བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། ཁ་སང་ཕྱི་ཚེས་ ༢༨ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༤ །༣༠ ཡས་མས་སུ། བོད་མདོ་སྨད་རྨ་ཆུ་རྫོང་ཆུ་ཝ་མ་དང་མཚེ་རུ་མ་སོགས་སུ་སེར་བ་ཆེན་པོ་བབས་ཏེ། འབྲོག་པའི་སྦྲ་གུར་དང་སྡོད་ཁང་གི་སྒེའུ་ཁུང་སོགས་ལ་གནོད་སྐྱོན་ཆེན་པོ་བཟོས་ཡོད་པ་མ་ཟད། རྟ་ནོར་ལུག་གསུམ་མང་པོ་ཤི་རྨས་བྱུང་ཡོད་འདུག གནས་ཚུལ་མཁོ་སྤྲོད་པས་བརྗོད་ན། རྒྱུ་ནོར་ལ་གྱོང་གུད་ཆེན་པོ་བཟོས་པ་མ་གཏོགས་ད་སྔ་མི་ལ་གནོད་སྐྱོན་ཕོག་པའི་གནས་ཚུལ་གང་ཡང་མི་འདུག