མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆབ་སྲིད་བཙོན་པ་ཀློད་གྲོལ།

བོད་ཀྱི་དུས་བབ།
༢༠༡༣/༠༥/༡༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་འཛིན་བཟུང་བྱས་པའི་རྫ་དབོན་པོ་དགོན་པའི་བསྟན་བདག་བླ་མ་དང་། གཞན་དཀར་མཛེས་དགོན་པའི་གྲྭ་པ་གཉིས་བཅས་སྔ་ཕྱིར་ཀློད་གྲོལ་བཏང་ཡོད་འདུག

གྲྭ་བྱམས་པ་ཡོན་ཏན་ལགས་ཀྱིས་འདི་གར་གནས་ཚུལ་བཏང་འབྱོར་ལྟར་ན། རྒྱ་ནག་གཞུང་གིས་ ༢༠༠༨ ལོའི་ཟླ་ ༣ པའི་ཚེས་ ༡༥ ཉིན་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲཊ་བྱས་པའི་ཉེས་མིང་འོག ཁམས་དཀར་མཛེས་ཁུལ་སེར་ཤུལ་རྫོང་རྫ་དབོན་པོ་དགའ་ལྡན་བཤད་སྒྲུབ་དར་རྒྱས་གླིང་གི་བསྟན་བདག་ཨ་དྲིལ་བློ་བཟང་བསྟན་འཛིན་མཆོག་ལྷ་སར་འཛིན་བཟུང་བྱས་ཏེ། ལོ་གཅིག་རིང་སྟོད་ལུང་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་ཅིང་།  ༢༠༠༩ ལོའི་ཟླ་ ༡༢ བའི་ཚེས་ ༡༥ ཉིན་ཁོང་གི་དངོས་སློབ་རྒྱ་རིཊ་ཁག་ཅིག་གིས་རིན་པོ་ཆེ་སྐུ་ན་བགྲེས་པོ་ཡིན་པ་དང་སྐུ་གཟུཊ་བདེ་ཐང་མིན་པའི་རེ་སྐུལ་སྙན་ཞུ་ཕུལ་ཡོད་ཀྱང་། རྒྱ་གཞུང་གིས་དེ་དག་ལ་བརྡ་ལན་ཅི་ཡང་མ་སྤྲད་པར་ ༢༠༡༢ ལོའི་ཟླ་ ༢ པའི་ནང་ཁོང་ལ་ལོ་ ༥ དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་དེ་ད་ལྟའི་བར་ལྷ་སའི་ཆུ་ཤུལ་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ཀློད་གྲོལ་བཏང་སྟེ་ཕྱིར་རང་དགོན་དུ་ཞབས་སོར་བདེ་བར་འཁོད་ཡོད་འདུག

ཨ་དྲིལ་བློ་བཟང་ཚུལ་ཁྲིམས་བསྟན་འཛིན་མཆོག་ནི། ༡༩༤༤ ལོར་ཡབ་བློ་བཟང་དངོས་གྲུབ་དང་ཡུམ་ལྷ་རྡོ་གཉིས་ཀྱི་སྲས་སུ་འཁྲུངས་བ་དང་། སྐུ་གཞོན་པའི་དུས་སུ་ལབ་རྩེ་མོ་འཇམ་དབྱངས་བློ་གྲོས་རིན་ཆེན་གྱིས་ཨ་དྲིལ་བླ་མ་སྟག་རྒྱལ་གྱི་ཡང་སྲིད་དུ་ངོས་འཛིན་བྱས་རྗེས་དབོན་པོ་དགོན་འབངས་ཡོངས་ལ་ཆོས་སྲིད་ཀྱི་མཛད་པ་རྒྱ་ཆེར་བསྐྱངས། ༡༩༥༩ ལོ་ནས་བཟུང་བླ་གྲྭ་སྤྱི་མཚུངས་ལྟར་ཁྲིམས་ཁང་དུ་བཟོད་པར་དཀའ་བའི་ནད་གཅོད་མྱངས་པ་དང་།  ༡༩༩༠ ལོར་དགོན་པའི་བསྟན་བདག་སྤྱོད་སྤྲུལ་ཐུབ་བསྟན་འབྱུང་གནས་བློ་བཟང་རབ་ཡངས་དགོངས་པ་གཞན་དོན་དུ་གཤེགས་རྗེས་བསྟན་བདག་གི་ཐུགས་འགན་བཞེས་ཏེ། ༢༠༠༥ ལོར་གསར་འཛུཊ་བྱས་པའི་དབོན་པོ་དགོན་རྨང་གཞི་རིག་གནས་སློབ་གྲྭའི་འཛིན་ཁང་གི་དཀའ་ངལ་ལ་གཟིགས་ཏེ་རང་ཉིད་ཀྱི་གཟིམ་ཤག་སློབ་གྲྭར་གནང་བ་སོཊ་ས་གནས་དགོན་གྲོང་གཉིས་ལ་ཕན་པའི་ཕྱག་ལས་རབས་དང་རིམ་པ་བསྒྲུབས་ཡོད་འདུག

གཞན། རྒྱ་ནག་གཞུང་གིས་༢༠༠༨ ལོའི་ཕྱི་ཟླ ༥ པར་ཁམས་དཀར་མཛེས་ཁུལ་དུ་བོད་མི་སྐྱ་སེར་གཉིས་ཀྱིས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་སྐབས་འཛིན་བཟུང་བྱས་པ་དང་། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ལོ་ ༥ རེའི་དུས་བཀག་བཙོན་འཇུག་ཁྲིམས་ཐག་བཅད་པའི་དཀར་མཛེས་དགོན་པའི་གྲྭ་བློ་བཟང་བསྟན་པ་ལཊ་དང་བློ་བཟང་ཆོས་ལྡན་གཉིས། ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་དུས་བཀག་བཙོན་འཇུག་གི་དུས་ཡུན་རྫོགས་ཏེ་ཀློད་གྲོལ་ཐོབ་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

ཆུ་ཚོད་ ༡ སྔོན་ལ།
Press Statement From The Office of His Holiness The Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མེད་པའི་གསལ་བསྒྲགས་གནང་།

ཆུ་ཚོད་ ༥ སྔོན་ལ།
Delhi High Court, Image Representational (Photo/Shutterstock)
Mobile App

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

༢༠༢༦/༠༢/༠༧
Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༦
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

༢༠༢༦/༠༢/༠༦
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese