མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་སྒྲིག་འཛུཊ་ཀྱི་ལས་དོན་ལ་གཞོཊ་འདེཊ་བྱ་རྒྱུའི་དམ་བཅའ་ཡོད།

བོད་ཀྱི་དུས་བབ།
༢༠༡༣/༠༥/༢༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོཊ་ཆེན་བཅོ་ལྔ་པ་དེ་ངྷ་སའི་རྒྱ་གར་ཚོགས་ཁང་ཞིག་ཏུ་མགོ་འཛུགས་གནང་སོང་ལ། མ་འོངས་པའི་ཉིན་དྲུག་གི་རིང་གཞོན་ནུའི་ལངས་ཕྱོགས་དང་བོད་དོན་ལས་འགུལ་སྤེལ་ཕྱོགས་ཀྱིས་མཚོན་པའི་གྲོས་གཞི་ཁག་ ༨ ཀྱི་སྟེང་བགྲོ་གླེང་གྲོས་ཆོད་དང་། སྐབས་བཅོ་ལྔ་པའི་དབུས་རྒྱུན་གསར་འདེམས་བཅས་གནང་རྒྱུ་རེད། 

དེ་རིང་ཕྱི་ཚེས་ ༢༧ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༠༠ པའི་ཐོག ངྷ་རམ་ས་ལའི་ཁི་ལོ་པི་ (Club House) གསོལ་མགྲོན་ཁང་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༥ པ་དབུ་འཛུཊ་གནང་སོང་། དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་ངྷ་ས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཝེ་རྗེ་སིན་མོན་གྷོ་ཌེ་ཡཱ (Vijai Singh ManKotia)ལགས་ཕེབས་འདུག་ལ། གཞན། གཞོན་ནུའི་རྒྱུན་ལས་ཟུར་པ་སྤྱི་འཐུས་ཀརྨ་ཡེ་ཤེས་དང་བློ་བཟང་ཡེ་ཤེས། ཆོས་སྐྱོང་དབང་ཕྱུག་བཅས་ཀྱང་ཕེབས་འདུག དེ་མིན་ངྷ་ས་ས་གནས་མགོ་འཛིན། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་གི་སྐུ་ཚབ་བཅས་མཉམ་ཞུགས་གནང་སོང་། ཚོགས་གཙོའི་ངོ་སྤྲོད་ལྟར་ན། ད་རེབ་ཚོགས་ཆེན་སྟེང་ས་གནས་ཁག་ ༤༠ དང་། དབུས་རྒྱུན་རྣམས་ཚུད་པའི་ཚོགས་བཅར་བ་ ༡༣༠ ཙམ་ཡོད་འདུག  

མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་ནས་སྣང་གསལ་མར་མེ་ཞལ་འབྱེད་དང་། རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་པར་མྱ་ངན་བཅས་གནང་རྗེས། གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་ཡིག་ཐོག་གི་གསུང་བཤད་སྒྲོགས་སྦྱང་གནང་པར། ༡༩༤༩ ལོ་ནས་ད་བར་རྒྱ་ནག་གཞུང་གིས་ བོད་ནང་མི་སྤྱོད་ལས་འདས་པའི་སྲིད་བྱུས་ལག་བསྟར་བྱས་པ་དང་། བོད་མི་ཚོས་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བོད་བསྟན་སྲིད་ཆེད་ཕུལ་ཏེ། ༢༠༠༨ ལོ་ནས་ད་བར་བོད་མི་ ༡༡༧ ཙམ་གྱིས་རང་ལུས་མེར་བསྲེགས་གནང་པ། བོད་མི་མང་པོ་རྒྱའི་བཙོན་འོག་ཏུ་མནར་གཅོད་མྱངས་དང་མྱོང་བཞིན་ཡོད་པའི་རྒྱལ་ཞེན་བློས་གཏོང་གི་མཛད་རྗེས་ཆུད་བཟོས་མི་འགྲོ་བར་གཞོན་ནུ་ལྷན་ཚོགས་ཀྱིས་དམ་བཅའ་བརྟན་པོ་ཞུ་རྒྱུ་དང་། བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སྙིང་སྟོབས་དང་ལྷག་བསམ་ནི། བོད་མིའི་འཐབ་རྩོད་ཀྱི་རྨང་གཞི་གཙོ་བོ་ཡིན་སྟབས། བཙན་བྱོལ་བོད་མི་ཚོས་རྡོག་རྩ་ཆིག་སྒྲིལ་ཐོག་སྤྱི་དོན་ཐོག་འཐབ་རྩོད་ནུས་པ་འདོན་རྒྱུ་གལ་ཆེན་ཡིན་སྐོར་སོགས་བརྗོད་བྱུང་།

ཁོང་གིས་ཉེ་སྔོན་༸གོང་ས་མཆོག་གིས་བཀའ་སློབ་སྔ་ཕྱིར་ཕེབས་པའི་ཐད།  “ ཉེ་དུས་༸གོང་ས་མཆོག་གིས་འཕྲལ་ཕུཊ་ཀྱི་ལམ་སྟོན་བཀའ་སློབ་རིམ་པ་ཕེབས་ཡོད་པ་ཚང་མས་མཁྱེན་གསལ་ལྟར། མགོན་པོ་གང་ཉིད་ཀྱི་ལྷ་དགོངས་འཁྲུག་གཞིའི་རིཊ་མི་འབྱུང་བ་གནང་རྒྱུ་ང་ཚོ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་ལས་འགན་ཡིན་པ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོཊ་ ༡༩༧༠ ལོར་གསར་འཛུཊ་བྱས་པ་ནས་ད་ལྟའི་བར་བོད་རང་བཙན་གྱི་དམིཊ་ཡུལ་གཞིར་བཟུང་ཐོག མི་ལོ་  ༤༡ རིང་འཐབ་རྩོད་རྒྱུན་འཁྱོངས་ཞུས་དང་ཞུ་བཞིན་པ་དེ། གཙོ་བོ་༸གོང་ས་མཆོག་གི་ཐུཊ་རྗེའི་བྱིན་རླབས་དང་། བོད་ནང་གི་བོད་མིའི་ལྷག་བསམ་དང་སྙིང་སྟོབས་ཀྱི་རྨང་གཞི་ལས་བྱུང་བ་གསལ་བོ་ཡིན། བོད་ཀྱི་གཞོན་ནུ་ལྷན་ཚོཊ་ཀྱི་དམིཊ་ཡུལ་བཞི་ལས། དང་པོ་༸གོང་ས་མཆོག་གིས་བོད་བསྟན་སྲིད་མི་རིཊ་ཆེད་སྐུ་ལས་ཇི་ལྟར་སྐྱོན་ཡོད་པར་སྙིང་དབུས་ནས་བཀའ་དྲིན་དྲན་པའི་ཐོག  ཤེས་བཞིན་དུ་མགོན་པོ་མཆོག་ལྷ་དགོངས་འཁྲུག་གཞིའི་བྱ་སྤྱོད་རིཊ་ཏིལ་འབྲུ་ཙམ་ཡང་དངོས་ཤུཊ་བརྒྱུད་གསུམ་ནས་སྤེལ་མེད་པར་མ་ཟད། དེ་ལྟ་བུ་བསམ་བློའི་ནང་འཁོར་མྱོང་ཡང་མེད། ༸གོང་ས་མཆོག་ནི་བོད་མི་ཆིག་སྒྲིལ་གྱི་ནུས་པ་དང་སེམས་ཤུཊ་ཀྱི་སྲོག་རྩ། དམངས་གཙོའི་འཕེལ་རིམ་གསར་གཏོད་མཛད་མཁན་ཡིན་པའི་ཐོག ང་ཚོ་བོད་མི་ཙམ་མ་ཟད། འཛམ་གླིང་སྐྱེ་འགྲོ་ཀུན་ལ་སེམས་ནང་རྙེད་དཀའ་བའི་དད་རྟེན་གྱི་བདག་ཉིད་ཡིན་པ་ནི་ཀུན་གྱིས་མཁྱེན་གསལ་ཡིན། ལྷག་པར་དུ་བོད་མིའི་འཐབ་རྩོད་དང་དམངས་གཙོའི་འཕེལ་རིམ། ཆིག་སྒྲིལ་གྱི་སྙིང་སྟོབས་སོཊ་བོད་མིའི་བདེན་དོན་ལ་མགོན་པོ་གང་ཉིད་སྐུ་ན་ཤིན་ཏུ་ཕྲ་བའི་དུས་ནས་སྐུ་ངལ་བརྒྱ་ཕྲག་འཁུར་བཞེས་ཀྱིས། མཛད་འགན་བླ་མེད་གནང་བའི་ཚུལ་རྣམས་ཤེས་པའི་ཐོག་ནས་སྙིང་ཁུང་རུས་པའི་གཏིང་ནས་ཐུགས་རྗེ་བླ་མེད་དུ་ཆེ་ཞེས་ལན་བརྒྱར་ཞུ་རྒྱུ་ཡིན” ཞེས་བརྗོད་བྱུང་།

གཞོན་ནུའི་མ་འོངས་ལངས་ཕྱོཊ་ཐད། “ གཞོན་ནུའི་སྒྲིག་འཛུཊ་ནི་བོད་མིའི་སྒྲིག་འཛུཊ་དང་དཔུང་འདེགས་ཞུ་མཁན་དང་། བོད་མིའི་འཐབ་རྩོད་ནང་བོད་རིཊ་གཞོན་སྐྱེས་ཚོས་ནུས་པ་མཉམ་སྤུངས་བྱེད་སའི་སྡིངས་ཆ་གལ་ཆེན་ཞིག་ཡིན་སྟབས། ༸གོང་ས་མཆོག་གིས་བོད་ཀྱི་གཞོན་ནུ་ལྷན་ཚོཊ་ལ་ཐུཊ་བརྩེ་ཆེན་པོས་གཟིཊ་སྐྱོང་མཛད་དང་མཛད་བཞིན་པ་ཡིན། གཞོན་ནུའི་སྒྲིག་འཛུཊ་ཀྱི་ངོས་ནས་ད་བར་༸གོང་ས་མཆོག་དང་བོད་གཞིས་བྱེས་གཉིས་ཀྱི་སྐུ་ཚབ་མཚོན་ནུས་པའི་བོད་མིའི་ཁྲིམས་མཐུན་གཞུང་གི་སྒྲིག་འཛུཊ་ལ་ཤེས་བཞིན་མཚན་སྨད་སྐུར་འདེབས་རིཊ་གཏན་ནས་ཞུས་མེད་ལ། གལ་ཏེ། མ་ཤེས་མ་རྟོཊ་པའི་དབང་གིས་༸གོང་ས་མཆོག་ལྷ་དགོངས་འཁྲུག་གཞིའི་རིཊ་ཆ་ཕྲ་མོ་ཙམ་བྱུང་ཡོད་ཚེ། ད་རེབ་ཚོཊ་ཆེན་འདིའི་ཐོག་གདུང་ཤུཊ་དྲག་པོས་བཟོད་གསོལ་ཞུ་རྒྱུ་དང་། སླད་མར་ཡང་༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་སྤྱི་དང་། ཁྱད་པར་བོད་ཀྱི་འཐབ་རྩོད་དང་བོད་མིའི་སྒྲིག་འཛུཊ་ཀྱི་ལས་དོན་ཁག་ལ་གཞོན་ལྷན་ནས་རང་ནུས་གང་ཡོད་ཀྱིས་གཞོཊ་འདེཊ་ཞུ་རྒྱུའི་ཁས་ལེན་དམ་བཅའ་འབུལ་རྒྱུ་ཡིན། ” ཞེས་བརྗོད་བྱུང་།

ད་རེབ་སྐབས་བཅོ་ལྔ་པའི་དབུས་རྒྱུན་གསར་འདེམས་སྐབས་གཟབ་ནན་གྱིས་ཤེས་འཇོན་ལྷག་བསམ་ལྡན་པ་འདེམས་དགོས་པ་དང་། ཚོགས་བཅར་བ་ཡོངས་ལ་ཕུལ་བའི་ཡིག་ཆའི་ནང་གཞོན་ནུའི་བྱུང་སོང་བསྡད་གསུམ་གྱི་རྩིས་ཁྲ་གསལ་བ་ལྟར། ད་ལྟ་དབུས་གཞོན་ནུར་ཧིན་སྒོར་འབུམ་ ༡༢༣ ལྷག་ཙམ་ཡོད་པ་གཞོན་ནུའི་ཚོགས་མིའི་ཚོགས་དངུལ་དང་བོད་རྒྱ་ཆེའི་མི་མང་གི་ཞལ་འདེབས་བཅས་ཡིན་སྐོར་བརྗོད་བྱུང་། ད་དུང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལྟར་ཚོགས་པ་སྒྲིག་འཛུགས་འཛུགས་རྒྱུའི་ཐོབ་ཐང་ཡོད་ཀྱང་། ཉེ་དུས་གསར་དུ་བཙུགས་པའི་བོད་རྒྱལ་ཡོངས་ལྷན་ཚོགས་(Tibetan National Congress)དང་གཞོན་ནུ་ལྷན་ཚོགས་བར་འགྲེལ་བ་རྩ་བ་ནས་མེད་པ་གསལ་བཤད་སོགས་འཁོད་འདུག

དེའི་རྗེས་སྐུ་མགྲོན་གཙོ་བོ་སྐུ་ཞབས་ཝེ་རྗེ་སིན་མོན་གྷོ་ཌེ་ཡཱ་ལགས་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱལ་གཅེས་དཔའ་བོའི་གཟེངས་རྟགས་དེ།  ༢༠༠༩ ལོ་ནས་ད་ལྟའི་བར་བོད་ནང་རང་ལུས་མེར་བསྲེཊ་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པར་ཕུལ་བ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོཊ་ཀྱི་རང་བཙན་གཟེངས་རྟགས་དེ་རྒྱལ་གཅེས་རང་བཙན་འཐབ་རྩོད་པ་ཞིང་གཤེགས་དམ་པ་སྲས་འཇིགས་མེད་ནོར་བུ་ལགས་སུ་ཕུལ་བ། ས་གནས་གཞོན་ནུ་རྩེ་ཕུད་ཀྱི་གཟེངས་རྟགས་དེ་ཨང་དང་པོ་ངྷ་ས་དང་། ཨང་གཉིས་པ་སྦོང་ཊ། ཨང་གསུམ་པ་པུ་རུ་བ་ལཱ་ས་གནས་གཞོན་ནུ་བཅས་ལ་ཕུལ་སོང་།

སྐུ་ཞབས་ཝེ་རྗེ་སིན་མོན་གྷོ་ཌེ་ཡཱ་ལགས་ཀྱིས། འདས་པའི་དུས་སུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་དང་ཚོགས་མི་རིམ་པས་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས། ཚོགས་པ་འདི་ཉིད་ད་ལྟའི་བར་གནས་ཐུབ་པ་མ་ཟད་སྤྱི་ཚོགས་ནང་ནུས་པ་གང་འཚམ་ཐོན་ཡོད་པ་དང་། ལྷག་པར་དུ་བོད་མི་ཚོར་མིག་དཔེར་འོས་པའི་དབུ་ཁྲིད་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ལམ་སྟོན་དང་། བོད་ནང་རྒྱལ་གཅེས་ལྷག་བསམ་གྱི་ཕྱུཊ་པའི་བོད་མི་མང་པོ་ཞིག་ཡོད་སྟབས། མ་འོངས་པར་རང་ཉིད་ཀྱི་ལངས་ཕྱོགས་ལྟར་འཐབ་རྩོད་གཅིག་པུ་མིན་པར། མི་མང་ལ་སེམས་ཤུགས་སྤར་རྒྱུ་དང་གཞོན་སྐྱེས་ཚོར་མིག་དཔེར་འོས་པའི་ལས་དོན་བསྒྲུབ་རྒྱུ། ལྷག་པར་དུ་༸གོང་ས་མཆོག་གི་དབུ་ཁྲིད་ལམ་སྟོན་དང་ལམ་ཁ་མ་ནོར་བ་ཞིག་གི་ཐོག་འགྲོ་ཐུབ་པ་ཡིན་ན། ཁྱེད་རང་ཚོའི་རེ་བ་དང་དམིགས་ཡུལ། བོད་རང་བཙན་གང་མགྱོགས་ཤར་ཐུབ་པའི་རེ་བ་ཆེན་པོ་ཡོད་སྐོར་གསུངས་བྱུང་།

ཐེངས་འདིའི་ཚོགས་ཆེན་གྱི་གྲོས་གཞི་ཁག་ནི། དང་པོ། ཚོགས་ཆེན་སྔ་སྣུར་དང་འབྲེལ་བའི་གནད་དོན། གཉིས་པ། གཞོན་ནུའི་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་དང་ས་རྒྱུན་ཁག་གི་ལས་བསྡོམས་རྩིས་ཁྲར་ཞིབ་བཤེར། གསུམ་པ། སྐབས་ ༡༤ ཚོཊ་ཆེན་གྱི་གྲོས་ཆོད་ཁག་ལ་ཞིབ་བཤེར་དང་འབྲེལ་ཕྱག་ལེན་ཁེལ་བསྡད་མཇུག་སྐྱོང་གནང་ཕྱོཊ། བཞི་བ། ཆབ་སྲིད་དང་འབྲེལ་བའི་གཞོན་ནུའི་ལངས་ཕྱོཊ་དང་ལས་དོན་སྤེལ་ཕྱོགས། ལྔ་པ། ཆོས་དང་རིག་གཞུང་གཅེས་འཛིན། དྲུག་པ། ༸གོང་ས་མཆོག་གི་སྐུ་ཕྱྭའི་སྐོར། བདུན་པ། གཞོན་ནུའི་སྒྲིག་འཛུཊ་སྲ་བརྟན་སྐོར། བརྒྱད་པ། སྤྱི་སྨན་དགོངས་འཆར་བཅས་ཡིན་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 26

  1. ཀླུ་མཁར་བྱམས། says:
    ལོ་ 12 སྔོན།

    རང་བཙན་རྩོད་མཁན་གྱི་ཚོགས་པ་ཞིག་གི་ངོས་ནས་བཤད་ན། གཞུང་གི་སྲིད་བྱུས་ལ་འགྱུར་བ་གཏོང་དགོས་ཞེས་གྲོས་ཆོད་དེ་ནོར་ཡོད་པ་མ་རེད། གྲོས་ཆོད་ཕྱིར་འཐེན་བྱས་པ་དེ་ནོར་སོང་བ་རེད།

    Reply
  2. བསྟན་ཆོས། says:
    ལོ་ 12 སྔོན།

    བློ་འཕེལ་ལགས། གཞོན་ནུ་ལ་དེ་འདྲ་མ་གསུང་རོགས་ཞུ། སྐད་ཆ་ཐལ་ཆ་ཆེ་བའི་རིགས་ལམ་སང་བརྒྱུད་ལམ་ལ་གཏོང་རྐྱང་བྱས་ན་ཅི་ཕན། རང་ལ་ཐོབ་ཐང་ཡོད་སྡད་པ།ཞིག་རྩད་ན་སྐྱོན་ཅི། གཙོ་བོ་གཞུང་གི་སྲིད་ཇུས་ལ་འགྱུར་བ་གཏོང་དགོས་ལབ་ན་མི་འགྲིག་པ་ཞིག་རེད། དེ་ཡང་སྲིད་དོན་ཚོགས་པ་མིན་པས་སོ།གི་

    Reply
  3. གསེར་འབྲུག་སྡེར་ལྔ་ says:
    ལོ་ 12 སྔོན།

    ད་ལྟ་ཕན་ལ་རྒྱལ་ཁབ་གཉིས་དང་མི་རིགས་གཉིས་ཀྱི་ཁེ་ཕན་དེ་སུས་བླངས་སོང་། གྱོང་རྒུད་དེ་སུས་འཁྱེར་སོང་། འབྱུང་འགྱུར་ནང་སུས་བླངས་སུས་འཁྱེར་མིག་བགྲད་ནས་ག་ལེར་བལྟོས་ཨ། ད་ལྟ་གཞི་ནས་རེད་ད།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    གསེར་འབྲུག་སྡེར་ལྔ་
    ༢༠༡༣/༠༥/༢༨ ཉིན་འདོན་སྤེལ་བྱས།
    ཀརྨ་རྡོ་རྗེ།
    ཁྱོད་ཨ་མ་དང་མནའ་མ་ནོར་བ་ནི་དགོད་སྤྱད་ཅིག་མ་རེད་པས། བོད་རང་བཙན་འདི། པན་འཇབ་རང་བཙན། ཀཤི་མིར་རང་བཙན། སཱིརཱི་ལངྒ་རང་བཙན། ད་དུང་བལ་ཡུལ་དང་འབྲུག་པ་རང་བཙན་དང་གཞི་གཅིག་ལ་བཞག་ནས་ར་མགོ་ལུག་སྦྱར་བྱེད་པའི་ལམ་ལུགས་འདི་ཅི་འདྲའི་ཡ་མཚན་མ་རེད་པས།
    ཧ་ཧ། ལུག་ཁྱུ་འཕར་བ་དང་སྤྱང་ཀིའི་དྲོ་སྐྱིད་ལ་རེ་ཡོད་ཟེར་ན་གང་འདྲ་འདུག།
    ལན་དུ།
    ངས་ཨ་མ་དང་མནའ་ནོར་ན་ཡང་ཁྱིམ་ཚང་གཅིག་གི་དཀའ་ངལ་རེད། ཁྱེད་རང་བོད་རང་བཙན་དང་རྒྱ་བོད་གཉིས་སྨན་དབུ་མ་གཉིས་ཀྱི་ཁ་ཕན་ལ་ནོར་ན་རྒྱལ་ཁབ་གཉིས་དང་། མི་རིགས་གཉིས་ཀ་ལ་གྱོང་གུན་ཆེན་པོ་རག་བགྱིད་རེད་དོ། །གསེར་འབྲུག་ལགས།

    Reply
  5. འཇམ་གཅེས ། says:
    ལོ་ 12 སྔོན།

    དེང་གི་དུས་འདིར་རང་རིགས་མི་ཉུང་བ་ཞིག་ནས་བརྒྱུད་ལམ་འདྲ་མིན་ནང་དུ་དབུ་རང་ གི་རྩོད་གླེང་མི་ཉུང་བ་ཞིག་གནང་བཞིན་འདུག་པས་ངས་ཀྱང་དེ་དག་ཕྱོགས་བསྡོམས་ རོབ་ཙམ་ཐོག་ནས་ཚིག་ཁ་ཤས་བཤད་ན་འདོད། སྤྱིར་རྩོད་གླེང་འདི་དག་ཁ་ཁོག་མཚུངས་པའི་སྒོ་ནས་གནང་མཁན་ཞིག་ཡིན་ཕྱིན་ཆེད་ དགའ་འོས་པ་ཞིག་རེད་མོད། ཡིན་ནའང་བློ་ཕམ་དགོས་པ་ཞིག་ལ་དེ་ལས་ལྡོག་སྟེ་ཡོད་ཚད་ཁ་ཡི་མཛེས་རྒྱན་དུ་ འགྱུར་བཞིན་པའི་སྣང་ཚུལ་ཞིག་ངང་གི་ཡོང་གི་འདུག

    ཆེས་དགོས་གལ་ཆེ་བ་ཞིག་ནི། རང་རིགས་ནང་ཁུལ་དུ་ལག་པའི་ནང་དུ་ལག་པ་དང་། སེམས་པའི་ནང་དུ་སེམས་པ་བཞག་ཟེར་སྲོལ་བཞིན་ནང་ཁུལ་མཐུན་ལམ་དགོས་པ་ལས་རང་ལྟ་ མཆོག་འཛིན་དང་མདུང་མོའི་སོ་ཁ་ཕུ་ནུའི་ནང་དུ་བསྣུན་རེས་བཟོ་བཞིན་འདི་མུར་ སྐྱོད་ཚེ་གོད་ཆགས་འབྱུང་ཡུལ་ནི་སྤྱི་པའི་རྩ་དོན་གྱི་ར་བ་ལས་བརྒལ་མི་སྲིད།

    བསམ་ བློ་ནར་སྨིན་ཟིན་པའི་བོད་རིགས་ཞིག་ཡིན་ཕྱིན་ཁྱོད་ལ་རང་བཙན་དགོས་སམ་ཞེས་ དྲིས་ཚེ་མི་དགོས་ཟེར་མཁན་ཞིག་ཡོད་དམ། གལ་སྲིད་ཡོད་ན་དེ་ནི་སེམས་ཁམས་ཐང་པོ་མེད་པ་དང་། ཡང་ན་ལུས་ངག་ཡིད་གསུམ་རྒྱ་སྒོར་ཁོ་ན་ལ་སྐྱབས་བཅོལ་མཁན་གྱི་མི་བུ་ཐལ་ཤལ་ཞིག་ ལ་ངོས་འཛིན་པར་ཐེ་ཚོམ་གང་ཡང་མི་དགོས། ཁྱེད་ཚོས་བསམ་བློ་ཐོངས་དང་། གོ་ལ་གཅིག་གྱུར་གྱི་དུས་རབས་འདི་ཡི་ནང་དུ་ཤར་ནུབ་ཀྱི་ཡུལ་གྲུ་དུ་མར་གནས་ པའི་རྒྱལ་ཁབ་དག་ནི་སོ་སོའི་དཔལ་འབྱོར་དང་། དམག་དོན། ཆབ་སྲིད། ས་ཁྱོན་སོགས་ཀྱི་བདག་དབང་ལ་ཐོབ་ཤོར་ཁོ་ནའི་དབང་གི་དྲང་བདེན་དང་གནས་ལུགས་ལ་ གུས་བཀུར་དེ་ཙམ་མེད་པའི་དུས་རབས་ཞིག་ལ་གྱུར་ཟིན་པར་ཁྱེད་ཚོས་མི་འདོད་དམ།

    དེའི་ ཕྱིར། མ་འོང་བོད་མིའི་རྩ་དོན་གྱི་ཆེད་དུ་སོ་སོའི་ཐོབ་ཐང་དང་ལོ་རྒྱུས་ཀྱི་རྒྱབ་ ལྗོངས་ཞིག་ལ་རེ་སྟོང་བཅང་ནས་རང་བཙན་གཙང་མ་ཞིག་རྩོད་པ་ཡིན་ན་དེ་ནི་ཆེས་མཛེས་ སྡུག་ལྡན་པའི་མཁའ་དབྱིངས་ཀྱི་འཇའ་ཚོན་ལ་ལག་པས་རེག་འདོད་ལྟ་བུའི་སྟོང་བསམ་ ཞིག་ལས་མ་འདས། ང་སྐབས་རེར་དགོངས་མོར་ཉལ་ནས་བསམ་བློ་འདྲ་མིན་རེ་འཁོར་སྐབས། ད་ལྟའི་དུས་འདིར་ས་ཆེན་འདིའི་སྒང་དུ་གནས་པའི་གཟུར་གནས་མཁས་དབང་ཁག་དང་། ཆབ་དཔལ་རིག་གསུམ་ལ་ཆེད་མཁས་པ། དེ་བཞིན་རྒྱལ་ཁབ་འདྲ་མིན་སོ་སོའི་སྲིད་འཛིན་དང་སྲིད་བློན་སོགས་ཀྱིས་ཆེས་ གུས་འདུད་ཞུ་སའི་སྐྱེས་བུ་སྙན་གྲགས་ཆེ་ཤོས་ཤིག་ནི་༸གོང་ས་ཆེན་པོ་ཆགས་ཡོད། ཡིན་ཡང་བོད་རིགས་མགོ་སྟོང་ཁག་ཅིག་གིས་དུག་ཆུའི་མྱོས་པ་བཞིན་དུ་དངོས་ཤུགས་ ཅི་རིག་ནས་མཚན་སྨོད་དང་ཟུར་ཟ་འདྲ་མིན་བཟོ་བ་མཐོང་དུས་ནམ་ཞིག་བོད་ལ་རང་བཙན་ ཞིག་ཐོབ་པའི་དབང་དུ་བྱས་ཀྱང་ད་ལྟའི་བལ་ཡུལ་གྱི་ཆབ་སྲིད་ལས་སྡུག་པའི་གནས་བབ་ ཞིག་མི་ཡོང་བའི་ངེས་པ་གཏན་ནས་མི་འདུག་དྲན་གྱི་འདུག

    འགྲོ་བ་མི་ཞིག་ ཡིན་ཕྱིན་ཆོས་ལུགས་དད་མོས་རང་དབང་ཡིན་དགོས་པ་ནི་ཡོངས་གྲགས་སུ་ངོས་འཛིན་དང་ ཁྲིམས་སུ་བཅས་ཡོད་པས་བོད་རིགས་དག་ལ་ཡང་དེ་ལྟར་གདམ་ཁ་ཡོད་ཆོག །ཡིན་ཡང་ཉིན་རེའི་འཚོ་བའི་ཆ་རྐྱེན་ནང་དུ་མེད་དུ་མི་རུང་བ་ཞིག་ནི་འགྲོ་བ་ མིའི་བཟང་སྤྱོད་ཡིན་པར་ངོ་ཤེས་པའི་སྒོ་ནས་བོད་མི་རིགས་འདིའི་ཆེད་དུ་སྐུ་ངལ་ འཛེམས་མེད་དུ་སྐྱོན་གནང་མཁན་ཞིག་ལ་མི་འོས་པའི་བྱ་སྤྱོད་སྤེལ་མཁན་སུ་འདྲ་ ཞིག་ཡིན་རུང་ཡིད་ཆེས་དང་ཆ་འཇོག་བྱེད་འོས་པའི་གནས་མ་ཡིན་པས་ཀུན་གྱིས་ཡིད་ གཟབས་དགོས་སོ།། །།

    Reply
  6. བློ་འཕེལ། says:
    ལོ་ 12 སྔོན།

    གཞོན་ནུའི་ཚོགས་གཙོས་གཏམ་བཤད་དྲང་མོ་བྱས་མ་སོང་ལ་དངོས་གནས་ཡ་མཚན་པ་ཞིག་ལ། ༸གོང་ས་མཆོག་ཐུགས་ཕམ་བྱུང་བ་ཞལ་ཚ་བོ་ནས་གསུངས་པ་དེ་ཐུགས་དགོངས་དཀྲུགས་ནས་བྱུང་བ་མ་རེད་དམ།
    ད་དུང་ཚོགས་གཙོས་དངོས་ཤུགས་བརྒྱུད་གསུམ་ནས་ལྷ་དགོངས་དཀྲུག་པའི་ཅ་ཅོ་ཏུལ་འབྲུ་ཙམ་ཡང་སྒྲུབ་མེད་ཅེས་བཤད་སོང་བ་ཧམ་པ་མ་རེད་པས།

    Reply
  7. གསེར་འབྲུག་སྡེར་ལྔ་ says:
    ལོ་ 12 སྔོན།

    ཀརྨ་རྡོ་རྗེ།
    ཁྱོད་ཨ་མ་དང་མནའ་མ་ནོར་བ་ནི་དགོད་སྤྱད་ཅིག་མ་རེད་པས། བོད་རང་བཙན་འདི། པན་འཇབ་རང་བཙན། ཀཤི་མིར་རང་བཙན། སཱིརཱི་ལངྒ་རང་བཙན། ད་དུང་བལ་ཡུལ་དང་འབྲུག་པ་རང་བཙན་དང་གཞི་གཅིག་ལ་བཞག་ནས་ར་མགོ་ལུག་སྦྱར་བྱེད་པའི་ལམ་ལུགས་འདི་ཅི་འདྲའི་ཡ་མཚན་མ་རེད་པས།
    ཧ་ཧ། ལུག་ཁྱུ་འཕར་བ་དང་སྤྱང་ཀིའི་དྲོ་སྐྱིད་ལ་རེ་ཡོད་ཟེར་ན་གང་འདྲ་འདུག།

    Reply
  8. སེམས་བཟང་། says:
    ལོ་ 12 སྔོན།

    ༡ བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་བདུན་ཅུ་དོན་གྲངས་ནས་ད་ལྟའི་བར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤས་ཤིག་རེད། ཚོགས་པ་འདིའི་ལས་དོན་ཆེ་ཕྲ་གང་ཡིན་ཡང་བོད་མི་རིགས་ཀྱི་རྒྱལ་ཁབ་སླར་གསོའི་ཆེད་དུ་རེད། ཡིན་ནའང་བར་ལམ་ཞིག་ནས་ཚོགས་པ་འདི་ལ་ལབ་རྒྱུ་གླེང་རྒྱུ་མང་དུ་ཕྱིན་སོང་། དེའི་རྒྱུ་རྐྱེན་ནི་ཚོགས་པའི་སྣེ་ཁྲིད་མཁན་གྱི་གང་ཟག་གིས་བྱེད་ལས་བྱེད་སྟངས་ཀྱི་ལོས་ཡིན།

    ༢ ཨེ་ཌ་ལི་དང་ལ་དྭགས་སུ་༸གོང་ས་མཆོག་ནས། ཐུགས་ཕམ་གྱི་བཀའ་སློབ་ཕེབས་དོན་གང་ཡིན་ནམ།

    ༣ ཐུགས་ཕམ་ནི་སྐུ་ཕྱྭ་དང་འབྲེལ་བ་ཡོད་པ་ཡིན་ཞེས་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ངོས་འཛིན་བཤད་ཀྱི་ཡོད་བཞིན་དུ་ནད་དོན་འདིའི་རིགས་སྣང་མེད་ལ་ག་རེ་བྱས་ནས་འཇོག་གི་ཡོད་པ་རེད། དཔལ་ལྡན་བདེ་སྲུང་གི་ལས་ཀ་གཙོ་བོ་སྐུ་ཕྱྭར་བལྟ་རྒྱུ་དེ་ཡིན་ནམ།

    ༤ ༸གོང་ས་མཆོག་གིས་ཕྱི་གསལ་ནང་གསལ་གྱི་བཀའ་སློབ་རིམ་པ་ལྟར་ཕེབས་ནའང་དེ་དག་ལ་རྣ་བ་བཀབ་ཏེ་རང་སྣང་གང་དྲན་གྱིས་ ༸གོང་ས་མཆོག་གིས་ཞལ་ནས་དབུ་མའི་ལམ་གསུང་གི་ཡོད་པ་རེད་དེ་དོན་ལ་རང་བཙན་རྩོད་ཀྱི་ཡོད་པ་རེད་ཞེས་ཁྲམ་པ་བྱེད་དགོས་དོན་གང་ཡིན་ནམ། མི་རེ་ཟུང་གི་བྱེད་ལས་བྱེད་སྟངས་ལ་བོད་མི་ཚང་མས་གཟབ་གཟབ་བྱེད་དགོས་པའི་དུས་ལ་བབ་འདུག

    ༥ ཁྱེད་རང་བོད་མི་སེམས་ཀྱི་ཉི་མ་༸གོང་ས་མཆོག་ལ་དད་པ་མེད་ན། ཁྱེད་རང་ཁོང་གི་གསུང་ལ་ཡིད་ཆེས་མེད་ན། དེ་ནས་ཁྱེད་རང་ཆབ་སྲིད་ལ་ཇི་ཙམ་མཁས་ནའང་ཁྱེད་རང་ང་ཚོའི་སྤྱི་ཚོགས་ནང་ཆེ་མཐོང་ཡོང་མི་སྲིད་ལ། ཁྱེད་ཀྱི་གང་བྱས་གང་སྒྲུབ་ཐམས་ཅད་མ་འོངས་པར་བོད་མི་རིགས་ཀྱི་སེམས་ཀྱི་རྨ་ཁར་འགྱུར་ཉེན་འདུག་པས་ཡིད་གཟབ་གནང་རོགས། བོད་མི་ཕལ་བ་ཞིག་གི་བསམ་ཚུལ་ཡིན།

    Reply
  9. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    གསེར་འབྲུག་སྡེར་ལྔ་
    ༢༠༡༣/༠༥/༢༨ ཉིན་འདོན་སྤེལ་བྱས།
    ཀརྨ་རྡོ་རྗེ་ལ་དྲི་བ་གཉིས་ཡོད། འོ་ན་རང་བཙན་ཞེས་པའི་ཚིག་འབྲུ་འདི་ཁ་ནས་བཏོན་ཆོག་པ་རེད་མ་ཆོག་པ་རེད། བཙན་བྱོལ་སྒྲིག་འཛུག་གཞུང་འདི་སྤྱི་བདག་རེད་ཡང་ན་སྒེར་བདག་ཅན་ལ་གྱུར་ཚར་བ་རེད། དེས་ན་ཁྱོད་ལ་རང་བཙན་ཞེས་པའི་མི་རིགས་ལྷན་སྐྱེས་རང་བཞིན་གྱི་ཐོབ་ཐང་འདི་གུང་ཁྲན་ལས་ཀྱང་མི་དགའ་བ་དང་མི་འདོད་པ་བྱེད་དགོས་པའི་རྒྱུ་མཚན་ཅི་རེད།
    ཞེས་པའི་ལན་དུ།
    བོད་རང་བཙན་དང་། རྒྱ་གར་པན་ཇབ་རང་བཙན། ཀ་ཤི་མི་རིའི་རང་བཙན། འབྲས་ལྗོངས་རང་བཙན། ཤྲི་ལངྐའི་རང་བཙན་དེ་ཚོ་རང་བཙན་ཡོད་པ་ལས། མེད་ན་མི་མངས་ལ་ཕན་ཐོགས་ཆེ་བ་མེད་དམ་སྙམ་ལགས
    ཡང་། བལ་པོའི་རང་བཙན། འབྲུག་པའི་རང་རང་བཙན། དེ་མིན་པའི་རྒྱལ་ཁབ་སྤྲང་པོ་སྤྲང་རྐྱང་དེ་ཚོ་རང་བཙན་བཞག་ནས་ཁྱིམ་མཚེས་རྒྱལ་ཁབ་སྟོབས་ཆེན་དང་མཉམ་དུ་ཟླ་དྲིལ་བཏང་ནས། དཔལ་འབྱོར་གཙོས་པའི་དེང་དུས་ཡར་རྒྱས་རྗེས་ཟིན་པ་བྱ་དགསོ་རྒྱུ་དེ་གནད་གག་གལ་ཆེ་ཤོས་སུ་མཐོང་ལགས།

    Reply
  10. རྭ་ལོ། says:
    ལོ་ 12 སྔོན།

    ཁ་སང་དེ་རིང་གི་རྡ་རམ་ས་ལའི་སྲིད་དོན་གྱི་སྐད་ཆའི་རྒྱབ་ན་བཀབ་པའི་བརྗོད་དོན་གཙོ་བོ་ནི། གཞིས་ལུས་བོད་མི་ ༡༡༧ ཙམ་མེར་སྲེག་བཏང་བ་དེའི་ཉེས་པ་སུ་ལ་ཡོད་མེད་དེ་ཡིན་པ་འདྲ། དེ་མ་གཏོགས་རང་བཙན་འཐོབ་སྟངས་དང་རང་སྐྱོང་འཐོབ་སྟངས་ལ་ཕྱོགས་གཉིས་ཀ་གོར་ཐིག་རེད།

    Reply
  11. རྭ་ལོ། says:
    ལོ་ 12 སྔོན།

    གཏམ་དཔེ། ཟོ་བ་གསར་པའི་ནང་དུ་ཆུ་འཚོག་རག་བར་དུ། ཟོ་བ་རྙིང་བ་དེ་ནམ་ཡང་མ་གཡུགས།

    Reply
  12. ཤར་མདའ། says:
    ལོ་ 12 སྔོན།

    གང་ལྟར་བོད་ཀྱི་གཞོན་ནུ་ཚོགས་པ་ཟེར་པ་འདི་བོད་ཀྱི་སྤྱི་ཚོགས་ནང་དུ་མེད་མི་རུང་བའི་ཚོགས་པ་གལ་ཆེན་ཞིག་རེད།   ཡིན་ན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གང་གི་ཐོག་ཡིན་ན་བོད་མི་ཞིག་ཡིན་པས་ངོ་ནས་འབད་བརྩོན་བྱེད་བཞིན་ཡོད་པ་རེད་ད་དུང་འབད་བརྩོན་གནང་དགོས་པ་གལ་ཆེན་རེད།  མ་ཟད་ལས་དོན་ཐོག་ཡིན་ན་བོད་མིའི་སྒྲིག་འཛུགས་ལ་སྟུན་ཤེས་གནང་བ་ཡིན་ན་༸གོང་ས་མཆོག་གི་ཐུགས་དགོངས་བཞིན་འགྲོ་ཐུབ་གནང་རྒྱུ་གལ་ཆེན་རེད།   ཕྱོགས་གཅིག་ལ་འབད་བརྩོན་གནང་པ་ཡིན་ན་ནུས་པ་ཆེན་པོ་ཐོན་ངེས་རེད་དྲན་སོང་གང་ལྟར་བསམ་ཕྱོགས་ལ་འགྱུར་བ་དང་ལྟ་བ་གང་ཙམ་འགྱུར་བ་བྱུང་འདུག་བསམ་བྱུང་དེ་ཡང་དག་པ་ཞིག་རེད།

    Reply
  13. བློ་བཟང་བསྟན་འཛིན། says:
    ལོ་ 12 སྔོན།

    སྐབས་བཅུ་གསུམ་པའི་དབུས་གཞོན་ནུའི་དྲུང་ཆེ་དང་། སྐབས་བཅུ་བཞི་བའི་ཚོགས་གཞོན་དོན་གྲུབ་ལྷ་དར་གྱིས་བོད་རྒྱ་ཆེའི་མི་དམངས་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ཡོངས་ལ་དགོངས་སེལ་ཞུ་དགོས། འདས་པའི་ལོ་ངོ་དྲུག་གི་རིང་དབུས་གཞོན་ནུ་ལྷན་ཚོགས་ཀྱིས་ནག་ཉེས་གནམ་མཁར་མི་ཤོང་བ་གསོག་ཡོད་པ་རྣམས་དག་སེལ་བྱེད་དགོས། གནས་ཚུལ་འདི་དག་སྔོན་ལ་ཐག་གཅོད་མ་བྱས་ཚེ་ང་ཚོ་གཞོན་ནུའི་ཚོགས་མི་ལས་ཕྱིར་འཐེན་བྱེད་རྒྱུ་ཡིན་པའི་གྲོས་ཐག་གཙང་མ་བཅད་ཡོད།

    Reply
  14. ཤར་ཕྱོགས་ཁུག་རྟ། says:
    ལོ་ 12 སྔོན།

    གཞོན་ལྷན་ཚོགས་ཆེན་ལ་ཇུས་གཏོགས་ཤིག་བྱས་ན།

    ཤར་ཕྱོགས་ཁུག་རྟ།

    ༄༅།། ང་ལ་ཇུས་གཏོགས་མི་འདུག་མ་གསུངས། ལྷག་པར་དབུ་མ་པ་ཤར་ཕྱོགས་ཁུག་རྟ་ལ་ཇུས་གཏོགས་མི་འདུག་མ་གསུངས། ཡིན་ནའང། རང་བཙན་གླེང་ནས་མི་ལོ་མང་པོ་ཡུན་གྱིས་ལྟེབས་བརྩེགས་རྒྱབ་མཐའ་ན། དེ་རིང་ད་དུང་རང་བཙན་ནི་ཅི་ཞིག་ཡིན་པ་དང། ཅི་ལྟར་རྩོད་མིན། དངོས་གནས་རང་བཙན་རྩོད་ཀྱི་ཡོད་པའི་རྣམ་འགྱུར་བསྟན་ཐུབ་ཡོད་མེད་ཀྱིས་དེ་རིང་གི་རང་བཙན་ཚོགས་འདུར་གདེང་ཚོད་དང་སྤོབས་ཉམས་ཆུང་བའི་རྣམ་པ་ཞིག་གསལ་ལེར་མངོན་ཡོང་གི་ཡོད། རྙོག་གླེང་གྲངས་མེད་དང་དཀའ་ངལ་སྣ་ཚོགས་ཀྱི་འོག་ནས་གཞོན་ནུའི་ཚོགས་ཆེན་ཐེངས ༡༥ པ་བཞུགས་སྒར་དུ་མགོ་བཙུགས་ཟིན་པའི་རྣམ་པ་ཞིག་དེ་རིང་གསར་ལམ་ཁག་ཏུ་མཐོང་རྒྱུ་འདུག གླེང་ཕྱོགས་མང་པོའི་ཁྲོད་དེ་རིང་གི་གཞོན་ནུ་ལྷན་ཚོགས་ཀྱི་གནས་བབ་ནི་སྒོ་རྒྱག་དང་མི་རྒྱག་གི་ས་མཚམས་སུ་སླེབས་ཡོད་ཀྱང། ང་ཚོས་འདས་པར་ཕྱིར་བལྟ་དང་མ་འོངས་པར་བསམ་གཞིག་བྱེད་སྐབས། རྒྱུ་མཚན་གང་གིས་གཞོན་ལྷན་དབུས་ས་གཉིས་ནས་”བོད་རང་བཙན་”ཟེར་བའི་དམིགས་ཚད་དང་ལས་འཆར། འཆར་སྣང་དང་བློས་གཏོང་གི་ཚད་གཞི་རོབ་ཙམ་ཞིག་ཅིའི་ཕྱིར་ཕྱི་གསལ་ནང་གསལ་མ་བཟོས་པ་ཡིན་ནམ་ཞེས་པའི་དོགས་པ་ཚང་མར་འབྱུང་གི་ཡོད་པ་རེད། གལ་སྲིད་བདེན་དོན་དང་རྣམ་དཔྱོད་ལ་སྐད་ཆ་དྲིས་ཏེ་གཞོན་ལྷན་སྒོ་རྒྱག་མིན་ཐག་གིས་གཅོད་དགོས་ཚེ། ངེས་པར་དུ་གཞོན་ལྷན་ལ་གང་ཞིག་ཚང་ཡོད་མེད་དང་ཚང་ཐུབ་མིན་གོང་དུ་དྲངས་པའི་ཆ་རྐྱེན་འདི་དག་ནས་བལྟ་རྒྱུ་ནི་ཧ་ཅང་གསལ་བོ་ཞིག་རེད་སྙམ་པས། གཤམ་ནས་ངས་མ་བབས་པར་སྐེ་བསྲིང་པ་ལྟ་བུས་གཞོན་ལྷན་ནས་ཁ་གསལ་གཏིང་གསལ་བཟོ་དགོས་པ་ཁག་ཅིག་གསལ་འདོན་ཞུ་འདོད་བྱུང།

    ༡ གཞོན་ལྷན་ལ་”བོད་མདོ་དབུས་ཁམས་གསུམ་ལ་རང་བཙན་གཙང་མའི་གནས་བབ་ཅིག་ཕོ་ཟད་མོ་ལ་ཐུག་ཀྱང་རྩོད་ཀྱི་ཡིན་མིན་དང། ཐ་ན་བོད་མི་རིགས་རྩ་སྟོང་ལ་འགྲོ་དགོས་ཀྱང་གནས་བབ་དེ་ག་རང་རྩོད་ཀྱི་ཡིན་པའི་དམ་བཅའ་བརྟན་པོ་ཅི་ཞིག་ཡོད་དམ་མེད། ཡང་ན། བཙན་བྱོལ་དུ་མི་ལོ་ཆིག་སྟོང་ལྷག་གནས་དགོས་བྱུང་ཡང་གནས་བབ་དེ་རྩོད་ཀྱི་ཡིན་པའི་ཕྱི་གསལ་ནང་གསལ་གྱི་དམ་བཅའ་བརྟན་པོ་ཅི་ཞིག་ཡོད། དམ་བཅའ་དེ་འཇིག་རྟེན་ཡོངས་གྲགས་བཟོས་པ་བརྟེན་ནས་བོད་ས་ཆུང་ངུ་ཞིག་ལ་རང་བཙན་བྱུང་ཡང་འགྲིག་པའི་འདོད་ཚུལ་དང་གླེང་ཕྱོགས། དོགས་པ་རྣམས་གཏན་འགོག་བཟོ་ཐུབ་བམ།

    ༢ འཇམ་དབྱངས་ནོར་བུ་སོགས་མི་ཁ་ཤས་ཀྱི་སློབ་སྟོན་འོག་ཕྱིན་ནས། བོད་མི་རིགས་གནས་དགོས་པའི་སྙིང་དོན་”བོད་ཀྱི་སྐད་ཡིག་དང་རིག་གནས་མི་ཉམས་རྒྱུད་འཛིན་བྱ་རྒྱུ་འཐབ་རྩོད་ཀྱི་དཀྱིལ་སྙིང་དང་གཙོ་བོར་”མི་འཇོག་པའི་ད་ལྟའི་བྱེད་སྟངས་འདི་རིགས་ལ་འགྱུར་བ་གཏོང་རྒྱུའི་གསལ་བསྒྲགས་ཁ་གསལ་གཏིང་གསལ་ཞིག་བྱེད་འདོད་ཡོད་དམ་མེད།
    ༣ རང་བཙན་འཐབ་རྩོད་པའི་མགོ་ཁྲིད་རང་ངོས་ནས་དབུ་བརྩམས་ཏེ་བོད་ཀྱི་རིག་གནས་དཀྱིལ་སྙིང་ཡིན་པའི་མདོ་དབུས་ཁམས་གསུམ་སྐྱིད་མཉམ་སྡུག་མཉམ་གྱི་རང་བཙན་ཞིག་གི་ཆེད་ལུས་སྲོག་ལོངས་སྤྱོད། བཟའ་ཟླ་བུ་ཕྲུག ཁེ་ཕན་གཏམ་གྲགས་མཆིལ་མ་བཞིན་འདོར་དགོས་ཀྱང་འདོར་ཐུབ་པ་དང། འདོར་ཐུབ་མཁན་གྱི་གྲངས་འབོར་མང་དུ་གཏོང་བའི་ཚད་ལྡན་གྱི་སྒྲིག་འཛུགས་ཤིག་བསྐྲུན་རྒྱུའི་ནུས་པ་ཡོད་དམ་མེད།
    ༤ རྒྱལ་སྤྱི་དང། རྒྱ་ནག་གི་ད་ལྟའི་ཆབ་སྲིད་ཁྲོམ་རྭའི་ནང་གི་འབྲེལ་ལམ་ནས་རང་རེའི་གནས་བབ་ལ་དཔྱད་དེ། དབུ་མའི་ལམ་ལས་རང་བཙན་གྱི་ལམ་དུ་ཕྱིན་པ་ཡིན་ན། བོད་མི་རིགས་ཀྱི་མདུན་ལམ་ཐད་འགན་འཁུར་ཐུབ་ངེས་ཀྱི་གདེང་ཚོད་དང་སྤོབས་པ་གཉིས་ཀ་གསལ་བསྒྲགས་ཀྱི་ལམ་ནས་སྤེལ་ཐུབ་དང་མི་ཐུབ་བཅས་གནད་དོན་ཆེ་ཁག་བཞི་ལ་ལན་འདེབས་དངོས་གནས་ཤིག་རྙེད་དང་མི་རྙེད་ལ་དཔྱད་ཞིབ་བྱས་རྗེས།

    གཞོན་ནུའི་སྒྲིག་འཛུགས་འདི་དང་འདིའི་ལངས་ཕྱོགས་མི་མཐུད་གནས་དགོས་དང་མི་དགོས་ཐག་གཅོད་བྱས་ན་བོད་སྤྱི་ལ་ཕན་ཐོག་ངེས་ཅན་ཞིག་ཡོང་གི་ཡོད་པར་ངས་ཇུས་གཏོགས་བྱེད་བཞིན་ཡོད་ལ། གལ་སྲིད་འཐབ་རྩོད་ཀྱི་ནུས་ཤུགས་ཐད་སྔར་ལམ་ལྟར་འགྲོ་རྒྱུའི་འཆར་སྣང་འཛིན་པ་དང། མང་གཙོ་ཁ་ལ་འཁྱེར་ནས་ལྟ་བ་གཞན་ཞིག་དགོས་ཀྱི་ཡོད་པའི་རྨོངས་དད་དམ་འཛིན་བྱ་རྒྱུ་ཡིན་ཚེ་བོད་མི་རིགས་ཀྱི་མདུན་ལམ་ནང་ཕན་འབྲས་ཏིལ་འབྲུ་ཙམ་ཡང་མི་ཡོང་བ་ཚོད་དཔག་ཐུབ་པ་ཞིག་རེད་ལ། གང་ལྟར་ཚོགས་མི་ཚོས་གནད་འགག་གི་སྐབས་བསམ་བློ་གཟབ་ནན་གཏོང་དགོས་པ་དང། ད་ལྟའི་ལས་འཆར་དང་དཔལ་འབྱོར་གྱི་གནས་བབ། དམིགས་བསལ་ཚོགས་མིའི་གྲངས་འབོར། སྤྱི་ཚོགས་ཀྱི་ངོས་འཛིན་བཅས་ལ་རང་ངོ་འཕྲོད་པ་གནང་སྟེ་ལམ་ཁ་མ་ནོར་བ་ཞིག་འདེམས་རྒྱུ་ནི་གལ་ཆེན་རེད་འདོད་པས། ངས་ཇུས་གཏོགས་ཐུང་ཙམ་འདི་ལ་རྣ་བ་ཅུང་ཙམ་གཏད་རྗེས་ཤོག་རུལ་ཁྲོད་ཤར་ཤར་གཡུག་རོགས།།

    ༢༠༡༣། ༥། ༢༦། ཉིན།

    Reply
  15. བཙན་ནག་པས། says:
    ལོ་ 12 སྔོན།

    མི་སུམ་ཅུར་བསམ་སུམ་ཅུ་དང་མཛོ་སུམ་ཅུར་རྭ་དྲུག་ཅུ་ཟེར་བའི་དཔེ་ཇི་བཞིན་མདོང་དམར་བ་ཚང་ལ་ཡང་ཚོགས་པ་མང་པོ་ཡོད་མོད་ཀྱི་ཐམས་ཅད་ལྟ་གྲུབ་གཅིག་ཡིན་དགོས་ཟེར་ན་ཡོངས་ཐམས་རྩ་བ་ནས་མེད། དེ་བས་ཀྱང་སྔར་ནས་ད་བར་མ་གྲོས་བསམ་པ་གཅིིག་མཐུན་ཞེས་རང་འགོ་རང་བསྐོར་བའི་ལས་ཀ་བྱེད་རྒྱུ་མང་དྲག་སོང་བསམ། གཞོན་ནུའི་ལངས་ཕྱོགས་ནི་ངེས་པར་བསྲ་བརྟན་དགོས་བཙན་པོའི་གདུང་རྒྱུད་ཡིན་ན་སྙིང་སྟོབས་དང་སྤོབས་པ་ལྡན་པ་ཞིག་དགོས་གཞིས་བཞུགས་དཔའ་བོ་དཔའ་མོ་དག་ལ་གཟིགས་ཞིག

    Reply
  16. གསེར་འབྲུག་སྡེར་ལྔ་ says:
    ལོ་ 12 སྔོན།

    ཀརྨ་རྡོ་རྗེ་ལ་དྲི་བ་གཉིས་ཡོད། འོ་ན་རང་བཙན་ཞེས་པའི་ཚིག་འབྲུ་འདི་ཁ་ནས་བཏོན་ཆོག་པ་རེད་མ་ཆོག་པ་རེད། བཙན་བྱོལ་སྒྲིག་འཛུག་གཞུང་འདི་སྤྱི་བདག་རེད་ཡང་ན་སྒེར་བདག་ཅན་ལ་གྱུར་ཚར་བ་རེད། དེས་ན་ཁྱོད་ལ་རང་བཙན་ཞེས་པའི་མི་རིགས་ལྷན་སྐྱེས་རང་བཞིན་གྱི་ཐོབ་ཐང་འདི་གུང་ཁྲན་ལས་ཀྱང་མི་དགའ་བ་དང་མི་འདོད་པ་བྱེད་དགོས་པའི་རྒྱུ་མཚན་ཅི་རེད།

    Reply
  17. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    རང་བཙན་ཁ་ལ་འཁྱེར་ནས། བོད་མིའི་སྒྲིག་འཛུཊ་ཀྱི་ལས་དོན་ལ་གཞོགས་་འདེགས་བྱ་རྒྱུའི་དམ་བཅའ་ཡོད་ཟེར་བ་དེ་ཡང་། ཁ་དང་ཚིག་ཙམ་དུ་མི་འགྲོའམ། ལགས།

    Reply
  18. མངའ་རིས་འཕྲིན་ལས། says:
    ལོ་ 12 སྔོན།

    བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཚོགས་ཐུབ་པ་དེར་མཚམས་འདྲི་ཞུ་རྒྱུ་ཡིན། ད་རེ་ཚོགས་ཆེན་དེའི་སྟེང་ནས་༧གོང་ས་མཆོག་གི་ཐུགས་དགོངས་དང་མཐུན་པ་འཚེ་མེད་ཞི་བའི་ཐོག་མུ་མཐུད་ནས་ཆབ་སྲིད་ལྟ་གྲུབ་བརྟན་པོའི་ངང་བོད་མི་རིགས་ཀྱི་བདེན་དོན་ཆེད་གཞོན་ནུའི་ལས་འགུལ་ལ་ནམ་ཡང་འགལ་རྐྱེན་མི་འབྱུང་བའི་རེ་བ་དང་འབོད་བསྐུལ་ཞུ་རྒྱུ་ཡིན།

    Reply
  19. འཇམ་བཟང་། says:
    ལོ་ 12 སྔོན།

    རང་བཙན་དང་དབུ་མ་གཉིས་ནི་ང་ཚོ་བོད་ལ་མེད་ཐབས་མེད་པའི་ལམ་ཁ་གཉིས་ཡིན། འོན་ཀྱང་ངས་ནི་རང་བཙན་རྩོད་གི་ཡོད། གང་ཡིན་ཟེར་ན། ང་ལ་རང་དབང་དང་བདེ་སྐྱིད་དགོས། མ་ཚད་ངས་ཡབ་མེས་ཀྱི་བཞག་པའི་གཞིས་ཁྱིམ་དྲོན་མོ་དེ་གཞན་ལ་སྤྲད་འདོད་མེད་ལ། མ་འོངས་པའི་མི་རབས་འདི་གཞན་གྱིས་གཉའ་གནོན་དང་སྡུག་རྩུབ་འོག་ལ་འགྲོ་ཅི་འདོད་མེད། བོད་རང་བཙན། འདི་ནི་ངས་སེམས་གཏིང་གི་སྐད་ཆ་ཡིན། ཡིན་ན་ཡང་ལམ་དབུ་མ་ལ་ངོ་རྒོལ་བྱེད་གི་མེད། གོ་ནོར་མ་ཐེབས་རོགས།

    Reply
  20. མངའ་རིས་འོད་ཟེར། says:
    ལོ་ 12 སྔོན།

    དབུས་བོད་མིའི་སྒྲིག་འཛུགས་ལ་གཞོགས་འདེགས་བྱེད་ཀྱི་ཡོད་པ་དང་ཡིན་ལབ་འདིས་ཀྱང་དབུས་བོད་མིའི་སྒྲིག་འཛུགས་མ་བིན་བཟོ་ཡི་ཡོད་པ་རེད། སྐད་ཆ་འདི་ནི་དེ་སྔ་རང་བཙན་ཞལ་འདེབས་བསྡུས་ཏེ་དབུས་སྒྲིག་འཛུགས་ལ་ཕུལ་གྱི་ཡིན་ལབ་པའི་སྨྱོ་བཤད་དེ་དང་གཅིག་པ་ཆགས་ཡོད་པ་རེད། སོང་ཙང། ད་སྒོ་རྒྱབ་བཞག་ན་ཡག་ས་རེད།།

    Reply
  21. རྭ་ལོ། says:
    ལོ་ 12 སྔོན།

    ཕྱོགས་གཞན་ནས་བཤད་ན། རྒྱལ་བ་རིན་པོ་ཆེ་ཚང་གི་ཐུགས་དགོངས་དཀྲུག་མཁན་ནི་དབུ་མའི་ལམ་གྱི་ལས་འགུལ་བ་དེ་ཚོ་རེད། ས་གང་ལ་སོང་ནས་ཆབ་སྲིད་ཀྱི་ལས་འགུལ་ཅི་ཞིག་སྤེལ་ན་རྒྱལ་བ་རིན་པོ་ཆེ་ཚང་གི་མཚན་དྲངས་ཡོང་གི་རེད། བྱེས་ཀྱི་བོད་རིགས་ཚོའི་ནང་ན་དབུ་མའི་ལམ་གྱི་དགོངས་དོན་རྟོགས་མེད་མཁན་ཧ་ལམ་མེད་ན་ཡང་། ཁོང་ཚོས་རབ་རིབ་དང་མག་མོག་ཅིག་བཤད་ཅིང་། ཞོར་དུ་འཁོན་དཀྲུག་གི་སྐད་ཆ་མང་པོ་བཤད་དེ་སྤྱི་ཚོགས་ལྷིང་འཇགས་མེད་པ་བཟོ་གི་ཡོད་པ་རེད། དེ་བཞིན་དུ། རང་བཙན་རྩོད་མཁན་གྱི་སྲིད་དོན་དཔྱད་བརྗོད་པ་དེ་དག་གིས་ཀྱང་རྒྱལ་བ་དགོངས་པ་ཅི་ཡིན་གྱི་ལབ་བརྡོལ་མང་ཙམ་བྱེད་ཀྱིན་ཡོད་པ་རེད། གོ་ལོག་དང་བརྡ་ལོག་ཀྱང་ཞོར་ན་ཆད་མེད་རེད། འདི་དག་གི་དབང་གིས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སླར་ཡང་གསལ་བཤད་གནང་དགོས་འཁེལ་བ་རེད། གསལ་བཤད་དེ་གོ་སྐབས་ལ་བཟུང་ནས་དབུ་མའི་ལས་འགུལ་བ་ཚོ་སླར་ཡང་ཕ་རོལ་བ་ཚོའི་སྟེང་རྒྱུག་གིན་འདུག ད་ཆོ་ག་རེ་འདུག

    Reply
  22. ཧོར་བུ་ཡེ་ཤེས says:
    ལོ་ 12 སྔོན།

    ལྟ་བ་ཅི་ཡིན་རུང་མདོ་ན་བོད་མི་རིགས་ལ་འགྲོ་བ་མི་ཡི་ཐོབ་ཐང་རག་ཐུབ་དགོས་པ་རེད།དེ་ཡོང་རྒྱུ་མེད་པར་ནང་ཁུལ་དུ་ཁྱོད་དང་ང་ཞེས་རྩོད་སྡོད་ན་དགྲ་བོ་ཁུངས་དགོད་བྱེད་པའི་ཡུལ་རེད།ཀླད་མེད་དང་དཀྲུག་གཞི་བ་ལ་གོ་སྐབས་ཡག་པོ་ཞིག་རག་ཡོད་པ་རེད །ཚོགས་པ་ལ་རག་མི་ལས་གཙོ་བོ་ང་རང་ཚོའི་ནང་ཁུལ་དུ་ཕྱོགས་ཞེན་དང་གསར་རྙིང་མ་ཟད་། ཕྲ་དོག་དང་མིག་སེར་སོགས་དོར་ནས་གཅིག་གྱུར་ཨ་ལོང་གི་དམ་ཚིག་ཡོང་ཐབས་ལ་བརྩོན་དགོས།གཅིག་གྱུར་ཡོང་མ་ཐུབ་ན་ཚོགས་པ་གཅིག་ལས་མེད་ཀྱང་ཕན་ཐོག་མེད་པ་འདས་པའི་ལོ་རྒྱུས་ལ་གསལ།

    Reply
  23. ཧོར་བུ་ཡེ་ཤེས says:
    ལོ་ 12 སྔོན།

    ལྟ་བ་ཅི་ཡིན་རུང་མདོ་ན་བོད་མི་རིགས་ལ་འགྲོ་བ་མི་ཡི་ཐོབ་ཐང་རག་ཐུབ་དགོས་པ་རེད།དེ་ཡོང་རྒྱུ་མེད་པར་ནང་ཁུལ་དུ་ཁྱོད་དང་ང་ཞེས་རྩོད་སྡོད་ན་དགྲ་བོ་ཁུངས་དགོད་བྱེད་པའི་ཡུལ་རེད།ཀླད་མེད་དང་དཀྲུག་གཞི་བ་ལ་གོ་སྐབས་ཡག་པོ་ཞིག་རག་ཡོད་པ་རེད །ཚོགས་པ་ལ་རག་མི་ལས་གཙོ་བོ་ང་རང་ཚོའི་ནང་ཁུལ་དུ་ཕྱོགས་ཞེན་དང་གསར་རྙིང་མ་ཟད་། ཕྲ་དོག་དང་མིག་སེར་སོགས་དོར་ནས་གཅིག་གྱུར་ཨ་ལོང་གི་དམ་ཚིག་ཡོང་ཐབས་ལ་བརྩོན་དགོས།གཅིག་གྱུར་ཡོང་མ་ཐུབ་ན་ཚོགས་པ་གཅིག་ལས་མེད་ཀྱང་ཕན་ཐོག་མེད་པ་འདས་པའི་ལོ་རྒྱུས་ལ་གསལ།

    Reply
  24. རྭ་ལོ། says:
    ལོ་ 12 སྔོན།

    རྒྱལ་བ་རིན་པོ་ཆེ་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་ཡོངས་སུ་རྩིས་སྤྲོད་གནང་ཚར་བ་རེད། ད་ནི་སྲིད་སྐྱོང་བར་སྲིད་དོན་གྱི་གཟིགས་རྒྱང་ཅི་ཞིག་ཡོད་ན་དེར་ལྟ་དགོས་པ་ལོས་ཡིན། གནད་དོན་ཆེ་ཕྲ་ཡོངས་རྫོགས་ཕྱིར་ཁོང་གི་སྟེང་ནས་ཚུར་འགྲེལ་བཤད་བཙལ་ན་འགྲིག་གི་མ་རེད། ཡིན་ཡང་། ཁ་སང་དེ་རིང་གི་གནས་སྟངས་ལ་བལྟས་ན་རྒྱལ་བ་རིན་པོ་ཆེ་ཚང་གི་བགྲེས་ཡོལ་ལ་བོད་མི་ཚོས་ངོས་ལེན་བྱས་མེད་པ་མ་ཟད། སྲིད་ཀྱི་བྱ་བ་མཐའ་དག་སླར་ཡང་ཁོང་གི་སྟེང་ལ་འགེལ་གྱིན་འདུག གྲོས་ཚོགས་ར་བ་དང་སྤྱི་ཚོགས་ནང་ནས་དེ་ལྟར་རེད། རྡ་ས་སྔར་གྱི་རྡ་ས་དེ་ག་རང་ཡིན་པ་ལས་སྲིད་ཀྱི་ཐུགས་འགན་རྩིས་སྤྲོད་ཀྱི་ཕྱོགས་ལ་འགྱུར་བ་ཅི་ཡང་ཕྱིན་མེད་པ་གསལ་བོ་རེད།

    Reply
  25. རྭ་ལོ། says:
    ལོ་ 12 སྔོན།

    བོད་པ་ལས་ངན་ཚོ། དབུ་མ་དང་རང་བཙན་གཉིས་ཀས་གྲུབ་འབྲས་ཅི་ཡང་མེད་པའི་གྲུབ་འབྲས་ཤིག་རྩོད་ཀྱིན་འདུག ད་ནི་བོད་ནང་གི་བོད་མི་ཚོའི་བདེ་སྡུག་ལ་བསམས་ནས་མ་གཞི་ནས་ཕྱི་ལོག་གི་སྒྲིག་འཛུགས་གང་ཡིན་རུང་གཏོར་རན་རེད། བོད་ནང་གི་བོད་མི་ཚོར་རེ་བ་སྟོང་བ་དེ་ཕྱོགས་གང་ནས་ཀྱང་མ་སྟེར།

    Reply
  26. ཉི་མ་རྒྱལ་མཚན། says:
    ལོ་ 12 སྔོན།

    བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚགས་ཆེན་སྔོན་མ་ཁག་རྡ་སྟེང་བོད་ཁྱིམ་ཚོགས་ཁང་དུ་ཚོགས་བཞིན་ཡོད་ཀྱང་། ད་ལོ་བོད་ཁྱིམ་གྱིས་གཞོན་ནུ་ལ་ཚོགས་ཁང་གཡར་ཡོད་པ་མ་རེད་ཟེར། ད་རེས་ཀྱི་གཞོན་ནུའི་ཚོགས་ཆེན་དེ་སྔར་རྒྱུན་བཞིན་ཕྱི་ཟླ་༩ ་པའི་ནང་ཚོགས་མ་ཐུབ་པར་སྔ་སྣུར་བྱེད་དགོས་དོན་ནི་ས་གནས་གཞོན་ནུའི་རྒྱུན་ལས་མང་པོ་ཞིག་གིས་དབུས་རྒྱུན་ཚོའི་ལས་དོན་བྱེད་ཕྱོགས་ལ་ངོ་རྒོལ་བྱས་ཏེ་གཞོན་ནུའི་ཚོགས་མི་ལས་ཕྱིར་འཐེན་བྱ་རྒྱུ་ཡིན་ཟེར་བའི་དབང་གིས་ཡིན་འདུག འདི་དག་ངོ་མ་ཐབས་སྐྱོ་བོ་རེད། མང་ཚོགས་ནང་རྣམ་འགྱུར་འདི་འདྲ་ཞིག་འཐོན་གྱི་ཡོད་པ་དེར་ཏན་ཏན་རྒྱུ་མཚན་ཆེན་པོ་ཡོད་རེད། ད་རེས་གཞོན་ནུའི་དབུས་རྒྱུན་རྣམ་པའི་བྱ་སྤྱོད་ལ་ནོར་འཁྲུལ་ག་རེ་ཤོར་གྱི་ཡོད་མེད་ད་རེས་གསལ་བོ་བཟོ་དགོས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese