བོད་ཀྱི་ཆབ་སྲིད་བཙོན་གྲོལ་བར་སྐབས་བཅིུས་པའི་གློག་ཀླད་སྦྱོང་བརྡར་འཛིན་གྲྭ།
བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་ནས་བོད་ཀྱི་ཆབ་སྲིད་བཙོན་གྲོལ་བ་རྣམས་ཀྱི་ཤེས་ཚད་གོང་མཐོར་གཏོང་རྒྱུར་དམིགས་ཏེ་དུས་ཡུན་ལོ་གཅིག་རིང་གློག་ཀླད་ཤེས་བྱ་གཙོ་གྱུར་དབྱིན་ཇི་དང༌། བོད་ཡིག་སྦྱོང་བརྡར་འཛིན་གྲྭ་ཞིག་ད་བར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པར་ཚུགས་མུས་ལ་བརྟེན། སྐབས་བཅུ་གཉིས་པའི་སློབ་མ་རྣམས་སློབ་མཐར་ཕྱིན་ལ་ཉེ་བས་སླར་ཡང་སྐབས་བཅུ་གསུམ་པའི་སློབ་མ་བསྡུ་འཆར་ལགས་ན་འདི་ག་སློབ་ཁོངས་སུ་འཛུལ་ཞུགས་བྱ་འདོད་མཆིས་པའི་ཆབ་སྲིད་བཙོན་གྲོལ་བ་རྣམས་གཤམ་འཁོད་ཆ་རྐྱེན་ཚང་བའི་ཐོག་སོ་སོའི་ལོ་རྒྱུས་ཁ་གསལ་དོ་བདག་གི་ལག་བྲིས་ངོ་མ་ཤོག་གྲངས་གསུམ་ལས་མི་ཉུང་བ་དང༌། སྙན་ཞུ། འདྲ་པར་གཉིས་བཅས་སྤྱི་ལོ། ༢༠༡༣ ཟླ་ ༦ ཚེས་ ༢༠ ནང་ཚུད་གཏོང་གནང་ཡོད་པར་ཞུ་རྒྱུ། ཡིག་རྒྱུགས་ལ་འཛུལ་ཞུགས་བྱ་རྒྱུ་འཐུས་མིན་འདི་ནས་ཞིབ་འཇུག་གིས་བརྡ་ལན་འབུལ་རྒྱུ་དང༌། འདི་ག་ཚོགས་པ་ནས་སློབ་མ་གྲངས་༡༩ཡིག་རྒྱུགས་ལམ་ནས་བསྡུས་ཏེ་དུས་ཡུན་ལོ་གཅིག་རིང་གོང་འཁོད་སློབ་ཚན་ཁག་སློབ་ཁྲིད་བྱ་རྒྱུ་གཏན་འཁེལ་བས་བློ་གསལ་དོན་གཉེར་ཅན་རྣམས་ཀྱི་སྙན་ཞུ་དུས་ཐོག་ཏུ་འབུལ་དགོས་པ་དང༌། དུས་ཐོག་མ་འབྱོར་ཚེ་རྩིས་མེད་གཏོང་རྒྱུ་ཡིན།
འཛུལ་ཞུགས་ཆ་རྐྱེན།
༡༽ དོ་དག་རང་ཉིད་ཆབ་སྲིད་བཙོན་ཟུར་དང་འབྲེལ་ཡོད་འབྲེལ་ཆགས་ཡིན་པ།
༢༽ མ་མཐར་བོད་ཡིག་འཛིན་རིམ་བརྒྱད་པའི་ཤེས་ཚད་ཡོད་པ།
༣༽ དབྱིན་སྐད་རྨང་གཞི་ཅུང་ཡོད་པ།
༤༽ སློབ་མཐར་ཕྱིན་རྗེས་བོད་པའི་སྤྱི་ཚོགས་ནང་ཞབས་ཞུའི་བློ་མོས་ཡོད་པ།
༥༽ སྦྱོང་བརྡར་དུས་ཡུན་ནང་སློབ་ཕྲུག་གི་ངོ་བོར་སྡོད་ཐུབ་པ།
༦༽ རང་བཙན་ལག་དེབ་ཀྱི་རྒྱལ་གཅེས་མ་དངུལ་གཙང་འབུལ་ཟིན་པའི་འདྲ་བཤུས།
༧༽ རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་འཁྱེར་ (RC)ཡོད་ཚེ་དེའི་འདྲ་བཤུས་བཅས་ངེས་པར་དུ་ཚང་དགོས།
མཐུན་རྐྱེན་ནི།
༡༽བཞུགས་ཡུལ་གོ་སྒྲིག ༢༽ གསོལ་ཇ་དང་ཞལ་ལག ༣༽ ནད་མནར་རིགས་ལ་སྨན་བཅོས་མཐུན་རྐྱེན་བཅས་ཡོད།
འབྲེལ་བ་བྱ་ཡུལ། སློབ་སྤྱི་ལྷ་ཆབ་སྦྱིན་པ།
Gu-Chu-Sun Movement of Tibet
Jogibara Road,Mcleodganj Dharamsala
176219,Distt.Kangra,H.P India
TEL:01892-220679/220680/221379
Mobile:8679025152