བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ངྷ་ས་ནས་ལྡི་ལིར་ཕེབས་ཏེ། ཕྱི་ཚེས་ ༧ ཉིན་ལྡི་ལིར་རྒྱ་གར་གྱི་གནད་ཡོད་མི་སྣར་མཇལ་འཕྲད་གནང་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༨ ནས་ ༡༠ བར་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དང་བྷོ་སི་ཊོན་བཅས་སུ་གཞུང་འབྲེལ་ཕྱོགས་སྐྱོད་དང་འབྲེལ། ཧར་ཝ་ཌི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་ཚོགས་འདུ་ཞིག་གོ་སྒྲིག་གནང་འཆར་ཡོད་འདུག
ཕྱི་ཚེས་ ༡༡ ཉིན་སྲིད་སྐྱོང་མཆོག་ཨ་རི་ནས་ཡུ་རོབ་ཁུལ་དུ་ཕེབས་ཏེ། ཡུ་རོབ་ཤར་ཕྱོགས་ལོ་ཐི་ནི་ཡཱ (Lithuania) རྒྱལ་ཁབ་ཀྱི་རྒྱལ་ས་ཝེ་ནི་ལེ་སིར་ (Vilnius) གྲོས་ཚོགས་འཐུས་མི་དང་གནད་ཡོད་མི་སྣར་མཇལ་འཕྲད་བཅས་གནང་རྒྱུ་ཡིན་པ་དང་། ཐེངས་འདིའི་གཞུང་འབྲེལ་ཕྱོགས་སྐྱོད་ཀྱི་ལས་རིམ་ཁག་གྲུབ་རྗེས། ཕྱི་ཚེས་ ༡༦ ཉིན་ཕྱིར་ངྷ་རམ་ས་ལར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག
གསར་འགོད་པ། དོན་གོ