མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པེན་རྒྱལ་སྤྱིའི་ཚོགས་འདུར་ཞུགས།

བོད་ཀྱི་དུས་བབ།
༢༠༡༣/༠༥/༢༡
Share on FacebookShare on TwitterShare on EmailShare on Whatsapp

པོ་ལན་གྱི་པེན་རྩོམ་པ་པོའི་མཐུན་ཚོགས་དང་ཁིར་ཁོ་གྲོང་ཁྱེར་གྱི་དུས་སྟོན་ལས་ཁུངས་གཉིས་ཀྱིས་གོ་སྒྲིག་འོག ཟླ་འདིའི་ཕྱི་ཚེས་ ༡༤ ནས་ ༡༧ བར་ཉིན་བཞིའི་རིང་། རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་བཙོན་འོག་རྩོམ་པ་པོའི་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༠ པ་དེ་པོ་ལན་ཌིའི་གྲོང་ཁྱེར་ཁིར་ཁོ་(Krakow)རུ་འཚོགས་ཡོད་ཅིང་།  པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་སྤྲོ་ཚིགས་ཆོས་གྲགས་ལགས་ཚོགས་འདུར་མཉམ་ཞུགས་དང་གཏམ་བཤད་སྤེལ་ཡོད་འདུག  

ཐེངས་འདིའི་ཚོགས་འདུར་ཨ་རི་དང་དབྱིན་ཇི། ཧྥ་རན་སི། སུད་སི། ཁེ་ན་ཌ། བྷེལ་རྗམ། ཕྱི་སྡོད་རྒྱ་རིགས་སོགས་ཀྱི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཡན་ལག་ཁག་ ༢༨ ཀྱི་སྐུ་ཚབ་ ༡༠༠ ཙམ་མཉམ་ཞུགས་བྱས་ཡོད་ཅིང་། ཚོགས་ཐོག་ཏུ་རྩོམ་འབྲིའི་རང་དབང་དང་། བཙོན་འོག་ཏུ་ཚུད་པའི་རྩོམ་པ་པོའི་གནས་ཚུལ་དང་ཉམས་མྱོང་།  དེང་རབས་བརྡ་འཕྲིན་བརྒྱུད་ལམ་ཁག་བེད་སྤྱོད་གཏོང་ཕྱོགས། མཉམ་འབྲེལ་རྒྱལ་ཚོགས་བརྒྱུད་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་ཚུལ། རྩོམ་རིག་གི་ཕན་ཡོན་དང་ནུས་ཤུགས་བཅས་ཀྱི་སྐོར་ལ་ཚོགས་ཆུང་ཁག་བགོས་ཀྱིས་གོ་བསྡུར་དང་། རྒྱལ་སྤྱིའི་པེན་གྱི་དེ་སྔའི་ལས་འགུལ་ཁག་ལ་བསྐྱར་ཞིབ་དང་། སླད་མར་ནུས་ཤུགས་ལྡན་པའི་ལས་འགུལ་སྤེལ་ཐབས་སྐོར་བཅས་ལ་གླེང་སློང་བྱས་ཡོད་པ་རེད།

ཚོགས་འདུའི་སྐབས་ཁིར་ཁོ་གྲོང་ཁྱེར་སྤྱི་ཁྱབ་པ་སྐུ་ཞབས་ཇེཀི་མ་ཆི་རོསིཀེ(Jacek Majchrowski) དང་། པོ་ལན་ཌིའི་ཕྱི་སྲིད་བློན་ཆེན་ཟུར་པ་སྙན་གྲགས་ཆེ་བའི་མཁས་དབང་ཝེ་ལ་ཌེསི་ལོ་བྷར་ཁྲོསི་ཟུསིཀེ (Waldayslaw Bartoszevski)སོགས་ཀྱིས་གཏམ་བཤད་གནང་ཡོད་ཅིང་། ཚོགས་དིའི་ཐོག་རྒྱ་ནག་ནང་གི་རྩོམ་པ་པོའི་སྐོར་གྱི་སྙན་ཐོ་ཞིག་ཁྱབ་བསྒྲགས་བྱས་ཡོད་པའི་ནང་། ༢༠༠༨ ལོ་ནས་ད་བར་གྱི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་ཚུལ་དང་། རྒྱའི་བཙོན་འོག་ཏུ་ཚུད་པའི་བོད་རིགས་རྩོམ་པ་པོ་ ༨ ཀྱི་གནས་ཚུལ་བཀོད་ཡོད་འདུག

ཚོགས་འདུའི་ཐོག་པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་ཚོགས་གཞོན་སྤྲོ་ཚིགས་ཆོས་གྲགས་ཀྱིས་བོད་ནང་གི་རང་ལུས་མེར་བསྲེགས་སྐོར་དང་། བཙོན་འོག་ཏུ་ཚུད་པའི་བོད་མི་རྩོམ་པ་པོ་དང་གཞས་པ། སྒྱུ་རྩལ་པ་སོགས་མི་སྣ་ ༤༠ ལྷག་གི་གནས་ཚུལ་ངོ་སྤྲོད་གནང་ཡོད་པ་དང་། བོད་མིའི་སྨྲ་བརྗོད་རང་དབང་ལ་བརྩི་འཇོག་ཡོང་བ་དང་། རྒྱ་ནག་གི་བཙོན་འོག་ཏུ་ཡོད་པའི་བོད་རིགས་རྩོམ་པ་པོ་དང་སྒྱུ་རྩལ་པ་རྣམས་གང་མགྱོགས་ཀློད་གྲོལ་ཡོང་ཐབས་དང་དེ་དག་གི་བདེ་འཇགས་སྐོར་ལ་གྲོས་གཞི་དོན་ཚན་ ༣ བཏོན་ཡོད་ཅིང་། གྲོས་གཞི་དེ་དག་འདི་ལོའི་ཕྱི་ཟླ་ ༩ པའི་ཨེསི་ལན་ཌིའི་རྒྱལ་ཁབ་ནང་འཚོགས་འཆར་གྱི་རྒྱལ་སྤྱིའི་པེན་གྱི་ཚོགས་ཆེན་ཐོག་གླེང་སློང་བྱ་རྒྱུ་ཡིན་འདུག

རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ནི་ ༡༩༢༡ ལོར་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌིབ་དུ་ཐོག་མར་དབུ་བརྙེས་ཤིང་།  འདས་པའི་ལོ་ངོ་ ༨༠ རིང་སྐད་ཡིག་དང་རིག་གཞུང་མི་འདྲ་བའི་རྒྱལ་ཁབ་ཁག་ཏུ་པེན་མཐུན་ཚོགས་ཀྱི་ཡན་ལག་  ༡༡༤ ཙམ་བཙུགས་ཡོད་ཅིང་། མཐུན་ཚོགས་འདི་ནི་འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱེད་མཁན་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཐོག་མ་དེ་ཆགས་ཡོད་འདུག པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ནི་ ༡༩༩༩ ལོའི་ཟླ་ ༣ ཚེས་ ༡༩ ཉིན་ངྷ་རམ་ས་ལར་དབུ་བརྙེས་ཤིང་། ༢༠༠༢ ལོའི་ཟླ་ ༩ པའི་ནང་རྒྱལ་སྤྱིའི་པེན་གྱི་ཡན་ལག་ཏུ་ཚུད་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༢།༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད།

ཆུ་ཚོད་ ༢ སྔོན་ལ།
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་གནང་བ། ༢༠༢༦།༠༢།༠༩ ཐད་གཏོང་གི་པར་བཤུས།
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་ཐོག་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་།

ཆུ་ཚོད་ ༢༠ སྔོན་ལ།
The Millionaire media tycoon Jimmy Lai, 72, poses during an interview with AFP at the Next Digital offices in Hong Kong. June 16 2020
(Photo by Anthony WALLACE / AFP)
Mobile App

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ལ་ལོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད། 

ཆུ་ཚོད་ ༢༠ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་བཀོད། ལྡི་ལི་དོན་གཅོད་ཀྱི་སྐུ་པར། ༢༠༢༦།༠༢།༠༩
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༢༢ སྔོན་ལ།
A-Nya Sengdra
Mobile App

ཨ་ཉག་སེང་སྒྲ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༢/༠༩
Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

༢༠༢༦/༠༢/༠༨

མཆན། 2

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    གསལ་བཤད་གཅིག
    ང་ཚོས་དེ་སྔོན་ནས་བོད་སྤྱི་ལ་ཁྱབ་ཆེད། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཞེས་འབོད་ཀྱིན་ཡོད་ན་ཡང། རྒྱལ་སྤྱིའི་པེན་ཚོགས་པར་ཞུགས་དུས་པེན་ཨ་མས་འདིར་བོད་ནང་གི་རྩོམ་པ་པོ་ཞུགས་མེད་པ་དང་མི་ཐུབ་པས་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མིང་འདོགས་དགོས་ལུགས་བརྗོད་ནས་དེ་ལྟར་འདོགས་དགོས་བྱུང་བ་ཞིག་ཡིན།
    ད་ཆར་བོད་ནང་ནས་ཞུགས་པ་དང་བོད་ནང་ལ་ཕྱིན་ཚར་བའི་ཚོགས་མ་ཡང་ཡོད་པས། པེན་བོད་ཀྱི་རྩོམ་པ་པོའི་མིང་དོན་གྱིས་ཐོབ་ཀྱིན་ཡང་ཡོད། རྗེས་སུ་བརྗེ་སྒྱུར་ཐུབ་པའི་རེ་བ་ཡོད་ལ། འདི་དོན་མཐུན་ཚོགས་རང་གི་ཚོགས་ཆེན་ནང་ལ་ཡང་གླེང་སློང་བྱས་ཡོད།
    ཡང་གཅིག་བཤད་ན་བོད་ཕྱི་ནང་གཉིས་དང་བོད་གཞིས་བྱེས་གཉིས་ལ་རྒྱ་མིས་བཏགས་མིན་དང་ཆབ་སྲིད་ཐད་ནས་ཡང་ལྕི་ཞིག་ཡོད་པ་ཡང་མི་ཤེས་སོ།

    Reply
  2. བཙན་པོའི་བུ། says:
    ལོ་ 13 སྔོན།

    པེན་བཙན་བྱོལ་བོད་མིའི་རྩོམ་པ་པོ་མཐུན་ཚོགས་ཀྱིས་དེ་སྔོན་ནང་ལྟར་ཞབས་འདྲེན་མི་ཞུ་བའི་རེ་བ་ཡོད། དེ་གཅིག་ཡིན། གཉིས་ནས་། པེན་བཙན་བྱོལ་བོད་མི་ཟེར་རྒྱུའི་ཚབ་ཏུ་གསར་འགོད་པས་རྒྱུ་མཚན་ཅི་ཞིག་ལ་བརྟེན་ནས་རྒྱ་དམར་གྱིས་སྤྱོད་པའི་ཐ་སྙད་་་་་་པེན་ཕྱི་སྡོད་བོད་མི་་་་་སྤྱད་པ་ཡིན། མ་འོངས་པར་ཐ་སྙད་སྤྱོད་ཕྱོགས་ལ།ང་དགོངས་བསམ་ཏོག་ཙམ་བཞེས་དགོས་པ་འདྲ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese