མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚེ་བརྟན་རྡོ་རྗེ་བརླག་འདུག

བོད་ཀྱི་དུས་བབ།
༢༠༡༣/༠༦/༡༠
Share on FacebookShare on TwitterShare on EmailShare on Whatsapp

གཟའ་སྤེན་པའི་ཉིན་གྱི་ཞོགས་པར་བོད་སྐྱོད་ཞི་བའི་གོམ་བགྲོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀ་ལོན་སྤུག་ནས་བོར་བརླག་ཕྱིན་འདུག

གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་དགོས་འདུན་དོན་ཚན་ ༥ ཡི་འོག ད་ལོའི་གསུམ་བཅུའི་དུས་དྲན་ཉིན་བཞུགས་སྒར་དྷ་རམ་ས་ལ་ནས་བོད་སྐྱོད་ཞི་བའི་གོམ་བགྲོད་ཐེངས་ ༢ པ་མགོ་འཛུགས་གནང་སྟེ་རྒྱ་གར་མངའ་སྡེ་ ༦ ཙམ་བརྒྱུད་ཉིན་གྲངས་ ༨༩ ཙམ་རིང་ཕྱིན་ཏེ། ཁྱོན་སྤྱི་ལེ་ ༢༡༤༨ ཙམ་གྱི་སར་གོམ་བགྲོད་གནང་རྗེས། ཟླ་འདིའི་ཕྱི་ཚེས་ ༨ ཉིན་གྱི་ཞོགས་པར། རྒྱ་གར་ནུབ་བྷིང་གྷིལ་(West Bengal)མངའ་སྡེའི་ཀ་ལོན་སྤུག་སྲད་རྒྱུད་གྲྭ་ཚང་ནས་རྐང་འཁོར་དང་ཅ་ལག་ཚང་མ་བཞག་སྟེ་གར་སོང་ཆ་མེད་ཆགས་ཡོད་འདུག  

དེ་རིང་གསར་འགོད་པས་ཁ་པར་བརྒྱུད་ཀ་ལོན་སྤུག་སྲད་རྒྱུད་གྲྭ་ཚང་གི་འགན་འཛིན་ཟུར་བ་བསོད་ནམས་རྒྱལ་མཚན་ལགས་སུ་བཅར་འདྲི་ཞུས་དོན་ལྟར་ན། ཚེ་བརྟན་རྡོ་རྗེ་ལགས་སྲད་རྒྱུད་གྲྭ་ཚང་དུ་ཉིན་ ༢ རིང་གནས་ཚང་གཡར་ནས་བསྡད་པ་དང་། ཚེས་ ༨ ཉིན་གྱི་ཞོགས་པར་ཁོ་རང་གི་ཅ་དངོས་རིགས་ཤུལ་དུ་བཞག་སྟེ་གར་སོང་ཆ་མེད་ཆགས་ཡོད་པ་དང་། དེའི་རྗེས་རྒྱ་གར་ས་གནས་གསང་བའི་ལས་ཁུངས་ཀྱི་མི་སྣ་དགོན་པར་འབྱོར་ཏེ་འབྲེལ་ཡོད་ཚོར་ཚེ་བརྟན་རྡོ་རྗེ་སྐོར་ཐེངས་མང་འདྲི་རྩད་བྱས་སོང་ཟེར།   

ཡང་ཁོང་ལ་ཁོ་བོར་བརླག་ཏུ་ཕྱིན་རྗེས་ཕན་ཚུན་འབྲེལ་བ་བྱུང་ཡོད་མེད་དྲིས་སྐབས། “ཁ་སང་ཕར་ཁ་པར་ཞིག་བརྒྱབ་སྐབས། ཁོ་རང་གིས་ད་ཧ་ཅང་ཡག་པོ་བྱུང་སོང་། དེ་རིང་ནས་ཁ་པར་སྒོ་རྒྱག་རྒྱུ་ཡིན། ས་མཚམས་སུ་བསླེབ་སྐབས་འབྲེལ་བ་བྱེད་ཆོག” ཅེས་བརྗོད་སོང་ཟེར།

བསོད་ནམས་རྒྱལ་མཚན་ལགས་ཀྱིས་ད་ལྟ་ཁོ་གང་དུ་ཡོད་མེད་གསལ་བོ་བཤད་ན་དཀའ་ངལ་འཕྲད་ངེས་རེད། སྤྱིར་བཏང་ཀ་ལོན་སྤུག་ནས་བོད་ཀྱི་ས་མཚམས་བར་དུ་སྤྱི་ལེ་ ༣༠ ཙམ་ལས་མེད་པ་དང་། བོད་ནང་འགྲོ་ས་མང་པོ་ཡོད་ཀྱང་འགག་སྒོ་ཚང་མ་དམག་མིའི་ལྟ་སྲུང་འོག་ཡོད་སྟབས། མངོན་གསལ་དོད་པོས་ཐར་ཐབས་ཡོད་པ་མ་རེད། འོན་ཀྱང་ཁོ་རང་ས་གནས་གང་ཞིག་ནས་བོད་ནང་འཛུལ་རྒྱུ་ཡིན་མིན་ངས་ཧ་གོ་མ་སོང་ཞེས་སོགས་བརྗོད་སོང་།

བདུན་ཕྲག་གཅིག་ཙམ་གྱི་གོང་དུ། གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་ཁོ་རང་གི་བོད་སྐྱོད་གོམ་བགྲོད་ཐེངས་ ༢ པའི་སྐོར་གྱི་གནས་ཚུལ་ཞིག་སྤེལ་ཡོད་པའི་ནང་། “ ད་ལྟའི་བར་དུ་འདུག་གནས་གཡར་ས་མང་ཤོས་ནི་ཧིན་རྡུའི་ལྷ་ཁང་དང་པན་རྗབ་ལྷ་ཁང་། དུར་ས། གྲོང་གསེབ། སྣུམ་ཚིགས། ས་སྟོང། ས་ཁང་གི་འགྲམ། གཞུང་ལམ་གྱི་ཟུར་སོགས་སྣ་མང་འགྲིམ་ཡང་། ངའི་ལུས་ཐོག་ལ་གས་ཆག་གང་ཡང་མ་ཤོར་བ་འདི་ནི། གཅིག། ༧རྒྱལ་བའི་དབང་བོའི་བྱིན་རླབས་དང་། གཉིས་པ། བོད་རིགས་སུ་ཞིག་གིས་ངའི་ཕྱོགས་སུ་རྣ་བ་གཏོད་མཁན་གྱི་སྤུན་ཟླ་དག་གིས་སེམས་ཀྱི་སྨོན་འདུན་དང་ལྷ་ཆོས་སྐྱོང་སྲུང་མའི་རོགས་རམ། གསུམ་པ། དྲིན་ཕ་མ་གཉིས་ཀྱིས་བློ་བསམ་དཀར་པོས་རང་གི་བུ་མི་རིགས་ཀྱི་བདེན་དོན་ལ་སྲི་ཞུ་བྱེད་པར་ཕུལ་བ། བཞི་པ། སྐྱེ་བོ་ཕལ་བ་ང་ལ་རང་མི་རིགས་ཀྱི་བདེན་དོན་དང་སྐྱབས་མགོན་རྒྱལ་བའི་དབང་བོ་བོད་དུ་གདན་འདྲེན་བྱེད་པར་སྲི་ཞུ་བྱེད་པའི་བསོད་ནམ་ཕྲན་པུ་ཞིག་ཡོད་པས་རེད་སྙམ། ལྔ་པ། རྒྱ་གར་གཞུང་དང་ཡུལ་མི། ཉེན་རྟོག་པ་བཅས་ཀྱི་རོགས་རམ་དང་ལྟ་རྟོག་འོག་ང་དེ་རིང་བར་དུ་ཞི་བའི་གོམ་བགྲོད་ལ་གས་ཆག་མ་ཤོར་བར་སྤྱི་ལེ་ ༢༡༤༨ དང་ཉིན་གྲངས་ ༨༩། མངའ་སྡེ་ ༦ ཙམ་སོང་ཚར་ནས་མི་རིང་བར་མངའ་སྡེ་བདུན་པ་ཞིག་བརྒྱུད་ནས་རང་ཡུལ་གངས་ཅན་ལྗོངས་སུ་རང་ལུས་འདི་འཕེན་ཐུབ་བྱེད་དགོས་པ་དེ་ཡིན། རང་ལུས་འདི་བོད་ཡུལ་ལ་སླེབས་ཉིན་ནས་ནམ་ཞིག་ང་རང་ལ་མཇུག་འབྲས་གསུམ་མ་གཏོགས་གང་ཡང་མེད་པ་རེད། གཅིག་གར་སོང་ཆ་མེད། གཉིས་སྡུག་གཅོང་མནར་གཅོད་ཁྲོད་ནས་ཤི་རྒྱུ་དང་། གསུམ་ལོ་ངོ་མི་ཉུང་བ་ཞིག་ལ་ཁྲིམས་བཅད་ཀྱིས་སྡུག་ལས་སྣ་དགུ་མྱངས་ནས་རྒྱའི་བཙོན་འོག་ནས་ལུས་རྒྱུ་དེ་ཡིན།” ཞེས་བྲིས་འདུག

གསལ་བསྒྲགས་དེའི་ནང་མུ་མཐུད་དུ་བཀོད་དོན། “ ལྡི་ལི་ནས་ཉིན་གྲངས་བཅུ་ལྷག་གི་རྗེས་སུ་ངྷ་སར་གནས་སྡོད། འཚོ་བ་རང་སྐྱོང་དང་མ་བྱན་གྱི་ཕྱག་ལས་གནང་མཁན་ཕོ་གསར་བཀྲ་ཤིས་དོན་འགྲུབ་ལགས་བདག་གི་ཞི་བའི་གོམ་བགྲོད་ནང་ཉིན་ ༡༥ ཏག་ཏག་ལ་མཉམ་ཞུགས་གནང་བ་དང་། དེའི་རྗེས་ང་རང་བྷེ་ཧར་མངའ་སྡེ་ནང་འབྱོར་རྗེས། ཆབ་སྲིད་བཙོན་ཟུར་སྐལ་བཟང་ཐར་ལགས་ཕེབས་ཏེ་རང་གིས་འཁྱོག་ཚད་ཅིག་ལ་ཕེབས་རྒྱུ་ཡིན་གསུངས་ཏེ་བདག་གི་ཞི་བའི་གོམ་བགྲོད་ནང་མཉམ་ཞུགས་བྱས་པ་དང་།  ད་ལྟ་ཁོ་རང་དངོས་སུ་མཉམ་ཞུགས་གནང་ནས་ཉིན་ ༢༠ ལྷག་སོང་ཡོད་པ་རེད། ཁོང་ནི་བོད་ནང་དུ་བཙོན་ལས་སྣ་དགུའི་མནར་གཅོད་མྱངས་ཚར་བའི་མི་ཞིག་ཡིན་སྟབས། གཟུགས་པོའི་གནས་སྟངས་ཀྱང་ཧ་ཅང་སྐྱོ་ནའང་། དཔའ་ངར་ཞུམ་མེད་ཀྱི་རང་མི་རིགས་ལ་བཅིངས་པའི་སྙིང་སྟོབས་ནི་ཧ་ལས་པ་ཞིག་འདུག་པ་མ་ཟད། སེམས་ཀྱི་ངར་ཁ་ཡང་མ་ལྷོད་པར་ཁོང་གིས་ནམ་ཞིག་ང་རང་ཕྱིར་རང་གི་ཕ་ཡུལ་བོད་དུ་རོ་འཕེན་ངེས་ཡིན་གསུང་གིན་འདུག་ལ། ད་དུང་མཉམ་ཞུགས་མུ་མཐུད་གནང་གི་ཡོད། ”ཅེས་སོགས་བརྗོད་འདུག

ཁ་སང་ཕྱི་ཚེས་ ༩ དང་ས་ག་ཟླ་བའི་ཚེས་ ༣༠ ཉིན་གྱི་ཞོགས་པར་དྷ་ས་ཐེག་ཆེན་གཙུག་ལག་ཁང་གི་དཔའ་བོའི་དྲན་གསོའི་རྡོ་རིང་མདུན་དུ། གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་ཨ་མ་ལྡོམ་པོ་སྐྱིད་ཀྱི་ཟླ་ ༡ རིང་གི་བོད་དོན་སྙུང་གནས་མཇུག་བསྡུས་ཏེ། ངྷ་སའི་ཚོགས་སྐྱིད་བཅུ་གཅིག་གི་མི་སྣས་སེམས་གསོ་དང་ཐུགས་རྗེ་ཆེ་ཞུའི་མཇལ་དར་བསྒྲོན་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

སྐར་མ ༡༦ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༢༣ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༢༤ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡

མཆན། 7

  1. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ཚེ་བརྟན་རྡོ་རྗེ་བརླགས་ན། བརླག་དགོས་ཆོད་པར་ཤོག དཀོན་མཆོག་གསུམ་པོས་མཁྱེན། ལྷ་ཆོས་སྐྱོང་སྲུང་མས་སྲུངས་ཅིག་ཀྱེེ། གྲོགས་མཛོད་ཅིག་ཀྱེེེ། །

    Reply
  2. སྟག་ཚང་རིག་རྒོད་། says:
    ལོ་ 13 སྔོན།

    དཔའ་རྒོད་ལགས་་་་་ཁྱོད་གང་དུ་ཡོད།

    མགོ་ནག་པའི་དཔའ་རྒོད་ལགས
    དེ་རིང་ལྟས་ངན་འུག་པའི་ངུ་ངག་ཞིག་གིས
    ཁྱོད་གར་སོང་ཆ་མེད་ལ་གྱུར་འདུག་ཟེར
    སྐད་ཆ་དེས
    ངའི་ཡ་ཆུང་སྙིང་ལ་གྲི་བཙུག་པ་ལྟར
    བཟོད་དཀའ་བའི་ཚོར་སྣང་ཞིག་བྱིན
    མུན་པས་བཀླུབས་པའི་འཇིག་རྟེན་འདི་ནས
    ཁྱོད་ཀྱི་ནགས་ཁྲོད་འགྲིམས་ནས
    སེང་ཕྲུག་་ཚོའི་ཚེ་སྲོག་དང་ལས་དབང་ལ་དམིགས
    ཁྱོད་རང་ལ་དག་པའི་ཡོད་ཚད་བསྐྱུར་ནས
    ཕ་ཡུལ་ལ་བློ་སེམས་ཕྱོགས་པའི་ཁྱོད
    འདི་ལྟར་གོ་མེད་ཚོར་མེད་ངང་བརླགས་ཐལ
    འཇིག་སུ་རུང་བའི་འཕྲང་ལམ་འདི་ནས
    མགོ་ནག་པར་ཁྱོད་འདྲ་བའི་དཔའ་རྒོད་ཉུང་འདུག
    སེམས་བསམ་པའི་དུང་བ་ཡོད་ཚད་ཁྱོད་ལ་ཕྱོགས་ནས
    ངས་ཁྱོད་ཀྱི་ཚེ་སྲོག་ལ་བར་ཆད་མེད་པའི་སྨོན་ལམ་ཡོད
    ངའི་སྙིང་ཉེ་བའི་འཐབ་གྲོགས་ལགས
    ང་ནམ་ཡང་ཁྱོད་ཀྱི་རྒྱབ་ན་ཡོད
    ཞུམ་མེད་ཀྱི་སྙིང་སྟོབས་རི་རྒྱལ་ལས་མཐོ་བའི་སེང་གེ་ངོ་མ
    ཁྱོད་ཀྱི་རྐང་རྗེས་རེ་རེ་ལ་ངས་མིག་ཟུང་གི་གཅེར་ནས་ཡོད
    ཁྱོད་ཀྱི་ཕུགས་བསམ་ནི་ངའི་ཕུགས་བསམ་ཡིན་ལ
    མགོ་ནག་པ་ཡོད་ཚད་ཀྱི་ཕུགས་བསམ་ཀྱང་ཡིན
    དེས་རྐྱེན་པས
    ཁྱོད་འདི་ལྟར་ནམ་ཡང་བརླགས་མི་ཉེན
    ཨ་སྒོར་ཡོ་སྒོར་གྱིས་བཟི་བའི་བཙན་བྱོལ་བ་ཚོར
    ཁྱོད་ཀྱིས་མིག་དཔེ་བསྟན་པར་དད་གུས་དང་ཡི་རང་ཡོད
    ངས་སྔོན་མ་ཁྱོད་ལ་འདི་འདྲ་ཞིག་བཤད་མྱོང
    ཕེབས་དང་ཕེབས་དང
    ནམ་ཞིག་ཁྱོད་ཀྱིས་རང་ཉིད་ཀྱི་ཕ་ས་མཐོང་ངེས
    སྐད་ཆ་འདི་དེ་རིང་སྐྱར་དུ་ངས་ཁྱོད་ལ་བཤད་པ་ཡིན།། །།

    འདི་ནི་དེ་རིང་ངས་གླིང་ཚ་ལ་བྲིས་པའི་སྙིང་གཏམ་ཡིན།
    ཁྱེད་ཀྱི་སྐུ་ཚེ་ལ་་བར་ཆད་མེད་པའི་སྨོན་ལམ་ཡོད།

    Reply
  3. Ngawang Norbu says:
    ལོ་ 13 སྔོན།

    ༄༅། །ལྟབ་ཡག བདེ་པོ་ཡོད་ན་ཡག་ཤོས་རེད། ལམ་ལྷོང་ཡོང་བའི་སྨོན་བདུན་ཞུ། བཀྲིས་བདེ་ལེགས༎

    Reply
  4. Ngawang Norbu says:
    ལོ་ 13 སྔོན།

    ༄༅། །ཕུན་ཚོགས་ཆོས་རྒྱལ་ལགས། གཞོན་ལྷན་ནས་གླིང་ཚའི་ལས་འགུལ་ལ་ངོ་རྒོལ་གནང་དགོས་གཙོ་བོ་དེ་མཁྱེན་དགོས། དེ་ཡང་རྒྱ་དམར་གྱི་རྒྱ་དར་འཕྱར་བ་བརྟེན་གཞོན་ལྷན་ནས་ང་རྒོལ་གནང་བ་མ་གཏོགས་གཞན་གླིང་ཚ་གང་ཟག་སྒེར་ལ་ངོ་རྒོལ་མ་རེད། གླིང་ཚའི་ལས་འགུལ་གཉིས་པར་ཡང་རྒྱ་དར་གྱི་སྐོར་ལ་མང་ཚོགས་ནང་ལབ་གླེང་མང་དག་ཞིག་བྱུང་བའི་དབང་གིས་ཐེང་འདིར་རྒྱ་དར་དམར་པོ་མི་འཁྱེར་བའི་ཐག་གཅོད་ཐོག་མང་པོ་ཞིག་གིས་རྒྱབ་བསྐྱོར་གནང་གི་ཡོད་པ་རེད།

    Reply
  5. རྨོག་རུ་བསྟན་པ། says:
    ལོ་ 13 སྔོན།

    ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་སྐུ་གཟུགས་བདེ་ཐང་རེད་འདུག ཕྱ་ཚེས་10ཉིན་གྱི་ཞོགས་པའི་ཆུ་ཚོད་11སྟེང་གླིང་ཚ་ཚེ་རྡོར་ལགས་ཀྱིས་གྲོགས་པོ་ཞིག་ལ་ཁ་པར་སླེབས་ཏེ་ཁོང་གཉིས་བདེ་བོ་ཡིན་པ་དང་། བོད་ནང་དུ་འཛུལ་སའི་ལམ་ཁ་ཞིག་འཚོལ་བཞིན་ཡོད་ཚུལ་བརྗོད་འདུག ཁ་པར་སླེབས་རྗེས་སླར་ཡང་ཁ་པར་སྒོ་བརྒྱབ་ཡོད་འདུག

    Reply
  6. ཕུན་ཚོགས་ཆོས་རྒྱལ། says:
    ལོ་ 13 སྔོན།

    གཞོན་ནུ་ལྷན་ཚོགས་ཀྱིས་གླིང་ཚ་ཚེ་བརྟན་རྡོ་རྗེ་ཁེ་རྐྱང་དུ་ཕུལ་ཐབས་བྱས་པ་རེད་དེ། བདེན་པ་ལ་མཐའ་ཞིག་གསལ་རྒྱུ་ཡོད་པ་ལྟར། བོད་མི་སྤྱི་སྒེར་མང་པོས་ཁོང་གི་ལས་འགུལ་ལ་དངོས་ཤུགས་བརྒྱུད་གསུམ་ནས་རོགས་རམ་གནང་དང་གནང་བཞིན་ཡོད་པ་རེད། སྐབས་དེ་དུས་གཞོན་ནུའི་ཚོགས་གཞོན་དོན་གྲུབ་ལྷ་དར་གྱིས་གསར་འགོད་གསལ་བསྒྲགས་སྤེལ་ཏེ་གླིང་ཚའི་ལས་འགུལ་ལ་ངོ་རྒོལ་བྱས་ཏེ་ཁོ་རང་དམར་གསོད་གཏོང་རྩིས་བྱས་ཡོད་ལ། ཕ་མ་གཉིས་དང་བཟའ་ཚང་བུ་ཕྲུག་བཅས་པ་བློས་བཏང་གིས་བོད་དོན་ལ་ལས་འགུལ་སྤེལ་བ་ནག་གསུབ་གཏོང་རྒྱུའི་རེ་ངན་འཆང་ཡོད་ཀྱང་རྒྱ་ཆེའི་མང་ཚོགས་ཀྱིས་དཀར་ནག་གི་དབྱེ་བ་མ་ནོར་བར་ཁོང་ལ་མུ་མཐུད་དེ་རྒྱབ་དཔུང་བྱས་ཡོད།
    བོད་རྒྱལ་ལོ། གླིང་ཚུ་བུ་རྒྱལ་ལོ།

    Reply
  7. ཚེ་རིང་བསམ་འགྲུབ། says:
    ལོ་ 13 སྔོན།

    བོད་སྐྱོད་གོམ་བགྲོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་གོམ་བགྲོད་ཐེངས་གཉིས་པའི་སྐབས་ཞལ་འདེབས་ཕུལ་བ་ཁག་ཁོ་རང་གིས་མ་སྐུལ་དང་བླངས་ཀྱིས་མི་དམངས་ལ་ཕྱི་གསལ་ནང་གསལ་བཟོས་ཏེ་ཁྱབ་བསྒྲགས་གནང་འདུག
    ཡོ་པེའི་མངའ་སྡེ་ནང་གི་རྩྭ་མཆོག་གྲོང་དུ་འབྱོར་བ་དང་རྣམ་རྒྱལ་གྲྭ་ཚང་གི་མགྲོན་ཁང་ལས་འཁུར་བ་རྒན་ཐུབ་བསྟན་སྐལ་བཟང་ལགས་ཀྱིས་སྣེ་ལེན་གཟབ་རྒྱས་གནང་བ་མ་ཟད། རྣམ་རྒྱལ་གྲྭ་ཚང་གི་སྐུ་ཚབ་ཀྱི་མཚན་ཐོག་ནས་ཧིན་སྒོར་ 2500 གྱི་ཞལ་འདེབས་དང་། ངྷ་རམ་ས་ལའི་ཚོགས་པ་བཅུ་གཅིག་གི་སྐུ་ཚབ་དབུ་མའི་ལམ་ལས་འགུལ་ཁང་གི་རྨོག་རུ་བསྟན་པ་དང་ མངའ་རིའི་སྐྱིད་སྡུག་ཚོགས་པའི་ཚོགས་གཞོན་གྲགས་པ་བསམ་གཏན་གཉིས་ཡོ་པེ་མངའ་སྡེ་ནང་ཐུག་འཕྲད་དུང་ཡོང་སྟེ། ཚོགས་པ་བཅུ་གཅིག་གིས་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་ལས་འགལ་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་ཡོད་པའི་གྲོས་ཆོད་ཡི་གེ་དང་ཧིན་སྒོར་ 11000 གི་ཞལ་འདེབས་གནང་ཡོད་འདུག

    གཞན། མི་སྒེར་བ་ཁག་ཅིག་གིས་ཞལ་འདེབས་ཕུལ་བ་དག་ནི།

    མཛོ་དགེ་སྐལ་བཟང་སྦྱིན་པ། རྔ་བ་མཁས་གྲུབ། རྡོ་སྦིས་ཆོས་འཕེལ། སྨན་པ་འཇམ་དབྱངས། དོན་འགྲུབ། དམེ་བ་བསྟན་འཛིན། བླ་བྲང་སྦྱིན་པ། ཁ་ན་ཀྲར་གནས་བཞུགས་པ་ཐུན་མོང་ནས་ཧིན་སྒོར་ 13746 སྐུར་འབྱོར་བྱུང་།
    རྒྱ་གར་བོད་དོན་རྒྱབ་སྐྱོར་བ་ཨན་ཀྲས་ཨ་ཤ་ནས་ཧིན་སྒོར་ 5000 གནང་།
    རྩོམ་པ་པོ་ཧོར་གཙང་འཇིག་མེད་ཀྱིས་ཧིན་སྒོར་ 2000 སྐུར་འདུག
    ལོན་ཌོན་གནས་བཞུགས་རྔ་བ་ཡོན་ཏན་ནས་ཧིན་སྒོར་ 8000 བསྐུར་འདུག
    ནུབ་ཨ་རིའི་གནས་བཞུགས་པ་མགོ་ལོག་བརྕོན་འགྲུས་དཔལ་གཙོས་བའི་མགོ་ལོག་པ་ཁག་གཅིག་གིས་ཧིན་སྒོར་ 10000 སྐུར་འབྱོར་བྱུང་།
    སྣེ་ལེན་ཁང་གི་མ་བྱན་སྐྱིད་འཛོམ་ནས་ཧིན་སྒོར་ 500 གནང་།
    བོད་འབྱོར་བ་པ་སངས་ལགས་ནས་ཧིན་སྒོར་ 500 གནང་བཅས་འདིར་མཚན་མ་བཀོད་པ་རེ་ཟུང་དང་། ད་ལྟའི་བར་རིགས་ཀྱི་འདུ་ཤེས་ཀྱི་རྒྱབ་མདུན་གང་རུང་དུ་བཞུགས་པ་ཡོངས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese