མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ག་ལེར་ཡག་པོ་ཡོང་གི་རེད་སྙམ།

བོད་ཀྱི་དུས་བབ།
༢༠༡༣/༠༥/༢༨
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་གཞོན་ནུ་ལྷན་ཚོཊ་ཀྱི་ཚོགས་ཆེན་ཐེངས་ ༡༥ པའི་ཉིན་དང་པོར་གཞོན་ནུའི་རང་བཙན་ལངས་ཕྱོགས་ལ་འགྱུར་བ་གཏོང་དགོས་མིན་ཐོག་བགྲོ་གླེང་གནང་ཡོད་པ་ལྟར། དེ་རིང་སྔ་དྲོར་འདི་གའི་གསར་འགོད་པས་ཚོགས་ཞུགས་པ་འགར་བསམ་ཚུལ་དྲིས་ཡོད།

ཨ་རིའི་ནའེ་ཡོག་ནེའུ་ཇར་སི་ས་རྒྱུན་ཚོགས་གཙོ་འཕྲིན་ལས་སྐལ་བཟང་ལགས་ཀྱིས་བརྗོད་དོན། “ ཁ་སང་ཉིན་དང་པོར་ཚོགས་འདུ་སྔ་སྣུར་དང་འབྲེལ་བའི་གནད་དོན་ཐད་སྐད་ཆ་མདོར་བསྡུས་ཤིག་བྱུང་སོང་། ཡིན་ནའང་ད་དུང་ཐག་གཅོད་གང་ཡང་བྱུང་ཐུབ་ཡོད་པ་མ་རེད། ད་དུང་ཉིན་ལྔ་ཙམ་ལྷག་ཡོད་སྟབས། ག་ལེར་ག་ལེར་ཡག་པོ་ཡོང་བའི་ཡིད་ཆེས་བྱེད་ཀྱི་ཡོད། ད་ལྟའི་ཆར་ལངས་ཕྱོགས་ལ་འགྱུར་བ་གཏོང་མིན་ཐོག་སྐད་ཆ་བྱུང་མེད་པས་དམིགས་བསལ་ཞུ་རྒྱུ་མེད་ཀྱང་། ༧རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དེ་ང་ཚོའི་ནོར་བུ་ལྟ་བུ་ཡིན་སྟབས། ང་ཚོ་སུ་འདྲ་ཞིག་ཡིན་རུང་ཁོང་གི་བཀའ་ལ་ཞིབ་འཇུག་དང་རྩད་གཅོད་ཡག་པོ་བྱེད་དགོས་པ་རེད་དྲན་གྱི་འདུག  ང་ཚོ་བོད་ཀྱི་གནད་དོན་དེ་ཡག་པོ་ཆགས་དགོས་ཀྱི་ཡོད་ན། ༧རྒྱལ་བ་ཪིན་པོ་ཆེ་མཆོག་གི་བཀའ་བརྩི་དགོས་པ་རེད་བསམ་གྱི་ཡོད”ཅེས་བརྗོད་སོང་།

མན་ཌི་རྫོང་ཁོངས་སྦོན་ཊིར་ས་རྒྱུན་ཚོགས་གཙོ་བསོད་ནམས་བསྟན་འཛིན་ལགས་ཀྱིས། “ ང་ཚོ་ས་གནས་ནས་ཀྱིས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་བརྩིས་ཏེ།  གཞོན་ནུས་རང་བཙན་བརྩད་ན་ཏག་ཏག་བསྡད་ཀྱི་མི་འདུག་གསུང་གི་འདུག་ལ། ང་རང་སྒེར་ངོས་ཀྱང་༧རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་བརྩིས་ནས་དབུ་མའི་ལམ་ལ་འགྲོ་ཐུབ་ན་བསམ་གྱི་འདུག ཡིན་ནའང་། ད་ལྟ་ལངས་ཕྱོགས་ལ་འགྱུར་བ་འགྲོ་མིན་དེ་ཚོགས་འདུ་འགྲོ་བཞིན་པ་ཡིན་དུས། ཚོགས་འདུ་ཚར་བ་དང་གསལ་བོ་ཧ་གོ་ངེས་རེད། དེ་སྔའི་ཕྱག་ལས་གནང་ཕྱོགས་ཀྱི་ཐད་ནས་རང་བཙན་གྱི་དོན་དུ་ལས་འགུལ་རབས་དང་རིམ་པ་མང་པོ་ཞིག་སྤེལ་ཡོད་སྟབས་འཐུས་ཤོར་སོང་ཡོད་པ་རེད་དྲན་གྱི་འདུག ” ཅེས་བརྗོད་སོང་།

མན་པ་ཊི་ས་རྒྱུན་དངུལ་གཉེར་སྐལ་བཟང་གཡུ་སྒྲོན་ལགས་ཀྱིས་བརྗོད་དོན། “ལས་ཀ་བྱས་ན་ནོར་འཁྲུལ་ཡོང་གི་རེད། གཞོན་ནུས་ལས་ཀ་བྱས་པ་ལ་བརྟེན་ནས་༧རྒྱལ་བ་རིན་པོ་ཆེ་མཆོག་གི་ལྷ་དགོངས་དཀྲིགས་པ་རེད། ༧རྒྱལ་བ་རིན་པོ་ཆེ་མཆོག་གིས་གཞོན་ནུ་དང་མི་ཁ་ཤས་ཀྱིས་གསུངས་ནས་བཀའ་རིམ་པ་མང་པོ་ཕེབས་ཡོད་པ་རེད། གལ་ཆེ་ཤོས་ཤིག་ལ་ལྷ་དགོངས་དཀྲིགས་པའི་ནོར་འཁྲུལ་དེར་ང་ཚོས་ངོས་ལེན་ཞུས་ཏེ། དགོངས་སེལ་ཞུ་རྒྱུ་གཏན་འཁེལ་བ་རེད” ཅེས་བརྗོད་སོང་།

ས་ལི་སྒར་ས་རྒྱུན་ཚོགས་གཙོ་ཟླ་བ་རྒྱལ་པོ་ལགས་ཀྱིས། “ ལངས་ཕྱོགས་ཟེར་བ་དེར་འགྱུར་བ་གཏོང་རྒྱུ་ཡོད་པ་མ་རེད། དེ་འགྱུར་བ་གཏོང་བར་བགྲོ་གླེང་དང་སྦྱང་བཤད་མང་པོ་དགོས་ལ། འགྱུར་བ་གཏོང་སའི་ས་ཆ་ཞིག་ཀྱང་དགོས་པ་རེད།  གཞོན་ནུ་ལྷན་ཚོགས་དེ་མི་རབས་ནས་མི་རབས་ཀྱི་གཞོན་སྐྱེས་ཚོས་སློབ་སྦྱོང་བྱེད་སའི་སྡིངས་ཆ་ཞིག་ཆགས་བསྡད་ཡོད་སྟབས།  ལམ་སང་འགྱུར་བ་གཏོང་རྒྱུ་ལས་སླ་བོ་རྩ་བ་ནས་ཡོད་པ་མ་རེད། འོན་ཀྱང་། འགྱུར་བ་གཏོང་མི་ཆོག་པ་མ་རེད། སྐབས་དང་དགོས་པ་བྱུང་ན་ཆབ་སྲིད་ཀྱི་ལས་ཀ་ལ་བརྐྱང་སྐུམ་མང་པོ་ཡོད་པ་རེད། ” ཅེས་བརྗོད་སོང་།

འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༡༧ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༡༩ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

མཆན། 8

  1. སེམས་བཟང་། says:
    ལོ་ 12 སྔོན།

    ༡ ཚོགས་ཐོག་ཏུ་གཞོན་ནུའི་ལངས་ཕྱོགས་ལ་འགྱུར་གཏོང་དགོས་མིན་གྱི་བསམ་ཚུལ་ཤུགས་ཆེན་ཚོགས་མིའི་ནང་ཐོན་གྱི་ཡོད་པ་འདི་ནད་འགག་ཞིག་རེད་འདོད། ངས་བལྟས་ན་ཕྱོགས་གཅིག་ནས་༸རྒྱལ་བར་དད་པ་དམ་ཚིག་དང་། ལྷ་ཡི་ལུང་བསྟན་སོགས་ལ་ཡིད་ཆེས་ཤུགས་དྲགས་པས་ཡིན་སྲིད་མོད། ཕྱོགས་གཞན་ཞིག་ནས་སོ་སོ་སྒེར་ལ་རང་བཙན་གྱི་ལངས་ཕྱོགས་བརྟན་པོ་མེད་པར་རྐང་པ་གཉིས་འཛུགས་བྱས་པས་རེད།
    ༢ གཞོན་ནུའི་ཚོགས་མི་ཞིག་ཡིན་ན་རང་ཉིད་ལ་བོད་རང་བཙན་རྒྱལ་ཁབ་སླར་གསོ་བྱེད་ཐུབ་པའི་གདེངས་ཚོད་དང་སྤོབས་པ་དེ་མ་མཐའ་ཡང་དགོས་ངེས་ཤིག་རེད་འདོད། ཚོགས་མི་ནང་དེ་ལྟ་བུའི་གཅིག་མཐུན་ཅན་གྱི་ལྟ་བ་དང་། ལངས་ཕྱོགས་བརྟན་པོ་མེད་པས་རྐྱེན་གྱི་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་པ་རེད།
    ༣ དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་མུ་མཐུད་དེ་ལམ་དབུ་མའི་སྲིད་བྱུས་བཟུང་ནས་བོད་མིའི་ཆོས་དང་རིག་གཞུང་སོགས་མྱུར་སྐྱོབ་ཆེད་འཐབ་རྩོད་བྱེད་ཀྱི་ཡོད་པ་རེད། ལྷག་པར་དུ་སྲིད་དབང་མི་མང་གི་བདམས་པའི་སྲིད་སྐྱོང་མཆོག་ལ་ཕུལ་བ་འདིས་རྒྱ་ནག་གཞུང་གི་བློ་ཡུལ་ན་ཡོད་པའི་ཏཱ་ལའི་བླ་མའི་གནད་དོན་དེ་བོད་ཀྱི་གནད་དོན་ཅན་དུ་གྱུར་པ་རེད། ༸གོང་ས་མཆོག་གི་གནང་སྟངས་འདིས་རྒྱ་ནག་གི་དཔོན་རིགས་ཚོ་བསམ་ཡུལ་ལས་འདས་ཏེ་རྒྱལ་སྤྱིའི་སྒང་བོད་ཀྱི་ནད་དོན་ཟེར་བ་ཞིག་མེད་པར་སྒྲུབ་ཐབས་སྣ་ཚོགས་བྱེད་ཀྱི་ཡོད་པ་རེད། དབུས་བོད་མིའི་སྒྲུག་འཛུགས་ལ་གྲོས་མོལ་གྱི་སྒོ་མོ་བྱེད་ཀྱི་མེད་པ་གནད་དོན་འདིའི་རྐྱེན་གྱིས་ཅི་ལ་མིན།
    ༤ ང་ཚོའི་འཐབ་རྩོད་བྱེད་དུས་མ་འགྲིག་ས་གཙོ་བོ་གཅིག་ཡོད་པ་ནི་ང་ཚོ་ལ་གཅིག་མཐུན་གྱི་ལངས་ཕྱོགས་མེད་པས་རེད། གཅིག་མཐུན་གྱི་ལངས་ཕྱོགས་ཤིག་གི་ཐོག་ནས་ང་ཚོས་འཐབ་རྩོད་བྱས་ཡོད་པ་ཡིན་ན་ང་ཚོའི་མཐོང་ལམ་ན་འབྲས་བུ་བཟང་པོ་ཞིག་མངོན་ཐུབ་ངེས་རེད། ཡིན་ནའང་ང་ཚོ་ལ་དེ་མེད། སྡུག་ས་ནས་བཤད་ན། ང་ཚོའི་སྐད་འབོད་སྐབས་སུའང་གཅིག་མཐུན་གྱི་འབོད་ཚིག་མེད། དཔེར་ན། སུམ་དུས་སྐད་འབོད་སྐབས། ལམ་དབུ་མར་འདོད་མཁན་གྱི་མི་མང་བརྒྱ་ཆ་མང་པོས “བོད་རང་བཙན་གཙང་མ་ཡིན། རྒྱ་མི་བོད་ནས་ཕར་རྒྱུགས་ཤིག” ཞེས་སྐད་འབོད་རྒྱུག་གི་ཡོད། མདོ་དོན། སྲིད་བྱུས་གཅིག་གི་འོག་ཏུ་ལངས་ཕྱོགས་གཅིག་དང་། འབོད་ཚིག་གཅིག་ཡོང་དགོས་ངེས་ཡིན། ཡིན་ནའང་ང་ཚོའི་སྲིད་བྱུས་ཁྱེར་སྟངས་དང་། མི་མང་གི་གོ་རྟོགས་སོགས་གང་ཅིའི་ནས་དེ་ལྟར་མ་ཡོང་བའི་གནད་འགག་དེ་ལ་རྣོ་བསམ་བཏང་སྟེ་མ་གྲོས་བསམ་པ་གཅིག་མཐུན་གྱི་འཐབ་རྩོད་བྱེད་སྟངས་ཤིག་ཁྱེར་ཡོང་ནས་ང་ཚོ་ལ་དགོས་པའི་རང་དབང་གི་ཉིན་མ་ཞིག་ཤར་ཐུབ་པར་ཚང་མས་འབད་བརྩོན་བྱེད་དགོས་ཀྱི་ཡོད་པར་འདོད་དོ།།

    Reply
  2. བོད་དགའ། says:
    ལོ་ 12 སྔོན།

    བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལང་ཕྱོགས་ལ་ཅིས་ཕྱིར་འགྱུར་བ་གཏོང་དགོས་སམ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་༸རྒྱལ་བའི་དགོངས་པ་ག་དུས་དཀྲུགས་པ་རེད། ལས་འགུལ་དང་བྱ་སྤྱོད་ཅི་ཞིག་གིས། གནའ་ནས་ད་བར་ཕྲུ་གུས་འཇའ་སྣེ་དེད་པ་བཞིན་ང་ཚོར་ནམ་ཡང་ཆབ་སྲིད་ཀྱི་ལང་ཕྱོགས་བརྟན་པོ་ཞིག་མེད་པ་འདི་འདྲ་གང་ཡིན་ནམ། ང་ཚོས་ཁ་ནས་སྲིད་ཕྱོགས་ཀྱི་སྐད་ཆ་འཆད་ཀྱང་ཡོད་ཚད་ཀྱི་མཇུག་དད་པ་དང་དམ་ཚིག་ཅིག་གིས་བསྡུ་དགོས་པ་འདི་གང་ཡིན་ནམ། ང་ཚོའི་སྤྱི་ཚོགས་ནང་གི་ཆབ་སྲིད་ཀྱི་ལྟ་སྒྲུབ་ཞིག་སྐྱོང་དགོས་ན་རྒྱལ་བའི་དམ་ཚིག་དང་བླ་ལྷའི་བཀའ་དབང་དེ་ཨང་དང་པོ་ཅིས་ཕྱིར་འཛིན་དགོས་སམ། འདི་ལྟ་བུའི་ལྟ་སྒྲུབ་དེ་ལ་ཡང་དག་པའི་མང་གཙོ་དང་ཆབ་སྲིད་ཀྱི་ལྟ་སྒྲུབ་ཟེར་རམ་ཡང་ན་ཆོས་ཉམས་ལེན་གྱི་ལྟ་སྒྲུབ་ཟེར།
    ཕྱི་ལོ་ ༡༩༤༦ ཡས་མས་ནས་རྒྱ་གཞུང་གིས་ངན་སེམས་བསྐྱངས་པ་དེའི་མཇུག་འབྲས་ང་ཚོར་ཡང་དག་པའི་ཆབ་སྲིད་ཀྱི་ལྟ་སྒྲུབ་སྲ་བརྟན་ཞིག་མེད་སྟབས་མཐར་ ༡༩༥༩ ནང་བོད་ས་ཡོངས་རྫོགས་རྒྱ་འོག་ཏུ་ཤོར་བ་མ་ཡིན་ནམ། ༸རྒྱལ་བའི་དགོངས་གཞི་སྒྲུབ་རྒྱུ་ཨང་དང་པོ་དེ་བོད་མི་མི་རེའི་ངོ་ནས་བོད་དོན་འཐབ་རྩོད་བྱེད་རྒྱུ་དེ་མིན་པར་ཚོགས་པས་ཚོགས་པ་རྩ་གཏོར་གཏོང་རེས་ཀྱིས་བོད་མའི་ནང་འཁུལ་འགལ་ཟླ་བཟོ་རྒྱུ་འདི་དག་ཡིན་ནམ། གལ་སྲིད་བོད་ཀྱི་གཞོན་ནུ་ལྷན་ཚོགས་དེ་སྒོ་རྒྱག་སྟེ་ཚོགས་མི་ཡོད་ཚད་དབུ་ལམ་དུ་ཤར་སྐྱོད་བྱ་ནུས་ཚེ། དེའི་མཇུག་འབྲས་རྒྱ་ནག་གཞུང་གིས་ད་གྲོས་མོལ་བྱེད་ཀྱི་ཡིན་ད་ཟེར་སྲིད་དམ། ཀྲུང་ཧྭ་མི་མང་སྤྱི་འཐུས་རྒྱལ་ཁབ་ཟེར་བའི་མི་མང་དུང་ཕྱུར་བཅུ་གསུམ་ཙམ་གྱི་བདག་པོ་འདི་ཡང་དག་པའི་མང་གཙོའི་ལམ་ཞིག་མ་ཆགས་པའི་གོང་དུ་ང་ཚོར་དབུ་ལམ་ལ་བསྟེན་ནས་བོད་ཀྱི་དཀའ་བརྙོག་སེལ་ཐུབ་པའི་གདེངས་ཚོད་ཡོད་དམ། གལ་སྲིད་ཡོད་ན་ད་ལྟའི་དམར་པོའི་གཞུང་འཛིན་པ་ཚོའི་བསམ་བློར་འགྱུར་བ་འགྲོ་དགོས་སྟབས་དེ་ག་དུས་འགྲོ་རྒྱུ་རེད། གང་འདྲ་ཞིག་བྱ་ནས། མང་གཙོ་མ་ཡིན་པའི་རྒྱུ་རྐྱེན་གང་ཞིག་ལ་བརྟེན་ནས་འགྱུར་བ་འགྲོའམ།
    ལོ་རྒྱུས་རང་བཞིན་ལྡན་པའི་བོད་རང་བཙན་གྱི་འཐབ་རྩོད་དེར་བོད་པ་ཁོ་ན་ཙམ་མིན་པར་འཛམ་གླིང་ཡུལ་གྲུ་ཀུན་ཏུ་རྒྱལ་ཁབ་གཞན་དག་གི་མི་མང་འབུམ་ཕྲག་དུ་མས་དུས་ནས་དུས་སུ་སྲང་ལམ་དུ་ཐོན་ཏེ་སོ་སོའི་རང་སྐད་ཐོག་ཏུ་བོད་རང་བཙན་ཡིན། བོད་ནང་དུ་འགྲོ་བ་མི་ཡི་ཐོབ་ཐང་དགོས་ཟེར་བ་ལས་གཞན་པའི་འབོད་ཚིག་ཞིག་མི་སྒྲོག་པ་འདི་ཅི་ཡིན་ནམ། ཁོ་ཚོས་བོད་པས་ལྟ་སྒྲུབ་གཞན་ཞིག་རྩོད་ཀྱིན་ཡོད་པ་མི་ཤེས་པ་ཡིན་ནམ། མི་མང་དེ་དག་ལ་ལོ་ངོ་ལྔ་བཅུ་དང་དྲུག་ཅུའི་རིང་གཞོན་ནུས་རྒྱུད་བསྐུལ་བྱས་པ་ཡིན་ནམ་ཡང་ན་ལོ་རྒྱུས་རང་བཞིན་ལྡན་པའི་བོད་རང་བཙན་གྱི་འཐབ་རྩོད་དེར་ཁོ་ཚོས་རང་ངོས་ནས་རྒྱབ་སྐྱོར་བྱེད་པ་ཡིན། ང་ཚོས་ནམ་ཡང་ཕྱི་ཡི་རྒྱལ་ཁབ་ཁག་ནས་རོགས་རམ་བཙལ་དང་འཚོལ་བཞིན་པ་དང་། ཁོ་ཚོས་ཀྱང་ཆས་སྲིད་དང་དཔལ་འབྱོར་གང་ཅིའི་ཐད་ནས་རོགས་རམ་སྤྲད་དང་སྤྲོད་བཞིན་པ་ཁག་ལས། ལྷག་དོན་ཆབ་སྲིད་ཀྱི་རྒྱབ་སྐྱོར་འདི་དག་དབུ་མའི་ལམ་ཁོ་ནར་བསྟེན་ནས་བྱུང་བ་ཡིན་ནམ་ཡང་ན་འཐབ་རྩོད་དེ་གཉིས་ཀའི་ཐོག་ནས་བྱུང་བ་ཞིག་རེད། ཡང་ན་ཁོ་ཚོར་བོད་དོན་ལ་འཛིན་པའི་ལྟ་སྒྲུབ་ཅི་ཡང་མེད་ཁར་ནམ་ཡང་འཐོབ་རྒྱུ་མེད་པའི་གང་ཚོད་དུ་རྒྱ་གཞུང་ལ་ངོ་རྒོལ་དང་སྐད་འབོད་བྱེད་ཀྱིན་པ་ཡིན་ནམ།
    གལ་སྲིད་ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་ཡིག་ཆ་དང་དེའི་མཆན་འགྲེལ་སོགས་ལྟར་ན། བོད་ལ་དེ་འདྲའི་རང་སྐྱོང་དེ་རག་པ་ནས་བཟུང་བོད་མི་སྤྱི་བོ་གནམ་སྟན་ཡོངས་རྫོགས་ཀྱིས་དམར་པོའི་ལྟ་སྒྲུབ་དང་ཏང་ལ་ཡིད་ཆེས། ཏང་གླུ་ལེན་བཞིན་མེས་རྒྱལ་སྲུང་སྐྱོབ། དེ་སྔོན་རྒྱ་གཞུང་གིས་བོད་མི་ས་ཡ་གཅིག་ཙམ་བསད་པ་དང་། ད་དུང་ཡང་གསོད་དང་འཛིན་བཞིན་པ་རྣམས་ལ་ཁོངས་འགྲས་དང་ཞེ་སེམས་གང་ཡང་མེད་ཟེར་དགོས་སམ། ཡང་ན་སྐབས་དེ་དུས་ཆོལ་ཁ་གསུམ་ལ་རྒྱ་གཞུང་གིས་དམིགས་བསལ་མང་གཙོའི་ལྟ་སྒྲུབ་ཞིག་སྐྱོང་དུ་འཇུག་པར་མ་ཚད། ང་ཚོས་ཀྱང་སྐབས་དེར་གངས་ཅན་པའི་དཔའ་བོ་དཔའ་མོ་དང་མེས་པོ་ཚོར་དུས་ནས་དུས་སུ་རྗེས་དྲན་ཞུ་རུ་འཇུག་རྒྱུ་ཡིན།
    དུས་རབས་ཉེར་གཅིག་པའི་མང་གཙོ་དང་རང་དབང་གི་ས་སྒང་ཆེན་པོ་འདིའི་སྟེང་དུ་གློ་བུར་དུ་མི་བུ་ས་ཡ་དྲུག་ཙམ་སོ་སོའི་ཕ་མ་དང་མེས་པོ། གཉེན་ཉེ་དང་སྤུན་གྲོགས་བསད་པའི་དགྲ་བོ་ལག་དམར་དེའི་ཚེ་གཡོག་ཏུ་འགྱུར་ཚེ། སྐབས་དེར་ང་ཚོ་དང་འདྲ་བའི་རང་དབང་དང་མང་གཙོ་ལ་དགའ་བའི་འཛམ་གླིང་སྐྱེ་བོ་ཀུན་ལ་ཚོར་བ་ཇི་འདྲ་ཞིག་སྐྱེ་སྲིད།
    རང་བཙན་གྱི་ལྟ་སྒྲུབ་རྩོད་ཟེར་དུས་མཚོན་ཆ་དང་དྲག་སྤྱོད་མ་གཏོགས་གཞན་པའི་ཐབས་ལམ་ཞིག་མེད་དམ། ལོ་རྒྱུས་རང་བཞིན་ལྡན་པའི་རང་བཙན་གྱི་འཐབ་རྩོད་དེ་རྒྱལ་སྤྱིའི་ཁྲིམས་ལུགས་དང་ཁྲིམས་ཁང་། དེ་བཞིན་འགྲོ་བ་མི་ཡི་ཐོབ་ཐང་ཚོགས་སྡེ་ཁག་ལ་ཞུ་བཏུག་གིས་རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་དངོས་ཟོག་དངོས་བདག་རང་ལ་ཕྱིར་དག་སྤྲོད་ཐུབ་པའི་རང་བཙན་གྱི་འཐབ་རྩོད་ཅིག་བྱ་རྒྱུ་མེད་དམ།
    གང་ལྟར་རྨོངས་པ་ང་ལ་མཚོན་ན་དྲི་བ་འདི་དག་ལ་ལན་དགོས་པ་ཤ་སྟག་རེད་འདུག

    Reply
  3. སེམས་བཟང་། says:
    ལོ་ 12 སྔོན།

    གཞོན་ནུའི་བསྐོངས་ཚོགས་སྔོན་ལ་ཚོགས་དུས།།
    རྣམ་རྟོག་མང་པོའི་སྒོ་མོ་ཕྱེ་སོང་།།
    རང་བཙན་དབུ་མའི་ལངས་ཕྱོགས་བཤད་དུས།།
    གྲོས་ཆོད་ལད་པོ་ག་ལེར་ལོས་ཡོང་།།

    Reply
  4. བསྟན་ཆོས། says:
    ལོ་ 12 སྔོན།

    རང་བཙན་བརྩད་མི་ཆོག་པ་རྒྱལ་བའི་བཀའ་རེད་གསུང་མཁན་དག་གིས་ཁོང་ལ་མ་ཉེས་ཁ་གཡོག་བྱས་པ་རེད། མང་གཙོའི་ལུང་པ་ན་མེད་པ་ཞིག་ཀྱང་རེད། འདི་འདྲེའི་གནད་འགག་ཅིག་ཚོགས་ཆེན་གཅིག་ཙམ་ལ་ཐག་གཅོད་གནང་འོས་ཞིག་མ་རེད། གཞན་ལྷ་དགོངས་དཀྲིགས་པ་ཟེར་བ་དང། མི་ཁ་ཤས་ཟེར་བ། གཞོན་ནུ་ཟེར་བ་། ཏག་ཏག་སྡད་མི་འདུག

    Reply
  5. ཨ་རིག་འགྱུར་མེད། says:
    ལོ་ 12 སྔོན།

    གཞོན་ནུའི་རང་བཙན་གྱི་ལྟ་བར་འགྱུར་བ་མ་སོང་ན་བཟང་གི་རེད་སྙམ། བཙན་བྱོལ་བའི་སྒྲིག་འཛུགས་ནང་དུ་འདི་ལྟ་བུའི་ལངས་ཕྱོགས་ངེས་པར་དུ་དགོས་པ་རེད། ཡིན་ནའང་། རང་བཙན་ཁར་ཁྱེར་ནས་དབུ་མའི་ལམ་དང་༸གོང་ས་མཆོག་བཅས་ལ་གཞི་མེད་སྐྱོན་བརྗོད་བྱེད་པ་དེའི་རིགས་ལ་ཐག་གཅོད་ནན་པོ་ཞིག་བྱ་དགོས་པ་རེད་སྙམ།

    Reply
  6. བསྟན་ཆོས། says:
    ལོ་ 12 སྔོན།

    གཞུང་གི་ལངས་ཕྱོགས་ལ་བལྟས་ནས་ཚོགས་པའི་ལངས་ཕྱོགས་བསྒྱུར་བ་འམ། ཚོགས་པའི་ལངས་ཕྱོགས་ལ་བསམ་ནས་གཞུང་གི་ལངས་ཕྱོགས་བསྒྱུར་དགོས་པར་ཤོད་མཁན་དག་ནི། མང་གཙོའི་དྲི་མ་ཙམ་ཡང་མེད་རྟགས་ཡིན་པས་གཞོན་ནུས་སྔར་བཞིན་གནང་ན་ལེགས།

    Reply
  7. གནས་ཚང་། says:
    ལོ་ 12 སྔོན།

    གལ་སྲིད་ལངས་ཕྱོགས་ལ་འགྱུར་བ་བཏང་བ་ཡིན་དུས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་དབུ་མའི་ལམ་གྱི་གཞོན་ལྷན་དུ་འགྱུར་བ་རེད་ལ། དབུ་མའི་ལམ་ལས་འགུལ་ཁང་གི་ཁྱབ་ཁོངས་བསྙོན་མེད་དེ་ཆགས་པ་རེད། ཡིན་ནའི། བོད་ཀྱི་གཞོན་ལྷན་ངོ་མ་དེ་ལོགས་སུ་ཐོན་རྒྱུ་རེད་ལ། སྒོས་སུ་བོད་ནང་ནས་ཐོན་རྒྱུ་རེད། དེ་དུས་སྔར་གྱི་ཆུ་སྒང་གསར་རྙིང་ལྟ་བུ་ལས་རྦད་དེ་ཁ་ཁ་ཆགས་ཚར་བ་རེད། གཅིག་བྱས་ན་འདི་ནི་བོད་ཀྱི་ཤི་གསོན་ཐག་གཅོད་ཀྱི་གདམ་ག་ཡག་ཤོས་དེ་ཡིན་ཡང་སྲིད།

    Reply
  8. རྗ་མཁན་རིན་པོ་ཆེ། says:
    ལོ་ 12 སྔོན།

    གོང་ས་མཆོག་དགོང་པ་འཚོང་བ་དངོས་གནས་རེད། ཡིན་ན་ཡང་ད་ལྟའི་སྐབས་ལ་ཆོས་ཕྱོགས་གིས་ཐུགས་འགན་ཁོ་ན་བཞེས གིས་ཡོད་དུས་གང་ཡང་གནང་གི་མི་འདུག རེ་བ་བཟང་ས་ནས་བརྒྱབ། གྲ་བསྒྲིགས་སྡུག་ས་ནས་བྱེད་གསུང་མྱོང་བ་རེད།
    ཨ་དཀར་འཇམ་དབྱངས་ནས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese