ་སུར་འབྲས་སྤུངས་དགོན་པའི་བླ་མ་ཁག་ཅིག་ཕེབས་སྐབས། ངས་ཁོང་ཚོར་མཇལ་ཁ་ཞུས་ཏེ་གསུང་ཆོས་ཉན་མྱོང་ཡོད། དེ་ནས་ནང་ཆོས་སྦྱོང་འདོད་སྐྱེས་སོང་། ལོ་གཉིས་རིང་ཨུ་རུ་སུ་མཐོ་སློབ་ཅིག་ཏུ་བོད་སྐད་དང་བོད་ཡིག་སྦྱངས་པ་ཡིན། སྔར་ལོའི་ཕྱི་ཟླ་ ༡༠ ནང་འདིར་ཡོང་བ་ཡིན། ད་ལྟ་ང་ཧ་ཅང་སྐྱིད་པོ་འདུག  ངས་༸རྒྱལ་བ་རིན་པོ་ཆེ་སངས་རྒྱས་ཡིན་མིན་ལབ་ཐུབ་ཀྱི་མི་འདུག་མོད། ཁོང་གི་ལས་ཀ་བྱེད་ཕྱོགས་དང་བཀའ་སློབ་གནང་སྟངས་ལ་གུས་བརྩི་ཆེན་པོ་བྱེད་ཀྱི་ཡོད། ངས་ད་ཆར་ཁོང་གི་གསུང་ཆོས་ཞུ་རྒྱུའི་གོ་སྐབས་རག་པ་དེ་བྱིན་རླབས་ཆེན་པོ་རེད་བསམ་གྱི་འདུག ” ཅེས་བརྗོད་བྱུང་།  

ཧོ་ལན་ཌི་ནས་ཡིན་པའི་མེའོ་ཡཱོ་ཨ་ནེ་བསྟན་དཔལ་ལྷ་ལགས་ཀྱིས། “ ངས་དེ་སྔོན་ཧོ་ལན་ཌི་ནས་དབྱིན་ཇི་དང་ཧོ་ལན་ཌིའི་སྐད་ཐོག་ནང་ཆོས་སྦྱངས་པ་ཡིན། ཕྱིས་སུ་ནང་ཆོས་ངོ་སྤྲོད་རེ་ཟུང་ལ་འགྲོ་མྱོང་ཡང་། སྐད་སྒྱུར་བ་ཞིག་བརྒྱུད་ནས་ཉན་དགོས་དུས་དོགས་པ་ཡོང་གི་འདུག དེ་ནས་སྔ་ལོའི་ཕྱི་ཟླ་ ༧ པར་ངྷ་རམ་ས་ལར་ཡོང་བ་ཡིན། ལོ་ ༢ སྔོན་དུ་ངས་བླ་མ་ཆོས་ལྡན་རིན་པོ་ཆེའི་གམ་ནས་རབ་བྱུང་གི་སྡོམ་པ་དང་། ༸རྒྱལ་བ་རིན་པོ་ཆེའི་གམ་ནས་དགེ་ཚུལ་མའི་སྡོམ་པ་ཞུས་པ་ཡིན། ངས་ད་ལྟ་མི་ཞིག་གི་མི་ཚེ་ནང་དུ་ནང་པའི་ཆོས་འདི་ཧ་ཅང་གལ་ཆེན་པོ་ཞིག་ལ་མཐོང་གི་འདུག” ཅེས་བརྗོད་བྱུང་།

ཨི་ཊ་ལི་ནས་ཡོང་བའི་རཱེ་དཱང་ལགས་ཀྱིས། “ ང་རང་ལ་མཚོན་ན་ཐོག་མར་ངྷ་ས་བོད་ཀྱི་དཔེ་མཛོད་ཁང་དུ་ཟླ་གཅིག་དང་། དེ་ནས་ནོར་གླིང་དུ་ཟླ་དྲུག་བཅས་སུ་བོད་སྐད་དང་བོད་ཡིག་སྦྱངས་པ་ཡིན། སྔར་ལོའི་ལོ་མཇུག་ལ་སློབ་གྲྭ་འདིར་ཡོང་སྟེ་ཟླ་བ་ ༦ འགྲོ་བཞིན་ཡོད། ངས་བོད་སྐད་དང་བོད་ཡིག་སྦྱོང་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནང་པ་སངས་རྒྱས་པའི་ཆོས་སྦྱོང་བའི་ཆེད་དུ་ཡིན། ད་ལྟ་ངས་བརྒྱ་ཆ་མང་ཤོས་གོ་ཐུབ་ཀྱི་འདུག བོད་ཡིག་སྦྱོང་རྒྱུ་ཧ་ཅང་དཀའ་ལས་ཁག་པོ་འདུག ཡིན་ནའང་རང་ཉིད་ཀྱི་མི་ཚེའི་ལས་དོན་དང་བཟའ་ཚང་ཡོངས་རྫོགས་བློས་བཏང་སྟེ་འདིར་ཡོང་བ་ཡིན་སྟབས་ཤུགས་མ་བརྒྱབ་ན་འགྲིག་གི་མི་འདུག་དྲན་གྱི་འདུག” ཞེས་བརྗོད་བྱུང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

ཆུ་ཚོད་ ༡༣ སྔོན་ལ།
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

ཆུ་ཚོད་ ༡༥ སྔོན་ལ།
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

ཆུ་ཚོད་ ༡༨ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༧།༧།༡༥
Mobile App

དུས་རབས་ཉེར་གཅིག་པའི་མི་གྲངས་མང་ཤོས་རྐྱེན་འདས་སུ་གྱུར་བའི་དམག་འཁྲུག་ཆེན་པོ་གསུམ།

༢༠༢༦/༠༧/༡༥
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ།

༢༠༢༦/༠༧/༡༥
Mobile App

མི་རིགས་ཀྱི་ཤུལ་བཞག་རིག་དངོས་རྩ་གཏོར་བྱེད་པ་ནི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡིན།

༢༠༢༦/༠༧/༡༤

མཆན། 2

  1. འཁྲུངས་སྐར། says:
    ལོ་ 13 སྔོན།

    ཡ་ཡ ལོ་ཙ་བ་ཞིག་གིས་སློབ་གྲ་ཡོད་པ་དགའ་པོ་བྱུང་། རིམ་བཞིན་འབྲེལ་བ་གནང་རྒྱུ་ཡིན། གང་ཡིན་ཟེར་ན་རང་རྒྱལ་གྱིས་ཆོས་ལུགས་འདི་ནི་འཛམ་གླིང་གིས་སྤྱི་ནོར་ཡིན་པ་ཡིན་དུས་དེ་བསྒྱུར་པ་པོ་དེ་ཡང་ཚད་ལྡན་ཞིག་དགོས་ངེས་ཡིན།

    Reply
  2. རྒྱལ་མཚན། says:
    ལོ་ 13 སྔོན།

    བོད་ཀྱི་དུས་བབ་ཚང་གི་གསར་འགྱུར་ཁ་བྱང་འདེམས་སྟངས་འདིའི་ཡིད་འཕྲོག་བཞག་གི་འདུག གསར་འགྱུར་གང་ཞིག་ཡིན་ཡང་ནང་དོན་ག་འདྲ་ཞིག་ཡོད་མེད་ལ་མ་ལྟོས་པར་ཁ་བྱང་དང་གསར་འགྱུར་མགོ་འཛུགས་སྟངས་སོགས་ཀྱིས་དོ་སྣང་འདྲེན་ལུགས་ལ་ཁྱད་པར་ཞེ་དྲག་འདུག མ་ཟད་གསར་འགྱུར་གྱི་ཁ་བྱང་འགོད་སྟངས་ཀྱིས་ཤུགས་བསྟན་གྱི་གནས་ཚུལ་མང་པོ་ཞིག་ཀྱང་སྟོན་ཐུབ་པ་འདུག མ་གཞི་བོད་པའི་གསར་འགྱུར་བརྒྱུད་ལམ་ཚང་མ་ཡར་རྒྱས་ཆེན་པོ་འགྲོ་བཞིན་འདུག་ལ། ལྷག་པར་དུ་དུས་བབ་ཚང་གི་གསར་འགྱུར་དག་ལ་ཁྱད་ཆོས་མ་འདྲ་བ་ཞིག་འདུག འདི་ང་རང་གི་བསམ་ཚུལ་ཙམ་ཡིན

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese