མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༸པཎ་ཆེན་ཆུང་སྲིད་ཀློད་དགོས།

བོད་ཀྱི་དུས་བབ།
༢༠༡༣/༠༥/༡༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བཞུཊ་སྒར་དུ་གཞུང་འབྲེལ་མ་ཡིན་པའི་ཚོཊ་པ་ཁག་ཅིག་གིས་རྒྱལ་སྤྱིའི་བོད་དོན་གདུང་སེམས་མཉམ་སྐྱེད་ཀྱི་ཉིན་མོ་སྲུང་གཙི་དང་།  ༧པཎ་ཆེན་ཆུང་སྲིད་ཀློད་གྲོལ་ཆེད་མཚན་རྟགས་བསྡུ་རུབ་དང་སྐད་འབོད་ཁྲོམ་སྐོར་གནང་སོང་། 

དེ་རིང་ཕྱི་ཚེས་ ༡༧ ཉིན་ངྷ་རམ་ས་ལར་དབུས་བུད་མེད་ལྷན་ཚོགས་ཀྱིས། རྒྱལ་སྤྱིའི་བོད་དོན་གདུང་སེམས་མཉམ་སྐྱེད་ཀྱི་ཉིན་མོ་སྲུང་གཙི་དང་འབྲེལ། ༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་འཕྲལ་དུ་གློད་གྲོལ་ཡོང་ཆེད་མི་མང་ལ་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་སོང་ལ། ཉིན་གཅིག་རིང་མཚན་རྟགས་བསྡུ་བྱས་རྗེས་ཡི་གེ་དང་པོ་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་ཁྲིད་ཀྲུའུ་ཝེ་ཆོན་ (Zhu Wei qun) ལ་གཏོང་རྒྱུ་ཡིན་འདུག  ཞུ་གཏུག་ཡི་གེ་དེར་ད་སྔ་རྒྱ་ནག་གཞུང་གིས། ༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དང་ཁོང་གི་ནང་མི་བདེ་འཚམས་ཡིན་སྐོར་བརྗོད་ཀྱི་ཡོད་ཀྱང་།དེར་བདེན་དཔང་གང་ཡང་སྟོན་རྒྱུ་བྱུང་མེད་སྟབས།དོན་དངོས་ཐོག་ཆུང་སྲིད་རིན་པོ་ཆེ་གར་ཡོད་གསལ་བོ་བཟོ་དགོས་པ་དང་།རྒྱ་ནག་གི་རྩ་ཁྲིམས་ནང་རང་ལོ་ ༡༨ནས་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པ་གསལ་ཡོད་པ་ལྟར།  ད་ཆར་ཁོང་དགུང་གྲངས་ ༢༤སོན་ཡོད་སྟབས། ཁོང་ལ་རྒྱ་ནག་གི་རྩ་ཁྲིམས་དགོངས་དོན་འོག་རང་ཐག་རང་གཅོད་ཀྱི་ཐོབ་ཐང་སྤྲོད་དགོས་སྐོར་འཁོད་འདུག

ཞུ་གཏུག་ཡི་གེ་གཉིས་པ་དེ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་གྱི་བཙན་ཁྲིད་ལྟ་རྟོག་ཚོགས་ཆུང་ (Committee on Enforced Disappearances ) ལ་འབུལ་རྒྱུ་ཡིན་འདུག་ལ། དེའི་ནང་རྒྱ་ནག་གིས་ཆུང་སྲིད་རིན་པོ་ཆེ་དགུང་ལོ་ ༦ ལ་སོན་སྐབས་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་གྱུར་ཡོད་པ་དང་། བོད་ཀྱི་ཆོས་ཕྱོགས་ཀྱི་དབུ་ཁྲིད་རླབས་ཆེན་ཁོང་ལྟ་བུ་ཞིག་རྒྱ་ནག་གིས་བཙན་ཁྲིད་བྱས་ཏེ་གར་སོང་ཅ་མེད་དུ་གྱུར་པའི་གནས་བབ་ལས། བོད་མི་དཀྱུས་མ་ཅི་ཙམ་ཞིག་བཙན་ཁྲིད་དང་གར་སོང་ཆ་མེད་དུ་གྱུར་དང་འགྱུར་བཞིན་པ་བཤད་མ་དགོས་པ་ཞིག་ཡིན་སྐོར། གནས་སྟངས་དེ་དག་ལ་གཞིགས་ཏེ་རྒྱ་ཚོཊ་བཙན་ཁྲིད་ལྟ་རྟོགས་ཚོགས་ཆུང་གིས་དམིཊ་བསལ་ཐུགས་འགན་བཞེས་ཏེ་ཁོང་གར་ཡོད་གསལ་ཁ་བཟོ་རྒྱུ་དང་། རྒྱལ་སྤྱིའི་ངོས་ནས་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་སྐོར་འཁོད་འདུག

ཐེངས་འདིའི་མཚན་རྟགས་བསྡུ་རུབ་དང་འབྲེལ་གསར་འགོད་བསྒྲཊ་གཏམ་ཞིག་སྤེལ་བའི་ནང་། བུད་མེད་ལྷན་ཚོགས་དབུས་ས་གཉིས་ཀྱིས་ཆུང་སྲིད་རིན་པོ་ཆེ་འཚོལ་ཞིབ་ཀྱི་ལས་དོན་དེ་ནམ་ཡང་བློས་གཏོང་རྒྱུ་མིན་སྐོར་དང་།ཆུང་སྲིད་རིན་པོ་ཆེ་ཕྱིར་ཁོང་གི་གདན་ས་གཙང་བཀྲ་ཤིས་ལྷུན་པོ་དགོན་པར་ཞབས་སོར་བདེ་བར་འཁོད་དགོས་པའི་འབོད་སྒྲ་ དུས་ནམ་ཡང་མཚམས་འཇོག་བྱ་རྒྱུ་མིན་སྐོར་བཀོད་འདུག

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢།༠༠ ཐོག་ངྷ་ས་ས་གནས་གཞོན་ནུ་དང་ས་གནས་བུད་མེད་ཐུན་མོང་གི་གོ་སྒྲིག་འོག  མེག་གྷན་ཁྲོམ་གཞུང་དུ་རྒྱ་གཞུང་གིས་༸པཎ་ཆེན་ཆུང་སྲིད་མཆོག་ལོ་  ༡༨ རིང་བཙོན་འཇུག་བྱས་པའི་རྣམ་པ་མཚོན་ཆེད། དགེ་འདུན་པ་ ༡༨ གྱི་ལག་ཏུ་ཆུང་སྲིད་རིན་པོ་ཆེའི་སྐུ་པར་འཁྱེར་བ་དང་མི་ལྷན་འཛོམས་ཐོག རྒྱ་ནག་གཞུང་གིས་ཁོང་འཕྲལ་དུ་ཀློད་གྲོལ་གཏོང་རྒྱུ་དང་།  རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་ལ་གནོན་ཤུཊ་སྤྲོད་ཆེད་སྐད་འབོད་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་ཡོད།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

མཆན། 2

  1. སེང་དཀར་མོ། says:
    ལོ་ 13 སྔོན།

    ལས་མེད་ཚོགས་པ་ཚོས་ལས་ཀ་ལས་སྟངས་འདི་རེད། དང་པོར་རྒྱ་ནག་གིས་གཅིན་སྐྱག་ཅི་ལྟར་འདོར་གྱི་ཡོད་མེད་ཙམ་ཡང་ཤེས་ཐུབ་ན་ཡག་པོ་རེད་བསམས།།

    Reply
  2. གནས་ཚང་། says:
    ལོ་ 13 སྔོན།

    ཧ་ཧ། ཀྲོའུ་ལས་འཁྱུར་ངལ་གསོ་གནང་ཟིན་པ་རེད། གལ་སྲིད་གཏོང་བསམ་ན། ལིན་ཅི་ཧྭ་ལ་གཏོང་དགོས་ཀྱི་རེད་ལ། ཁོང་འཐབ་ཕྱོགས་གཅིག་གྱུར་ཁང་གི་དཔོན་པོ་རེད། ཁོང་གི་སྲས་ཀྱི་འདས་མཆོད་དུ་བོད་ཀྱི་བུ་མོ་གཅིག་བསད་ཟིན་པ་དང་། གཞན་དེ་རྨས་སྐྱོན་འོག་ལྷག་ཡོད་པ་རེད། བུད་མེད་ཚོགས་པས་བོད་ཀྱི་བུད་མེད་ཚོའི་ཐོབ་ཐང་སྲུང་རྒྱུའང་གལ་ཆེན་མ་རེད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese