མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཅི་ཕྱིར་དབུ་མའི་ལམ་དུ་བསྐྱོད་དགོས་སམ།

བོད་ཀྱི་དུས་བབ།
༢༠༡༣/༠༥/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཧོ་ཕིན་གྱིས་བརྩམས། ལོ་མ་རྒྱལ་གྱིས་བསྒྱུར།

ད་ལོའི་ཕྱི་ཟླ་ ༤ ཚེས་ ༡༤ ཉིན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་སུད་སུ་ལ་ཕེབས་ཏེ། དེ་གར་གནས་སྡོད་བོད་མི་རྣམས་ལ་ཐུག་སྐབས། ཁོང་གིས་བསྐྱར་དུ་དབུ་མའི་ལམ་དང་འཚེ་མེད་ཞི་བའི་སྐོར་ལ་གསུང་བཤད་གནང་བྱུང་།

༧གོང་ས་མཆོག་གིས་གསུངས་དོན།  བོད་དོན་སེལ་བར་སྔ་ཕྱི་མ་གཏོགས་རྒྱ་ནག་གཞུང་དང་བཀའ་མོལ་གནང་དགོས་པ་ལས་གདམ་ག་གཞན་མེད། དེར་བརྟེན། གནས་སྟངས་དེ་འདྲ་ཞིག་གི་འོག་ནས། གལ་ཏེ་བོད་རང་བཙན་གླེང་བ་ཡིན་ན། ངོ་རྒོལ་བྱེད་དགོས་པ་ཙམ་ལས་བཀའ་མོལ་གནང་ཐབས་མེད། དེ་ཡག་པོ་མ་རེད། རེ་བ་ཡང་ཡོད་པ་མ་རེད། གལ་ཏེ་བོད་པར་མིང་དོན་མཚུངས་བའི་རང་སྲིད་རང་སྐྱོང་ཞིག་ཐོབ་ན། བོད་པར་ཁེ་ཕན་ཡོད་ལ། རྒྱ་ནག་གཞུང་ལ་ཡང་ཁེ་ཕན་ཡོད། ཅེས་གསུངས།

ང་རང་གིས་བལྟས་ན། དབུ་མའི་ལམ་ལ་བཟང་ཆ་ཆེན་པོ་གཉིས་འདུག དང་པོ། དབུ་མའི་ལམ་ནི་ལམ་ལུགས་ཀྱི་ཐོག་ནས་ཡང་དག་པ་ཞིག་ཆགས་ཡོད། རྒྱུ་མཚན་གང་ཡིན་ཟེར་ན། དེ་ཡིས་བོད་མིའི་རྩ་བའི་ཁེ་དབང་ལ་ཁག་ཐེག་བྱེད་པ་མ་ཟད། རྒྱ་བོད་གཉིས་ཀར་ཕན་པའི་གཉིས་ཕན་གྱི་ཐབས་ལམ་ཞིག་ཀྱང་རེད། གཉིས་པ། དབུ་མའི་ལམ་ནི་ཆབ་སྲིད་ཀྱི་ཐོག་ནས་ལག་ལེན་དུ་བསྟར་ཐུབ་པ་ཞིག་དང་། ཡུལ་དུས་གནས་བབ་ལའང་མཐུན་པ་ཞིག་རེད།

གཉིས་པ་དེ་ཧ་ཅང་གལ་འགངས་ཆེན་པོ་ཞིག་རེད། ཕྱོགས་གཅིག་ནས་དངོས་ཡོད་གནས་ཚུལ་ཁོ་ན་ལ་བསམ་བློ་བཏང་སྟེ་ཕུགས་བསམ་བློས་གཏོང་བྱས་ན། དེ་ཡང་མིག་སྔར་གྱི་དངོས་ཡོད་གལ་ཆེན་དུ་བརྩིས་ཏེ། རྩ་བའི་ཁེ་དབང་འཐབ་རྩོད་བློས་གཏོང་བྱས་པ་དེ་ནི་ནོར་འཁྲུལ་ཞིག་ཡིན་པ་གདོན་མི་ཟ། ཡིན་ན་ཡང་། ཕྱོགས་གཞན་ཞིག་ནས། ཕུགས་བསམ་ཁོ་ན་གླེང་སྟེ་དངོས་ཡོད་ལ་ཁ་ཡ་མ་བྱས་ན། དེ་ནི་ཡང་དག་པ་ཞིག་མ་རེད།

ལོ་སྔོན་མའི་ (༢༠༡༡) ཕྱི་ཟླ་ ༣ པའི་ནང་། ང་དང་སུ་ཞོ་ཁང་གཉིས་ངྷ་རམ་ས་ལར་ལྟ་སྐོར་དུ་ཕྱིན་པ་ཡིན། ཏག་ཏག་སྐབས་དེར་བྱང་ཨ་མེ་རི་ཀའི་<<ཤིན་ཏོ་ཉིན་རེ་ཚགས་པར་>>གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་སྐུ་ཞབས་ཝང་ནུ་ཡང་ངྷ་རམ་ས་ལར་ཕེབས་འདུག དེའི་རྗེས་ཁོ་ཕྱིར་ཨ་རི་ལ་ལོག་རྗེས། <<ཤིན་ཏོ་ཉིན་རེ་ཚགས་པར་>>གྱི་སྟེང་དུ་རྩོམ་ཡིག་ཁ་ཤས་སྤེལ་འདུག དེའི་ཁྲོད་ཀྱི་གཅིག་ནི་༧གོང་ས་མཆོག་ལ་བཅར་འདྲི་ཞུས་པ་ཞིག་རེད།

བཅར་འདྲི་དེའི་ནང་འདི་ལྟར་བཀོད་འདུག ཏཱ་ལའི་བླ་མ་དང་བོད་མིས་ཅིའི་ཕྱིར་རང་ཉིད་ཀྱི་དམིགས་ཡུལ་འགྲུབ་ཆེད་འཚེ་བའི་ཐབས་ལམ་མ་སྤྱད་པའི་སྐོར་ལ་བདེན་ཐུབ་ཀྱིས་དབྱེ་ཞིབ་བྱེད་པ། ཞེས་བཀོད་འདུག

ཁོང་གིས་གསུངས་དོན། ཐེངས་ཤིག་ཁོ་བོད་པའི་གཞོན་སྐྱེས་ཤིག་ལ་འཕྲད་དེ་འདི་ལྟར་བརྗོད་མྱོང་ཟེར། གལ་ཏེ་ང་ཚོས་རང་ཉིད་ཀྱི་དམིགས་ཡུལ་འགྲུབ་ཆེད་འཚེ་བའི་ཐབས་ལམ་སྤྱོད་པའི་དབང་དུ་བཏང་ན།  དང་པོ་ང་ཚོ་ལ་མེ་མདའ་དགོས་པ་མ་ཟད།  ད་དུང་མདེའུ་ཡང་དགོས། ད་དུང་མེ་མདའ་རྐང་ཁ་ཤས་ཤིག་གི་འདང་གི་མ་རེད། སྟོང་ཕྲག་ཁྲི་ཕྲག་དགོས་པ་རེད། ཡིན་ན་ཡང་། སུས་ང་ཚོར་བཙོང་གི་རེད། རྒྱ་གར་གྱིས་བཙོང་གི་ཡོད་དམ། ཨ་རིས་བཙོང་གི་རེད། ཕལ་ཆེར་སུ་གཅིག་གིས་ཀྱང་ང་ཚོར་མཚོན་ཆ་བཙོང་གི་མ་རེད།

ཅིག་བྱས་ན་ཨབ་གྷན་དང་པ་ཀི་སི་ཐན་གྱིས་ཨུ་རུ་སུའི་སྔོན་མའི་མཚོན་ཆ་དེ་དག་ང་ཚོར་བཙོང་མདོག་ཁ་བོ་རེད། ཡང་ན། མཚོན་ཆའི་ཡོང་ཁོངས་ཡོད་པའི་དབང་དུ་བཏང་ཡང་། དངུལ་སྒོར་གང་ནས་ཁྱེར་ཡོང་། གོང་གི་རྒྱལ་ཁབ་དེ་དག་གིས་རིན་མེད་ཐོག་མི་སྤྲོད་ཁོ་ཐག་ཡིན། གལ་སྲིད། དངུལ་སྒོར་དང་མཚོན་ཆ་ཡོད་པའི་དབང་དུ་བཏང་ཡང་། དེ་དག་རྒྱ་ནག་ཏུ་དེ་ཇི་ལྟར་དབོར་འདྲེན་བྱེད། རྒྱལ་ཁབ་གང་ཞིག་གི་ས་མཚམས་བརྒྱུད་ནས་དབོར་འདྲེན་བྱེད། མདོར་ན། རྒྱལ་ཁབ་སུ་གཅིག་གིས་ཀྱང་དེ་ལ་མོས་མཐུན་མི་བྱེད། སྔོན་མ་ཡིན་ན་(CIA)ཡིས་ང་ཚོར་རོགས་འདེགས་བྱས་པ་རེད། འོན་ཀྱང་དེ་ནི་འདས་ཟིན་པ་རེད། ད་ལྟ་དེ་ལྟར་བྱེད་རྒྱུ་ཁག་པོ་རེད། དེར་བརྟེན། འཚེ་བའི་ཐབས་ལམ་གྱི་སྒོ་ནས་ང་ཚོའི་གནད་དོན་འདི་སེལ་ཐབས་ཁྱོན་ནས་མེད།

༧གོང་ས་མཆོག་གིས་ད་དུང་གསུངས་དོན།  ཕྱི་རྒྱལ་གྱི་མི་མང་པོ་ཞིག་གིས་ཁོ་ལ་འདི་ལྟར་བརྗོད་མྱོང་ཏེ།  “གལ་ཏེ།  བོད་མི་ཚོས་འཚེ་བའི་ལམ་ནས་དཀའ་ངལ་སེལ་ཐབས་བྱས་པ་ཡིན་ན། ཕྱིན་ཆད་བོད་དོན་ལ་རྒྱབ་སྐྱོར་མི་བྱེད།”  དེ་ནས་༧གོང་ས་མཆོག་གིས་བཅར་འདྲིའི་སྐབས་སུ་ཡང་འདི་ལྟར་གསུངས་བྱུང་། ཕྱི་རྒྱལ་ན་ཡོད་པའི་བོད་མི་རེ་ཟུང་ཞིག་གིས་རྒྱང་ནས་རྟག་པར་གཞུང་ལ་སྐྱོན་བརྗོད་བྱེད་བཞིན་འདུག་མོད། འོན་ཀྱང་ཁོ་ཚོ་ལ་ལས་ཀ་དེ་བསྒྲུབ་དུ་བཅུག་པའི་སྐབས་སུ། ཁོ་ཚོས་གཞི་ནས་དོན་དག་ཚང་མ་རྒྱང་ནས་མཐོང་བའི་དེ་འདྲའི་ལས་སླ་བོ་ཞིག་མིན་པ་ཤེས་རྒྱུ་རེད།  

ལོ་སྔོན་མའི་ཕྱི་ཟླ་ ༣ པར། ང་དང་སུ་ཞོ་ཁང་ངྷ་རམ་ས་ལར་ཕྱིན་ཏེ། ཟམ་གདོང་རིན་པོ་ཆེ་དང་བཀའ་མོལ་བྱས་པ་དང་དབུ་མའི་ལམ་གྱི་སྐོར་ཡང་གླེང་སློང་བྱས་པ་ཡིན། ངེད་གཉིས་ཁོང་ལ་བཀའ་འདྲི་ཞུས་དོན། ༧གོང་ས་མཆོག་རྒན་ཡོལ་བྱས་པ་དང་གཞུང་འཛིན་མི་སྣ་བརྗེ་སྤོར་བྱས་རྗེས། བོད་མི་ཡིས་དབུ་མའི་ལམ་ལ་འགྱུར་བ་གཏོང་སྲིད་དམ།

ཟམ་གདོང་རིན་པོ་ཆེ་ཡིས་གསལ་བོར་གསུངས་དོན། འགྱུར་བ་འགྲོ་གི་མ་རེད།  བོད་མི་ཕལ་མོ་ཆེ་ཡིས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད། མ་ཟད་ཐེངས་འདིའི་སྲིད་སྐྱོང་བའི་འོས་མི་གསུམ་ཆའི་ལངས་ཕྱོགས་ཀྱང་དབུ་མའི་ལམ་རེད། དེར་བརྟེན། སུ་ཞིག་བདམས་ཐོན་བྱུང་ཡང་། དབུ་མའི་ལམ་མུ་མཐུད་གནས་ཡོང་གི་རེད།

དེ་ནས་ངས་འདི་ལྟར་གླེང་སློང་བྱས་པ་ཡིན། ༧གོང་ས་མཆོག་གི་དབུ་མའི་ལམ་ནི་དངོས་ཡོད་དང་མཐུན་པ། ལག་ལེན་དུ་བསྟར་རུང་བ་ཞིག་རེད། གལ་ཏེ། དབུ་མའི་ལམ་དེ་རང་བཙན་གྱི་ཕྱོགས་སུ་བསྒྱུར་བ་ཡིན་ན།  བོད་དོན་ལ་རྒྱལ་སྤྱིའི་དོ་སྣང་ཉུང་དུ་འགྲོ་ངེས། དེང་སྐབས་༧གོང་ས་མཆོག་ཨ་རིར་ཕེབས་ཏེ་ཨ་རིའི་སྲིད་འཛིན་ལ་མཇལ་འཕྲད་གནང་བ་དང་། དེ་བཞིན་འཇར་མན་ལ་ཕེབས་ཏེ་འཇར་མན་གྱི་སྲིད་འཛིན་ལ་ཐུགས་འཕྲད་གནང་གི་ཡོད། ཡིན་ན་ཡང་།  རྒྱ་གཞུང་གིས་དེ་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་མ་ཟད། ༧གོང་ས་མཆོག་ནི་ཁ་བྲལ་བ་ཞེས་སྐྱོན་བརྗོད་བྱེད་བཞིན་ཡོད། 

ཡིན་ན་ཡང་། ནུབ་ཕྱོགས་གཞུང་ཁག་གིས་དེ་ལ་ངོ་རྒོལ་ཤུགས་ཆེན་བྱས་ཏེ། ༧གོང་ས་མཆོག་ནི་ཁ་བྲལ་བ་མིན་པ་དང་ཁོང་གི་དགོངས་པ་ནི་དོན་གྱི་རང་སྲིད་རང་སྐྱོང་རེད་ཅེས་རྗོད་ཀྱིན་ཡོད། ད་དུང་ཁོ་ཚོས་རྒྱ་གཞུང་ལ་༧གོང་ས་མཆོག་དང་མཉམ་དུ་གྲོས་མོལ་བྱ་དགོས་པའིའབོད་སྐུལ་ཡང་ཞུ་བཞིན་ཡོད། གལ་ཏེ། བོད་མི་ཚོས་དབུ་མའི་ལམ་གཡུགས་ཏེ་རང་བཙན་གྱི་ཕྱོགས་སུ་བསྐྱོད་པ་ཡིན་ན། ནུབ་ཕྱོགས་གཞུང་ཁག་གིས་རྒྱ་གཞུང་གིས་གང་བཤད་པ་དེ་ཁས་ལེན་དགོས་པ་ཆགས་ཀྱི་ཡོད་ལ། ༧གོང་ས་མཆོག་དང་རྒྱ་གཞུང་གི་མཇལ་འཕྲད་ཀྱང་ཇི་ལྟར་བྱེད་དགོས་སམ།

ཟམ་གདོང་རིན་པོ་ཆེ་མཆོག་གིས་ངས་དབྱེ་ཞིབ་བྱས་པ་ལ་རྒྱུ་མཚན་གནས་ལུགས་ལྡན་པར་བརྗོད། ཁོང་གིས་གསུངས་དོན། བཙན་བྱོལ་བོད་མི་ཚོར་དབུ་མའི་ལམ་གྱི་སྐོར་ལ་གཏིང་ཟབ་ཀྱི་ངོས་འཛིན་དང་གོ་བ་ཡོད། ཅེས་གསུངས་སོང་།

 ཡང་མི་ལ་ལས་འདི་ལྟར་བརྗོད་སྲིད་དེ། དབུ་མའི་ལམ་དང་འཚེ་བ་མེད་པ་ནི་ཧ་ཅང་ཡག་པོ་ཡོད་ན་ཡང་། ལག་ལེན་དུ་འགྲོ་ཐུབ་བམ།  རྡོ་ལྟ་བུའི་རྒྱ་གཞུང་ལ་མཚོན་ན། དབུ་མའི་ལམ་མངོན་འགྱུར་བྱེད་སྲིད་དམ།


དྲི་བ་འདི་ལྟ་བུའི་སྐོར་ལ་༧གོང་ས་མཆོག་གིས་སྔ་མོ་ནས་གསུངས་ཚར་ཡོད། ཁོས་རྒྱ་ནག་གཞུང་ལ་རེ་བ་བྱེད་ཀྱིན་མེད། ཡིན་ན་ཡང་། རྒྱ་ནག་མི་མང་ལ་རེ་བ་བྱེད་བཞིན་ཡོད། ད་ལོའི་ཕྱི་ཟླ་ ༣ ཚེས་ ༢༩ ཉིན་ནུབ་པེན་གཱལ་ནས་ཀྱང་།  ༧གོང་ས་མཆོག་གིས་ཁོའི་ལངས་ཕྱོགས་འདི་ལ་བསྐྱར་ནན་གྱིས་གསུངས་སོང་། ༧གོང་ས་མཆོག་གིས་གསུངས་དོན། ད་ལྟའི་བར་དུ་དབུ་མའི་ལམ་ལ་རྒྱ་གཞུང་གི་ངོས་ནས་ཡ་ལན་ཡག་པོ་ཞིག་མེད་ན་ཡང་། སྲིད་གཞུང་དང་མི་མང་གང་གཙོ་ཞེ་ན། དེ་ནི་མི་མང་གཙོ་བོའོ། སྲིད་དབང་སྒེར་གཅོད་ཀྱི་གཞུང་ན། གཞུང་ལ་དབང་ཆ་ཆེ་ན་ཡང་། བསམ་བློ་ཕུགས་སུ་བཏང་ན། མི་མང་ཧ་ཅང་ཧ་ཅང་གལ་ཆེན་རེད།

དེ་ནས་༧གོང་ས་མཆོག་གིས་ང་ཚོར་འདི་ལྟར་གསུངས། འདས་པའི་ལོ་ ༢༠ དང་། ལྷག་པར་དུ་ ༢༠༠༨ ཀྱི་རྗེས་ནས། ང་རང་རྒྱ་མི་གང་མང་ལ་ཐུག་མྱོང་། དེ་དག་ཁྲོད་ན་ཤེས་ཡོན་པ་དང་སློབ་མ་སྟོང་ཕྲག་མང་པོ་ཡོད། ཁོ་ཚོ་ཁ་ཤས་ཨ་རི་དང་ཡུ་རོབ་ན་ཡོད་པའི་ཕྱི་སྡོད་སློབ་མ་རེད། ད་དུང་། མིང་གྲགས་ཡོད་པའི་རྒྱ་ནག་གི་ཤེས་ཡོན་པའི་སྡེ་ཡིས་མཉམ་འཛོམས་ཀྱིས་ཚོགས་འདུ་བསྐོངས་ཏེ། དབུ་མའི་ལམ་ངོ་སྤྲོད་བྱེད་པའི་སྐབས་སུ་ཁོ་ཚོས་དེ་ལ་སྤྲོ་སྣང་དང་དགའ་བསུ་ཆེན་པོ་བྱེད་ཀྱིན་འདུག གང་ལྟར།  དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་རྒྱ་མི་འབོར་ཆེན་ཡོད། ཅེས་གསུངས་བྱུང་།

༧གོང་ས་མཆོག་གིས་སླར་ཡང་གསུངས་དོན།  དེང་གི་རྒྱ་ནག་ལ་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད། རྒྱལ་ཁབ་ཀྱི་ནང་ལོགས་ན་སྐད་ཆ་བདེན་པ་བཤད་ཐུབ་མཁན་ཡང་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད། དེ་བཞིན། རྒྱ་མིའི་ཁྲོད་ན་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་ཡང་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད། དེར་བརྟེན། རྒྱ་བོད་གཉིས་ཕན་དབུ་མའི་ལམ་གྱི་ཐབས་ལམ་འདི་ལ་གྲུབ་འབྲས་ཐོབ་པར་བརྒྱ་ཆའི་བརྒྱ་ཡིད་ཆེས་བྱེད་བཞིན་ཡོད།  ཅེས་གསུངས།

ངས་བསམ་པར། ༧གོང་ས་མཆོག་གིས་དབུ་མའི་ལམ་དང་འཚེ་མེད་ཞི་བའི་ལངས་ཕྱོགས་འདི་ནི་བོད་མིའི་རྩ་དོན་ལ་དོན་སྙིང་ཆེན་པོ་ཡོད་པ་མ་ཟད།  ང་ཚོ་རྒྱ་མི་ཚོས་རང་དབང་དང་དམངས་གཙོའི་འཐབ་རྩོད་བྱེད་པའི་ཐད་ལ་ཡང་བློ་སྐྱེད་མི་དམན་མཆིས་སོ་སྙམ།།

མ་རྩོམ་གྱི་འབྲེལ་ཐེག   http://www.rfa.org/mandarin/pinglun/huping/hp-05062013132708.html

འབྲེལ་ཡོད་གསར་འགྱུར།

Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

ཆུ་ཚོད་ ༩ སྔོན་ལ།
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

ཆུ་ཚོད་ ༩ སྔོན་ལ།
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦

མཆན། 4

  1. ཚྭ་སྒང་ཕོ་ཉ says:
    ལོ་ 13 སྔོན།

    ཧོ་ཕིན་གྱི་རྩོམ་ཡིག་དེའི་མགོ་ནས་མཇུག་བར་ཐེངས་ཁ་ཤས་ཀློག་ཀྱང་དེའི་ནང་དོན་དང་རྒྱབ་ལྗོངས་གང་ལ་བསམ་ན་ཡང་རྒྱ་མི་རིགས་རིང་ལུགས་ཀྱི་འདུ་ཤེས་རྣོན་པོ་དེས་བོད་དེ་ཉིད་བརྟན་པོ་ཞིག་དང་དེ་ཡང་ཁྲིམས་མཐུན་རང་བཞིན་གྱིས་ཐོག་ནས་རྒྱ་མི་རིགས་ཀྱིས་བདག་བཟུང་བྱེད་འདོད་པའི་ཧམ་སེམས་ཞིག་མཐོང་སོང་། རྒྱ་མི་རིགས་ལ་ཡིད་ཆེས་བྱེད་རུང་བ་དང་དེས་བོད་ལ་དགོས་ངེས་ཀྱི་ཐོབ་ཐང་སྤྲད་ཡོང་བའི་བདེན་དཔང་ནི་ལོ་ངོ་ལྔ་བཅུའི་རིང་གང་ཡང་མཐོང་རྒྱུ་མི་འདུག། ལྷག་པར་བོད་ནང་རྒྱུན་རིང་གནས་སྡོད་བྱེད་བཞིན་པའི་རྒྱ་རིགས་སུ་ཞིག་གིས་བོད་ལ་རྒྱབ་སྐྱོར་བྱས་མྱོང་བའི་ལོ་རྒྱུས་བཤད་རྒྱུ་ཡོད། བོད་ལ་ཆ་རྒྱུས་ཆེ་ཤོས་ནི་བོད་ནང་གནས་སྤོས་ཟིན་པའི་རྒྱ་རིགས་དེ་དག་རེད། ག་སྲིད་རྒྱ་རིགས་ཀྱིས་ཐོག་ནས་བོད་ལ་རྒྱབ་སྐྱོར་ཡང་དག་ཞིག་དང་། དེ་ཡང་རྒྱུ་མཚན་དང་དོན་དངོས་ཤེས་པའི་ཐོག་ནས་རྒྱབ་སྐྱོར་ཞིག་ཡོང་དགོས་ན། དང་པོ་བོད་ནང་གནས་སྤོས་བྱས་ཟིན་པའི་རྒྱ་རིགས་དེ་དག་གིས་བོད་ལ་རྒྱབ་སྐྱོར་དང་རང་ཉིད་ཀྱི་རྣམ་འགྱུར་ཞིག་ཕྱི་ལ་སྟོན་དགོས་ངེས་རེད། དེ་དག་ནི་དེ་ལས་ལྡོག་སྟེ་རྒྱ་ནག་གཞུང་གིས་ཅི་གསུངས་བཀའ་སྒྲུབ་ཞུ་མཁན་ཞིག་ལས་བོད་ལ་རྒྱ་སྐྱོར་བྱེད་མཁན་ངས་དེ་སྔོན་བར་རྐང་གཅིག་ཀྱང་གོ་མྱོང་ཐོས་མྱོང་མི་འདུག། དེས་ན་རྒྱ་ནག་འདི་མང་གཙོ་ཅན་ཞིག་ཏུ་གྱུར་བའི་དབང་དུ་སྟངས་ན་ཡང་། བོད་ལ་ཁེ་ཕན་སྤྲད་སྲིད་དམ། ལོ་ངོ་ལྔ་བཅུའི་མྱང་མྱོང་ཐོག་ནས་བཤད་ན་རྒྱ་མི་རིགས་ནི་རང་ཉིད་ཀྱི་ཁེ་ཕན་ལས་གཞན་མི་རིགས་དང་ལྷག་པར་གྲངས་ཉུང་མི་རིགས་ལ་བསམ་གཞིག་སྤུ་ཉག་ཙམ་ཡང་མི་བྱེད་མཁན་ཞིག་ཡིན་པ་གསལ་པོ་གསལ་རྐྱང་རེད།

    Reply
  2. ནགས་མེ། says:
    ལོ་ 13 སྔོན།

    འདིའི་ཁ་བྱང་ཆ་ཚང་མེད་པ་འདྲ། མ་རྩོམ་ཁ་བྱང་ལས། ༼ ཅིའི་ཕྱིར་དུ་དབུ་མའི་ལམ་དང་། ཅིའི་ཕྱིར་དུ་འཚེ་བ་མེད་པ ༽ ཞེས་བཀོད་པ་རེད།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    བོད་རིགས་ཚང་མས་དབུ་མའི་ལམ་ལ་ཐེ་ཚོམ་མེད་པར་ཤར་བགྲོད་གནང་ཐུབ་ན་ལེགས།

    Reply
  4. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    ཧོའོ་ཕིན་ལ་ངས་དྲི་བ་བ་རྡོག་རྡོག་ཁ་ཤས་ཞུ་འདོད་བྱུང་། འོ་ན་ལམ་དབུ་མའི་རང་སྲིད་རང་སྐྱོང་འོག་རྒྱ་རིགས་ཆེན་པོའི་རིང་ལུགས་ཀྱི་ལྟ་ངན་གྱིས་ང་ཚོ་གྲངས་ཉུང་མི་རིགས་ལ་འདྲ་མཉམ་གྱི་ཐོབ་ཐང་དང་ཁ་ཡོད་ལག་ཡོད་ཀྱིས་བརྩི་བཀུར་ཞིག་བྱེད་རྒྱུའི་ཁག་ཐེག་བྱེད་ནུས་སམ། མིག་ལ་མཛེས་པའི་སྣང་ཚུལ་འདི་ཚོས་ཁ་ཡོད་ལག་ཡོད་ཀྱིས་བོད་དང་བོད་མི་རིགས་ལ་རང་དབང་ཞིག་བསྟེར་སྲིད་དམ།
    འོ་ན་རྒྱ་ནག་མི་དམངས་གལ་ཆེ་ཡིན་ན་ཁ་ཕྱིར་བསྐོར་ཡོང་དུས་གཞུང་དམངས་གཉིས་ཀ་རྡོག་རྡོག་གཅིག་ཡིན་པའི་རྒྱུ་མཚན་ཅི་རེད། རྒྱ་རིགས་ཤེས་ཡོན་པ་ཁ་ཤས་དང་ཕྱི་སྡོད་རྒྱ་རིགས་འགའ་ཤས་ཀྱི་བསམ་ཚུལ་དེས་རྒྱ་རིགས་དུང་ཕྱུར་བཅུ་གསུམ་ལྷག་གི་བསམ་བློའི་ཚབ་མཚོན་བྱེད་ནུས་སམ། ཏང་སྲིད་གཞུང་ཕར་བཞོགས་རྒྱ་རིགས་མི་དམངས་ཀྱིས་བོད་དང་གྲངས་ཉུང་མི་རིགས་ལ་འཛིན་པའི་འདུ་ཤེས་དེ་ཇི་འདྲ་ཡོད་པ་རེད་དམ། དེ་གསལ་པོ་ཤེས་དགོས་པའི་གནད་དོན་གཅིག་རེད། རྒྱ་མི་རིགས་ཀྱི་བསམ་བློ་དང་མིག་ནང་ནང་གྲངས་ཉུང་མི་རིགས་ཁག་གི་མི་རིགས་རང་བཞིན་གྱི་ཁྱད་ཆོས་ཞིག་ཡོད་པའི་འདུ་ཤེས་དང་མཐོང་གི་ཡོད་དམ། གྲངས་ཉུང་མི་རིགས་ཁག་ཆེས་རྗེས་ལུས་དང་ཆེས་ལྐུགས་པ། ཆེས་མུན་ནག། ཆེས་ཀླ་ཀློ། ཆེས་སྤྲང་པོ་སོགས་ཀྱི་འདུ་ཤེས་འོག་བརྙས་བཅོས་དང་མཐོང་ཆུང་ཚད་མེད་བྱེད་པའི་ལམ་ལུགས་དེ་འདོར་སྲིད་དམ། འདི་གནད་འགག་ཅིག་རེད། མ་གཞི་བཙན་བྱོལ་ཚོས་རྒྱ་མི་རིགས་དང་ག་ཚོད་གཅིག་གཤིབ་མྱོང་ཡོད་པ་རེད། ཆུ་ཚོད་ཁ་ཤས་ཀྱི་དུས་ཡུན་དང་ཕྱི་སྡོད་ཀྱི་རྒྱ་རིགས་ཁ་ཤས་ཀྱི་ལག་བསྟར་དོན་འཁྱོལ་མེད་པའི་གཏམ་སྙན་མོ་དེས་རྒྱ་ཁོག་རྦད་དེ་ལོན་ཚར་བ་ཨེ་རེད། ད་དུང་བོད་ནང་གི་གནས་སྟངས་ཨོའོ་ཙམ་ཡོད་པའི་གནས་བསྐོར་རྒན་རྒོན་འགའ་ཤས་ཀྱིས་དགོངས་ཚུལ་དེས་གཞིས་ལུས་མི་དམངས་ཀྱིས་བསམ་ཚུལ་ཡོངས་རྫོགས་སྤུངས་ནས་འཁྱེར་ཡོང་བ་ཨེ་ཡིན། གཞིས་ལུས་མི་དམངས་ཀྱིས་རྒྱ་མི་རིགས་དང་མྱོང་འདྲིས་བྱས་པའི་བརྒྱུད་རིམ་ནང་གི་དགོངས་ཚུལ་དངོས་མ་དེ་དད་ཞེན་གྱིས་མ་ལྷད་པར་ཇི་མ་ཇི་བཞིན་ཤེས་རྒྱུ་གལ་ཆེན་ནང་གི་དོན་ཆེན་རེད་སྙམ།
    ཟམ་གདོང་བླར་རྒན་གྱིས་བཤད་པའི་ལམ་དབུ་མ་དེ་ནི་ཀྲུང་ནན་ཧེའེ་ཡི་ཞེ་འདོད་ངོ་མ་དེ་རེད་ལ་ཁ་བྲལ་ལོག་སྤྱོད་ཤོག་ཁག་རྩ་མེད་གཏོང་རྒྱུའི་དམིགས་འབེན་དུ་བཟུངས་ཡོད་པ་དེ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese