མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལི་ཁེ་ཆང་གིས་གཟིགས་སྐོར་ཐོག་མ་རྒྱ་གར་ལ་གནང་རྒྱུ་བདམས་པ།

བོད་ཀྱི་དུས་བབ།
༢༠༡༣/༠༥/༡༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་གཟའ་ཉི་མའི་ཉིན་རྒྱ་གར་ནང་གཞུང་འབྲེལ་གཟིགས་སྐོར་ཐོག་མ་དེ་གནང་རྒྱུ་ཡིན་པ་ད་ང་། སྐབས་དེར་རྒྱལ་ཁབ་གཉིས་བར་གྱི་ཚོང་འབྲེལ་དང་ས་མཚམས་རྩོད་རྙོག་བཅས་ཀྱི་ཐོག་གྲོས་བསྡུར་བྱ་རྒྱུ་ཡིན་འདུག

གཟའ་ཟླ་བའི་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་གསལ་བསྒྲགས་བྱས་པ་ལྟར་ན། ཟླ་འདིའི་ཚེས་ ༡༩ ནས་ ༢༧ བར་གྱི་ཉིན་དགུའི་རིང་། རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་(Li keqiang)གིས་གཞུང་འབྲེལ་གཟིགས་སྐོར་ཐོག་མ་རྒྱ་གར་དང་པཱ་ཀི་སི་ཐན། འཇར་མན་དང་སུད་སི་བཅས་རྒྱལ་ཁབ་ ༤ ནང་ཕེབས་རྒྱུ་ཡིན་འདུག ཚེས་ ༡༩ ནས་ ༢༡ ཉིན་བར་སྲིད་བློན་ལི་ཁེ་ཆང་གིས་རྒྱ་གར་རྒྱལ་ས་ལྡི་ལིར་གཟིགས་སྐོར་གྱིས་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིན་ (Manmohan Singh)མཆོག་དང་ཐུག་འཕྲད་གནང་སྟེ། རྒྱལ་ཁབ་གཉིས་བར་གྱི་ཚོང་ལས་མ་རྩ་འཛུགས་འཇོག་དང་། རྒྱ་དཀར་ནག་གི་མི་དམངས་འགྲོ་འོང་གི་འབྲེལ་ལམ་ཡར་རྒྱས་གཏོང་ཕྱོགས། ལྷག་པར་དུ་ས་མཚམས་ཀྱི་དཀའ་རྙོིག་སྐོར་ལ་དམིགས་བསལ་གྲོས་བསྡུར་བྱ་འཆར་ཡོད་འདུག

དེ་སྔོན་རྒྱ་དཀར་ནག་གི་ས་མཚམས་སྐོར་ལ་གྲོས་མོལ་ཐེངས་ ༡༥ ཙམ་བྱས་ཀྱང་གྲུབ་འབྲས་ཐོན་མེད་པ་དང་། ཕྱོགས་གཉིས་ཀས་མཐའ་མཚམས་ས་ཐིག་ལ་འགྲེལ་བཤད་རྒྱག་སྟངས་མ་འདྲ་བ་ཆགས་ཡོད་པ་དང་། ས་ཐིག་ངོས་འཛིན་གཅིག་གྱུར་ཡོང་གི་མེད་པའི་རྒྱུ་རྐྱེན་གཙོ་བོ་ནི། ས་ཁུལ་དེ་དག་དམག་དོན་ཐོག་ཧ་ཅང་གནད་འགག་གི་ས་ཚིགས་ཤིག་ཆགས་ཡོད་སྟབས། རྒྱ་དཀར་ནག་གི་ས་མཚམས་རྩོད་རྙོག་དེ་མུ་མཐུད་ཛ་དྲག་གི་ངོ་བོར་འགྱུར་རྒྱུ་ཡིན་སྐོར་ཨེ་ཤ་ཡའི་གནད་དོན་ཆེད་མཁས་ཚོས་ཚོད་དཔག་བྱེད་ཀྱིན་ཡོད།  

ཐེངས་འདིར་སྲིད་བློན་ལི་ཁེ་ཆང་རྒྱ་གར་སྲིད་འཛིན་ཕོ་བྲང་དུ་གདན་འདྲེན་ཞུས་ཏེ། རྒྱ་གར་སྲིད་འཛིན་གཞོན་པ་ཧཱ་མེ་ཊི་ཨན་སཱ་རིེ་(M Hamid Ansari)མཆོག་དང་གཞུང་འཛིན་ཚོགས་པའི་ཚོགས་གཙོ་ལྕམ་སོ་ནེ་གྷན་ངྷི་(Ms Sonia Gandhi)། གྲོས་ཚོགས་འོག་མའི་ཁ་གཏད་ཚོགས་པའི་ཚོགས་གཙོ་ལྕམ་སོ་ཞི་མཱ་སུ་བཱ་རཱ་ཇི་(Sushama Swaraji)། སོགས་རྒྱ་གར་གྱི་མཐོ་རིམ་མི་སྣ་ཁག་ལ་ཐུག་འཕྲད་བྱ་རྒྱུ་ཡིན་པ་དང་། རྒྱ་གར་གྱི་བཟོ་ཚོང་མནའ་མཐུན་ཚོགས་སྡེ་(FICCI)དང་འཛམ་གླིང་མཛའ་འབྲེལ་ལས་དོན་ལྷན་ཁང(Indian council of world affairs) གཉིས་ཀྱིས་གོ་སྒྲིག་གནང་བའི་ཚོགས་འདུར་གཏམ་བཤད་བཅས་ཀྱི་ལས་རིམ་ཡོད་འདུག  

ཕྱི་ཚེས་ ༢༡ ཉིན་རྒྱ་གར་མུམ་བྷེ་(Mumbai)གྲོང་ཁྱེར་གྱི་ཚོང་ལས་སྐོར་ལ་ལྟ་སྐོར་དང་། སྨན་པ་ཀོ་ཌི་ནེ་སི་(Dr kotnis) ལགས་ཀྱི་ནང་མིར་ཐུག་འཕྲད་བཅས་བྱ་རྒྱུ་ཡིན་འདུག སྨན་པ་ཀོ་ཌི་ནེ་སི་ལགས་ནི་སྔོན་མ་རྒྱ་ནག་དང་ཉི་ཧོང་དམག་འཁྲུག་སྐབས། རྒྱ་ནག་གི་དམག་མིར་སྨན་བཅོས་སོགས་ཀྱི་ཞབས་ཞུ་བསྒྲུབས་མྱོང་མཁན་ཞིག་ཡིན་པ་དང་། ཁོང་དམག་འཁྲུག་ནང་འདས་གྲོངས་སུ་ཕྱིན་རྗེས། དེང་སྐབས་རྒྱ་ནག་ཧྭི་པེ་ཞིང་ཆེན་གྱི་གླིང་ཀ་ཞིག་ཏུ་ཁོང་ལ་དྲན་རྟེན་རྡོ་རིང་ཞིག་བཞེངས་ཡོད་འདུག སྲིད་བློན་ལི་ཡི་རྒྱ་གར་གྱི་གཟིགས་སྐོར་གྲུབ་རྗེས་ཐད་ཀར་པ་ཀི་སི་ཐན་ནང་ཕེབས་རྒྱུ་ཡིན་པ་དང་། པ་ཀི་སི་ཐན་གྱི་སྲིད་འཛིན་ཛཱ་ཌ་རེ(Zardari)མཆོག་དང་། གསར་དུ་བདམས་ཐོན་བྱུང་བའི་སྲིད་བློན་ནཱ་ཝ་རྫི་ཞཱ་ཧྥི་(Nawaz Sharif)ལགས་བཅས་ལ་ཐུག་འཕྲད་བྱ་རྒྱུ་ཡིན་འདུག

ཟླ་སྔོན་མའི་ནང་རྒྱ་དམག་གིས་རྒྱ་གར་བྱང་ཤར་ལ་དྭགས་ནང་སྤྱི་ལེ་ ༡༩ ཙམ་ལ་བཙན་འཛུལ་བྱས་པ་ཕྱིར་འཐེན་བྱས་རྗེས། ཚེས་ ༡༠ ཉིན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་སྐུ་ཞབས་སཱ་མན་ཁོ་ཤི་( Mr Salman Khurshid) ལགས་རྒྱ་ནག་ནང་ཉིན་གཉིས་ཀྱི་གཟིགས་སྐོར་གནང་སྟེ་ས་མཚམས་རྩོད་རྙོག་སྐོར་ལ་གྲོས་མོལ་བྱས་ཡོད་འདུག ཕྱི་ཚེས་ ༤ ཉིན་རྒྱ་ནག་གིས་ས་མཚམས་བདེ་སྲུང་མཉམ་ལས་གྲོས་ཆོད་སྐོར་ལ་དོན་ཚན་ ༡༦ ཅན་གྱི་གྲོས་འཆར་ཞིག་བཏོན་ཏེ། སྲིད་བློན་ལི་ཁེ་ཆང་རྒྱ་གར་ནང་མ་ཕེབས་སྔོན་ལ་རྒྱ་གར་གྱིས་བརྡ་ལན་ཞིག་ཡོང་བར་རེ་བ་བྱས་ཀྱང་། རྒྱ་གར་གྱིས་དེ་ལ་སྣང་མེད་ཐོག་རྒྱ་གར་གྱི་མངོན་འདོད་ལྟར་གྲོས་འཆར་ཞིག་བཏོན་ཡོད་འདུག

ཉེ་ཆར་རྒྱ་ནག་གཞུང་གིས་རྒྱ་གར་སྐོར་ལ་ཤོག་ངོས་ ༣༠༠ ལྷག་ཡོད་པའི་རྒྱབ་ཤ་སྔོན་པོའི་དེབ་ཅིག་དཔར་འགྲེམས་བྱས་ཡོད་པ་དང་། དེར་རྒྱ་གར་གྱི་དཀའ་ངལ་མང་པོ་ཞིག་ཞིབ་འབྲི་བྱས་པའི་ནང་། རྒྱ་གར་ནང་ལྐོག་ཟ་རུལ་སུངས་ཀྱི་རྐྱེན་པས་གཞུང་འཛིན་ཚོགས་པའི་ནང་ཁུལ་འཆམ་པོ་མེད་པ་དང་། རྒྱ་གར་གྱིས་རྒྱ་ནག་ལ་དམིགས་ཏེ་བྱང་ཤར་ཁུལ་གྱི་དམག་དོན་སྟོབས་ཤུགས་རྒྱ་ཆེ་རུ་གཏོང་གི་ཡོད་པ། ༡༩༩༡ ལོར་རྒྱ་གར་གྱིས་དཔལ་འབྱོར་བཅོས་བསྒྱུར་བཏང་བ་ཡག་པོ་ཡིན་ཡང་ ༢༠༣༠ ལོར་རྒྱ་གར་གྱི་མི་འབོར་རྒྱ་ནག་ལས་མང་པོ་ཆགས་རྒྱུ་ཡིན་པ། ད་དུང་རྒྱ་གར་ཕྱི་འབྲེལ་སྲིད་བྱུས་ཀྱིས་པ་ཀི་སི་ཐན་ལ་ཞི་འགྲིག་ཡོང་ཐབས་དང་། ཁྱིམ་མཚེས་རྒྱལ་ཁབ་ཤཱི་རི་ལིང་ཁ་དང་བྷིང་ངྷེ་ཤི། བལ་ཡུལ་སོགས་ལ་དམག་དོན་འབྲེལ་ལམ་འཛུགས་རྒྱུ་ཡིན་པ་མ་ཟད། ཨ་རི་དང་ཉི་ཧོང། ཝེ་ཐི་ནམ་བཅས་ལའང་མཐུན་ཕྱོགས་དཔུང་སྒྲིག་བྱས་ཏེ་དམིགས་འབེན་རྒྱ་ནག་པེ་ཅིན་ལ་གཏོད་རྒྱུ་ཡིན་སྐོར་སོགས་འཁོད་འདུག

སྲིད་བློན་ལི་ཡིས་བརྗོད་པ་ལྟར་ན། ཁོ་རང་གི་གཞུང་འབྲེལ་གཟིགས་སྐོར་ཐོག་མ་རྒྱ་གར་བདམས་དོན། རྒྱ་གར་ནི་རྒྱ་ནག་གི་ཁྱིམ་མཚེས་དང་མི་འབོར་མང་བའི་རྒྱུ་མཚན་མིན་པར། ལོ་ངོ་ཉེར་བདུན་གོང་ཁོང་གིས་སྣེ་འཁྲིད་དེ་རྒྱ་ནག་གི་ན་གཞོན་སྐུ་ཚབ་ཚོགས་ཆུང་ཞིག་རྒྱ་གར་ནང་གཟིགས་སྐོར་བྱེད་སྐབས། རྒྱ་གར་མི་མང་གི་བརྩེ་སེམས་དང་མཛའ་གཤིས་ཀྱི་རྣམ་པ་དེས་ཁོང་ལ་བརྗེད་དཀའ་བའི་བག་ཆགས་ཟབ་མོ་ཞིག་བཞག་ཡོད་པའི་རྐྱེན་གྱི་ཡིན་ཞེས་བརྗོད་འདུག

རྒྱ་གར་གསར་ལམ་ཁག་ཏུ། དེ་སྔོན་རྒྱ་ནག་གཞུབ་ཚབ་ཁང་གིས་ཇ་མོི་ཀཱ་ཤི་མིར་(Jammu Kashmir)དང་ཨ་རུ་ནཱ་ཅལ་(Arunachal Pradesh)མངའ་ཁོངས་མི་སེར་གྱི་ཕྱི་སྐྱོད་ལག་འཁྱེར་སྟེང་ཐོངས་མཆན་མ་སྤྲད་པའི་གནས་ཚུལ་ཐོག་ཏུའང་ད་རེབ་གླེང་སློང་བྱ་དགོས་ཚུལ་བརྗོད་འདུག ཉེ་ལམ་ཕྱི་ཟླ་ ༣ ཚེས་ ༡༥ ཉིན་ལི་ཁེ་ཆང་རྒྱ་ནག་གི་སྲིད་བློན་དུ་བདམས་ཐོན་བྱུང་མ་ཐག་ཁོང་གིས་འདི་ལྟར་བརྗོད་ཡོད། རྒྱ་དཀར་ནག་གཉིས་ཀྱིས་ཕན་ཚུན་ལ་མཐུན་འབྲེལ་གྱི་ལག་པ་བརྐྱངས་ཏེ། ཨེ་ཤ་ཡ་གླིང་གིས་འཛམ་གླིང་གི་དཔལ་འབྱོར་ལས་དོན་བསྒྲུབ་ཐུབ་མཁན་ཞིག་ཆགས་དགོས་ཞེས་བརྗོད་ཡོད།

ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་དམར་ཤོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཐོག་མར་འཛུགས་སྐབས། རྒྱལ་སྤྱིའི་ཐོག་རྒྱ་ནག་དེ་ཁྲིམས་མཐུན་གྱི་རྒྱལ་ཁབ་ཅིག་ཡིན་པར་ངོས་ལེན་བྱེད་མཁན་དང་པོ་རྒྱ་གར་ཆགས་ཡོད་པ་དང་། ༡༩༥༤ ལོར་རྒྱ་དཀར་ནག་གཉིས་ཀྱིས་ཞི་བདེ་དོན་ཚན་ ༥ ཟེར་བའི་ཆིངས་ཡིག་ལ་མིང་རྟགས་བཀོད་ཡོད་ཀྱང་། ༡༩༦༢ ལོར་རྒྱ་ནག་གིས་རྒྱ་གར་ས་ཁོངས་ལ་བཙན་འཛུལ་དམག་འཁྲུག་བརྒྱབ་སྟེ་རྒྱ་གར་ལ་ཕམ་ཉེས་ཆེན་པོ་བཟོས་ཡོད།

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

ཆུ་ཚོད་ ༡༦ སྔོན་ལ།
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

ཆུ་ཚོད་ ༡༩ སྔོན་ལ།
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༡༩ སྔོན་ལ།
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

མཆན། 2

  1. མངའ་རིས་འཕྲིན་ལས། says:
    ལོ་ 13 སྔོན།

    ད་རེའི་གོ་སྐབས་དེ་དང་བསྟུན་ནས་སྲིད་བློན་ལི་ཁེ་ཆང་ལགས་ལ་བཙན་བྱོལ་བོད་པའི་ངོས་ནས་ཕེབས་བསུ་བྱེད་སྟངས་དེ་འདི་འདྲ་ཞིག་བྱས་ན་ག་འདྲ་འདུག ལམ་ཟུར་ཕྱོགས་གཅིག་ནས་དབུ་མ་ཚོས་རྒྱ་དར་དམར་པོ་དང་མེ་ཏོག་གི་ཕྲེང་བ་ཚིག་བཟང་སྣ་ཚོགས་འཁོད་པའི་རས་ཡུག་བཅས་ཁྱེར་ནས་བོད་རྒྱ་གྲོས་མོལ་གྱི་ལམ་ནས་དཀའ་ངལ་སེལ་དགོས་གལ་སྲིད་དེ་ལྟར་མ་བྱས་པ་ཡིན་ན་ལམ་ཕར་ཕྱོགས་ཀྱི་མཉམ་དུ་ངོ་རྒོལ་བྱེད་རྒྱུ་ཡིན་ལབ་ན།
    ལམ་ཚུར་ཕྱོགས་ནས་གཞོན་ནུ་གཙོས་པའི་རང་བཙན་ཐབ་རྩོད་པ་རྣམས་ནས་བོད་ཀྱི་རྒྱལ་དར་ཁྱེར་ནས་ངོ་རྒོལ་གྱི་ཚིག་ངན་སྣ་ཚོགས་འཁོད་པའི་རས་ཡུག་དང་། དཔུང་པར་རས་ནག་བཅིང་ནས་གལ་སྲིད་རྒྱ་བོད་གྲོས་མོལ་མ་བྱས་ན་ང་ཚོའི་ཞི་དྲག་སྣ་ཚོགས་ཀྱིས་རྒྱ་ནག་ལ་གནོད་པ་གཏོང་ཐག་ཆོད་ཡིན་བཤད་ན་ག་འདྲ་འདུག

    Reply
  2. ཤར་མདའ། says:
    ལོ་ 13 སྔོན།

    གཟའ་ཉི་མར་ལེ་ཁེ་ཆང་རྒྱ་གར་ཏུ་ཡོང་གི་ཡོད་པ་དེ་འུ་ཚོས་གོ་སྐབས་གང་འདྲ་ཞིག་ལེན་དགོས་པ་རེད་ངོ་རྒོལ་བྱེད་རྒྱུ་ཡིན་ནམ་ཐབས་ལམ་གསར་བ་ཞིག་སྟོན་རྒྱུ་ཡོད་དམ།  ད་དུང་ཉན་ནས་འདུག་རྒྱུ་ཡིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese