མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གླུ་བ་གཉིས་ལ་ཁྲིམས་ཆད།

བོད་ཀྱི་དུས་བབ།
༢༠༡༣/༠༦/༡༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་མདོ་སྨད་རྔ་པ་ཁུལ་གྱི་གླུ་བ་གཉིས་འཛིན་བཟུང་གིས་ལོ་གཉིས་རེའི་ཁྲིམས་ཐག་བཅད་རྗེས། ད་ཆར་གར་ཡོད་ཅི་བྱུང་གི་གནས་ཚུལ་ཅི་ཡང་མ་ཤེས་པར་ལྷག་འདུག

བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་གྲྭ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་འདི་གར་གནས་ཚུལ་བཏང་འབྱོར་ལྟར་ན། རྒྱ་ནག་གཞུང་གིས་ ༢༠༡༢ ལོའི་ཟླ་ ༧ པ་ཡས་མས་སུ་བོད་མདོ་སྨད་རྔ་པ་ཁུལ་རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་དང་པོའི་གླུ་བ་པདྨ་འཕྲིན་ལས་དང་། གླུ་བ་ཕྱག་རྡོར་གཉིས་ཀྱིས་རང་ལུས་མེར་བསྲེཊ་སོགས་བོད་ནང་གི་གནས་སྟངས་དང་།  ༸གོང་ས་མཆོག་དང་པཎ་ཆེན་རིན་པོ་ཆེ། ཀིརྟི་རིན་པོ་ཆེ་བཅས་ལ་བསྟོད་གླུ་དང་དྲན་གླུ་བླངས་བ། སྲིད་སྐྱོང་བློ་བཟང་སེང་གེར་བསྟོད་གླུ་བཅས་བླངས་ཡོད་པའི་ཆེད་སྒྲིག་འོད་སྡེར་༼སོས་མེད་རྨ་ཁའི་ཟུག་གཟེར༽ ཞེས་པ་འགྲེམས་སྤེལ་བྱས་པའི་ཉིན་ཤས་རྗེས་སུ་རྨ་ཆུ་རྫོང་ཐོག་ཏུ་འཛིན་བཟུང་བྱས་ཏེ། ཟླ་ ༦ ལྷག་གི་རིང་རྔ་པ་རྫོང་དུ་བཀག་ཉར་བྱས་ཡོད་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༢ ནང་ཁོང་གཉིས་ལ་ལོ་གཉིས་རེའི་བཙོན་འཇུག་ཁྲིམས་ཐག་བཅད་དེ་སི་ཁྲོན་གྱི་མེན་ཡཱང་བཙོན་ཁང་དུ་བསྐྱལ་ཡོད་ཚུལ་གྱི་ཡི་གེ་ཞིག་འབྲེལ་ཡོད་ནང་མིར་སྤྲད་ཡོད་ཀྱང་། ཁོང་གཉིས་ཀྱི་ནང་མི་སྔ་ཕྱི་ཐེངས་གཉིས་ཐུག་འཕྲད་དུ་བསྐྱོད་སྐབས།  འབྲེལ་ཡོད་ཚོས་ཁོང་གཉིས་མེན་ཡཱང་བཙོན་ཁང་དུ་མེད་ཚུལ་བརྗོད་ཡོད་སྟབས། ད་ཆར་ནང་མི་ཉེ་འབྲེལ་ཚོས་ཁོང་གཉིས་གར་ཡོད་ཀྱི་གནས་ཚུལ་ཅི་ཡང་མ་ཤེས་པར་ལྷག་འདུག

རང་ལོ་ ༢༢ ཡིན་པའི་གླུ་བ་པདྨ་འཕྲིན་ལས་ལགས་ཀྱི་ཕ་མིང་ལ་འཛམ་ལྷ་ (ཚེས་འདས) དང་མ་མིང་ལ་ཚེ་རིས་མ་འབོད་ཀྱི་ཡོད་པ་དང་། རང་ལོ་ ༣༢ ཙམ་ཡིན་པའི་གླུ་བ་ཕྱག་རྡོར་ལགས་ཀྱི་ཕ་མིང་ལ་མཆོག་ལྡན་མདོ་བ་འབོད་ཀྱི་ཡོད་འདུག གླུ་བ་ཕྱག་རྡོར་ལགས་ནི།  ༢༠༡༢ ཟླ་ ༨  ཚེས་ ༡༠ ཉིན་རང་ལུས་མེར་བསྲེཊ་གནང་སྟེ་འདས་གྲོངས་སུ་ཕྱིན་པའི་རྒྱལ་གཅེས་དཔའ་བོ་གཅོད་པ་ལགས་ཀྱི་ཕ་སྤུན་གྱི་སྤུན་ཡིན་པ་དང་། གླུ་བ་ཁོང་གཉིས་ཀྱང་ཉེ་འབྲེལ་ཡིན་འདུག

ཁོང་གཉིས་ཀྱི་ཆེད་སྒྲིག་འོད་སྡེར་ ༼སོས་མེད་རྨ་ཁའི་ཟུག་གཟེར༽ ནང་།  ༼གངས་རིའི་མགོན༽དང་༼སྐྱོ་འབོད༽ ། ༼ ང་ཡི་རྩ་བའི་བླ་མ༽། ༼ ངོ་ཚ༽།   ༼བཟོད་མེད་ཀྱི་སྡུག་བསྔལ༽ ། ༼བདེན་དོན་ཁྲག་གི་དར་ཆ༽ ། ༼འཐད་པ་ཡིན༽། ༼ སྲིན་པོ༽། ༼མག་མོག༽ ། ༼བྱང་ཐང་གི་ན་བུན༽། ༼ཡིད་ཐང་ཆད་འགྲོ༽ བཅས་ཁྱོན་གླུ་ ༡༢ ཡོད་འདུག་ལ། དེ་དག་ལས་གླུ་བ་ཕྱག་རྡོར་གྱི་བླངས་བའི་ ༼འེ་རེད༽ ཅེས་པའི་གཞས་ཚིག་ནང་། ང་ཚོའི་རིན་ཆེན་གཏེར་ཁ།། བཙན་པོའི་འཕྲུལ་གྱིས་གཏོར་ནས།། གནས་འདི་སྟོངས་པར་བཟོས་པ།། དབང་མེད་བཙན་ཤེད་འེ་རེད།། སྔོན་བྱོན་མཁས་པའི་མཛད་རྗེས།། ལྔ་ཟུང་རིག་པའི་གནས་མཆོག། ཐབས་ཀྱིས་བརླགས་བརྩིས་བྱེད་པ།། དབང་མེད་བཙན་ཤེད་འེ་རེད།། ཁ་བ་གངས་རིའི་རྒྱུད་འཛིན།། ན་གཞོིན་དཔའ་བོ་དཔའ་མོ།། བཙན་གྱིས་དམར་གསོད་བྱས་པ།། དབང་མེད་བཙན་ཤེད་འེ་རེད།། གངས་ཅན་འགྲོ་བའི་མགོན་པོ།།རྒྱལ་དབང་བསྟན་འཛིན་རྒྱ་མཚོ།།བཙན་གྱིས་གཏན་བྲལ་བྱས་པ།།ང་ཚོའི་ལས་དབང་འེ་རེད།། ཅེས་དང་། གླུ་བ་པདྨ་འཕྲིན་ལས་ཀྱི་༼སྨྲེ་ངག༽ གཞས་ཚིག་ནང་། རྗེ་བླ་མ་ས་ཕྱོགས་གཞན་ལ་ཕེབས།། བོད་སློབ་འབངས་མ་མེད་ད་ཕྲུག་བཞིན།། རྒྱ་ནག་པོའི་འོག་ན་སྡུག་བསྔལ་ལྕི།། སྡུག་ལྕི་རུང་བཤད་ས་ང་མེད་གི།། བོད་གངས་རིའི་དཔའ་བོ་དཔའ་མོ་རྣམས།། ལུས་བུད་ཤིང་བཞིན་དུ་མེ་ལ་བསྲེགས།། མེ་དམར་པོའི་ཀླུང་ན་ན་ཟུག་ཆེ།། སྡུག་ཆེ་རུང་བཤད་ས་ང་མེད་གི།། བོད་ཉམ་ཆུང་ཉེས་མེད་ཁྲིམས་ལ་སྦྱར།། ལྕགས་ནག་པོ་བརྒྱབས་ནས་གསོད་རྡུང་བྱས།། ལུས་བཙོན་རར་སོང་ནས་འཇིགས་སྐྲག་མྱངས།། འཇིགས་ཆེ་རུང་བཤད་ས་ང་མེད་གི།། ཞེས་འཁོད་འདུག

གསར་འགོད་པ། དོན་གོ

 

འབྲེལ་ཡོད་གསར་འགྱུར།

Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

ཆུ་ཚོད་ ༩ སྔོན་ལ།
བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese