མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧུའུ་ཡིས་མ་འགྲུབ་པའི་འཆམ་མཐུན་དེ་ཞིས་ལ་རེ་བ་རྒྱག་དགོས་ཆཊ་སོང་།

བོད་ཀྱི་དུས་བབ།
༢༠༡༣/༠༦/༡༧
Share on FacebookShare on TwitterShare on EmailShare on Whatsapp

གཟའ་པ་སངས་ཉིན་ཨོ་སི་ཊི་ལེ་ཡའི་སི་ཊི་ནིའི་གྲོང་ཁྱེར་གྱི་གསོལ་མགྲོན་ཁང་ཞིག་ཏུ་༧གོང་ས་མཆོག་གིས་རྒྱ་རིགས་སྒྱུ་རྩལ་པ་དང་དམངས་གཙོ་དོན་གཉེར་བ་སོགས་མི་ཉིས་བརྒྱ་ལྷག་ལ་མཇལ་འཕྲད་གནང་སྟེ། བོད་རྒྱའི་གནད་དོན་གྱི་གནང་སྟངས་དང་དབུ་མའི་ལམ་གྱི་མིག་འབེན་སོགས་ལ་གསུང་བཤད་དང་དྲི་བར་ལན་འདེབས་བཅས་གནང་འདུག

ཕྱི་ཟླ་ ༦ ཚེས་ ༡༤ཉིན། ནོ་བྷེལ་ཞི་བདེ་རྟགས་མ་བཞེས་མཁན་ཏཱ་ལའི་བླ་མ་མཆོག་སྐུ་སྒེར་གྱི་རྒྱ་དབྱིན་དྲུང་ཆེ་དང་རྒྱ་མཚོ་ཆེན་པོའི་གླིང་གཙོས་ལྷོ་ཤར་ཨེ་ཤ་ཡའི་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་གཙོས་དཔོན་རིགས་ཁག་གི་ཕེབས་རོགས་འོག་སི་ཊི་ནིས་གྲོང་ཁྱེར་ཏུ་ཡོད་པའི་གསོལ་མགྲོན་ཁང་ཆེན་མོ (Hilton Hotel) ནང་ཕྱི་སྡོད་རྒྱ་རིགས་ ༢༠༠ ལྷག་ལ་མཉམ་འཛོམས་བགྲོ་གླེང་དུས་ཚོད་གཅིག་ལྷག་གནང་ཞིང་། ཚོགས་ཞུགས་པའི་ཁྲོད་དུ་རྒྱ་ནག་རང་དབང་རིག་གཞུང་ཚོགས་པའི་ཚོགས་མི་ཁག་ཅིག་དང་། དམངས་གཙོ་དོན་གཉེར་བ་ཁག་ཅིག རྩ་རླུང་སྒོམ་སྒྲུབ་པ་ཁག་ཅིག  ཆེད་མཁས་དང་སྒྱུ་རྩལ་པ། སི་ཊི་ནིས་རྒྱ་རིགས་མཐུན་ཚོགས་བཅས་ཀྱི་མི་སྣ་འདུ་ཞིང་། ད་དུང་རྒྱང་རིང་ཨོ་སི་ཊི་ལི་ཡ་ནུབ་ཕྱོགས་ནས་ཕེབས་པའི་རྒྱ་རིགས་ཀྱང་འདུག

མཉམ་འཛོམས་བགྲོ་གླེང་དེ་བཞིན་རྒྱ་མཚོ་ཆེན་པོའི་གླིང་གཙོས་ལྷོ་ཤར་ཨེ་ཤ་ཡའི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་ནག་འབྲེལ་མཐུད་པ་ཟླ་སྒྲོན་ལགས་དང་དམངས་གཙོ་དོན་གཉེར་བ་ཆིན་ཅིན་རྣམ་གཉིས་ཀྱིས་གཙོ་སྐྱོང་གནང་པ་ཞིག་ཡིན་པ་དང་། འདི་ནི་རྒྱལ་བ་རིན་པོ་ཆེ་ནས་ཆབ་སྲིད་སྐུ་དབང་རྩིས་སྤྲོད་གནང་རྗེས་འདི་གར་རྒྱ་མིར་མཇལ་འཕྲད་ཐེངས་དང་པོ་དེ་རེད། སྐུ་ཞབས་ཆིན་ཅིན་གྱིས་གསུང་བ་ལྟར་ན། འདི་ནི་ཁོ་བོས་འདི་གར་གཙོ་སྐྱོང་གནང་བའི་མཉམ་འཛོམས་བགྲོ་གླེང་ཐེངས་ ༤ པ་དེ་ཡིན་གསུངས་སོང་།

བགྲོ་གླེང་ཚོགས་འདུའི་སྟེང་ནས་རྒྱ་མི་འབག་བཟོ་བ་ཞིག་གིས་རྒྱལ་བ་རིན་པོ་ཆེར་འབག་རིས་སུ་བཞེངས་པའི་ཏཱ་ལའི་བླ་མའི་འདྲ་སྐུ་ཞིག་ཕུལ་བ་དང་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཁོ་བོར་སྐུ་འདྲ་ཞིག་སྐྱེས་ལན་དུ་གནང་སོང་། རྒྱ་ནག་རིག་གཞུང་རང་དབང་ཚོགས་པའི་དྲུང་ཆེ་ལྕམ་ཀྲའོ་ཅིན་ལགས་དང་ཚོགས་མི་སྐུ་ཞབས་ཅང་ཞའོ་ཁྲིན་རྣམ་གཉིས་ཀྱིས་སློབ་དཔོན་ཆེན་མོ་ཡན་ཧོང་པེན་མཆོག་གིས་བོད་མིའི་མེར་བསྲེགས་ངོ་རྒོལ་ཐད་བྲིས་པའི་སྙན་དེབ༼མེ་རུ་འབར་བའི་བསྔོ་དབྱངས༽ཀྱི་མ་རྩོམ་དང་ཁ་བཏགས་སེར་པ་ཞིག་བཅས་རྒྱལ་བ་རིན་པོ་ཆེར་ཕུལ་སོང་། གཞན་སྐུ་ཞབས་ཆིན་ཅིན་ལགས་ཀྱིས་ཀྱང་ཁོ་བོའི་རྩོམ་དེབ༼འཚོལ་སྙེག་དང་རྒྱང་ལྟ༽རྒྱལ་བ་རིན་པོ་ཆེར་ཕུལ་སོང་ལ། དེབ་དེའི་ནང་དུ་བོད་དང་ཐའེ་ཝན་སྐོར་གྱི་རྩོམ་ཡིག་ཁ་ཤས་ཀྱང་འཁོད་ཡོད་འདུག

རྒྱལ་བ་རིན་པོ་ཆེ་ཡིས་སྐུ་ཞབས་ཆིན་ཅིན་ལགས་ཀྱིས༼གྲོགས་པོ་རྙིང་བ༽ཞེས་པའི་ཚིག་མཇུག་མཐུད་དེ་གསུངས་དོན། “ གྲོགས་པོ་རྙིང་བ་ནི་ང་ཚོ་སྒེར་ཙམ་གྱི་སྐད་ཆ་མ་རེད། རྒྱ་བོད་གཉིས་ལ་ཧ་ལམ་ལོ་ངོ་ཉིས་སྟོང་ལྷག་གི་འབྲེལ་བ་བྱུང་བསྡད་ཡོད་པ་རེད། མཚམས་རེར་འཁྲུག་པའང་རྒྱག་གི་ཡོད་པ་རེད། དེ་མིན་གཉེན་སྒྲིག་གི་ཐོག་ནས་འབྲེལ་བ་ཞེ་དྲག་བྱུང་བསྡད་ཡོད་པ་རེད་ལ། ཆོས་ཕྱོགས་ནས་ཀྱང་འབྲེལ་བ་བྱུང་བསྡད་ཡོད་པ་རེད། དེ་མིན་ཆབ་སྲིད་ཀྱི་ལྟ་བ་དང་ལམ་ལུགས་ལ་དུས་ནས་དུས་སུ་འགྱུར་བ་འགྲོ་བསྡད་ཀྱི་ཡོད་པ་རེད། ཡིན་ནའང་། ལོ་ངོ་སྟོང་ཕྲག་ལྷག་གི་ནང་བྱུང་བའི་གཉེན་སྒྲིག་དང་ཆོས་ཕྱོགས་ཀྱི་འབྲེལ་བ་དེར་ནམ་ཡང་འགྱུར་བ་འགྲོ་ཀི་མ་རེད། ང་ཚོ་དཀའ་ངལ་ཞིག་ལྷགས་ཡོད་པ་ནི་མི་དམངས་ཀྱིས་ང་ཚོ་ཕན་ཚུན་བར་གྱི་ལོ་ངོ་སྟོང་ཕྲག་རིང་གི་འབྲེལ་བ་དེར་དྲན་གསོ་བྱས་ནས་ཐུན་མོང་གི་ཁེ་ཕན་བསྒྲུབ་རྒྱུ་ནི་ཤིན་ཏུ་གལ་ཆེན་རེད། དེ་བས། གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་མ་བྱུང་བའི་ཡར་སྔོན་ནམ། ཧ་ལམ་ཕྱི་ལོ་ ༡༩༧༠ ནང་ནས་རྒྱ་རིགས་ལ་འབྲེལ་བ་བྱེད་རྒྱུ་དེ་ཧ་ཅང་གི་གལ་ཆེན་ཞིག་ཏུ་རྩིས་ཡོད་ལ། ཨ་རི་དང་ཡུ་རོབ་ནང་ཡོད་པའི་བོད་རིགས་ཚོར་རྒྱ་རིགས་ལ་འཕྲད་པ་ཡིན་ན་འབྲེལ་བ་བྱེད་རོགས་ཞེས་འབོད་བསྐུལ་རིམ་པས་ཞུས་ཡོད། འོན་ཀྱང་། གནམ་བདེ་སྒོ་མོ་ཆེ་གནས་ཚུལ་མ་བྱུང་བའི་ཡར་སྔོན་རྒྱ་རིགས་དང་འབྲེལ་བ་ཡོང་ཐུབ་ཀྱི་མི་འདུག་ལ། རྒྱ་རིགས་ཚོ་གཡོལ་འགྲོ་ཀི་འདུག” ཅེས་གསུངས་སོང་།

རྒྱལ་བ་རིན་པོ་ཆེ་ཡིས་མུ་མཐུད་དུ་གསུངས་དོན། “ དབྱིན་ལན་དུ་ངའི་སྐུ་ཚབ་ཅིག་ཡོད་པ་རེད། ཧ་ལམ་ལོ་རབས་བརྒྱད་ཅུའི་ནང་ཡིན་ས་ཡོད། སྐུ་ཚབ་དེ་ང་སའེ་ཊེན་ལ་འགྲོ་བར་ཐོངས་མཆན་ཞུ་རུ་དབྱིན་ལན་ཏུ་ཡོད་པའི་སའེ་ཊེན་གཞུང་ཚབ་ཁང་དུ་ཕྱིན་པ་རེད། སྐབས་དེར་དབྱིན་ལན་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཀྱི་ལས་བྱེད་པ་མོ་ཞིག་ཀྱང་སའེ་ཊེན་ལ་ཐོངས་མཆན་ཞུ་རུ་སླེབས་འདུག རྒྱ་རིགས་དེའི་དབྱིན་ཇི་ཡག་པོ་ཞེ་དྲག་མི་འདུག  ངའི་སྐུ་ཚབ་སྐལ་བཟང་ལགས་ཀྱི་དབྱིན་ཇི་ཡག་པོ་ཡོད་པས། རྒྱ་རིགས་དེར་རོགས་བྱས་འདུག་ལ། རྒྱ་རིགས་དེས་ཀྱང་དགའ་བོ་ཞེ་དྲག་གནང་གི་འདུག མཐའ་མཇུག་རྒྱ་རིགས་དེས་ངའི་སྐུ་ཚབ་ལ་ཁྱོད་རང་གང་ནས་ཡིན་ཞེས་དྲིས་པ་དང་། ང་བོད་པ་ཡིན་ཞེས་ལན་བརྒྱབ་མ་ཐག་རྒྱ་མི་དེ་ལམ་སང་རླུང་ལངས་ནས(Tibet is part of China)ཞེས་སྐད་རྒྱག་ཞོར་དུ་ཕྱིན་འདུག བྱས་ཙང་བསམ་བློ་ལྷོད་ལྷོད་མ་བཏང་བར་ཚོར་བའི་རྗེས་སུ་འབྲངས་འདུག་གཱ  བོད་རིགས་གཞོན་སྐྱེས་ཚོའི་ནང་ལོགས་སུའང་བོད་རང་བཙན་ཞེ་དྲག་གླེང་བཞིན་འདུག འདི་ལྟར་ཕན་ཚུན་བར་མ་དགའ་བར་བསྡད་ན་ཕན་ཁྱོན་ནས་ཐོགས་ཀྱི་མ་རེད། དེ་བས། ཕྱི་ལོ་ ༡༩༧༤ ལོར་ང་ཚོས་ངྷ་རམ་སཱ་ལར་འགན་འཁུར་མཁན་ཚོར་གོ་བསྡུར་བྱས་པ་དང་། སྔ་རྗེས་ཙམ་མ་གཏོགས་ཀྲུང་དབྱང་སྲིད་གཞུང་ལ་སྐད་ཆ་བཤད་དགོས་པ་རེད། སྐབས་དེར་རྒྱ་ནག་རིག་གནས་གསར་བརྗེ་ཆེན་པོའི་ལས་འགུལ་ནང་ལྷག་བསྡད་ཡོད་པ་རེད། དེ་བས། རང་བཙན་འཐབ་རྩོད་མ་བྱེད། གཉིས་ཕན་ལ་བསམ་བློ་བཏང་ན་ཡག་པོ་འདུག་ཅེས་དབུ་མའི་ལམ་གྱི་ནང་དོན་འདི་ལྟར་གཏན་འབེབས་བྱས་པ་ཡིན” ཅེས་གསུངས་སོང་།

རྒྱལ་བ་རིན་པོ་ཆེ་ཡིས་རྒྱུན་མཐུད་ནས་གསུང་དོན། “ འདས་པའི་ལོ་རྒྱུས་ནི་འདས་པའི་ལོ་རྒྱུས་རེད། ཧ་ལམ་དུས་རབས་བདུན་པ། བརྒྱད་པ། དགུ་བ་ལ་བོད་རྒྱ་གཉིས་རྒྱལ་ཁབ་ཁག་ཁག་ཡིན་པ་ཧ་ལམ་གསལ་བོ་རེད། རྒྱ་ཡིག་ནང་གསལ་བོ་བཀོད་འདུག་གཱ དེ་ནི་འདས་པའི་ལོ་རྒྱུས་རེད། འཛམ་གླིང་ལ་འགྱུར་བ་འགྲོ་བསྡད་ཡོད་པ་རེད།  ཁ་སང་དེ་རིང་རྒྱ་ནག་ལ་ཆ་བཞག་ན། དཔལ་འབྱོར་ཞེ་དྲག་འཕེལ་རྒྱས་བྱུང་ཡོད་པ་རེད། ང་ཚོ་བོད་པ་ལ་དངོས་པོ་ཡར་རྒྱས་ཡོད་པ་མ་རེད། དེ་འདྲ་སོང་ཙང་། བོད་རིགས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་སུ་བསྡད་པ་ཡིན་ན་དཔལ་འབྱོར་ཐད་ནས་ཁེ་ཕན་ཡོད་པ་རེད། ང་ཚོར་ག་རེ་དགོས་པ་ཟེར་ན། ང་ཚོར་སྐད་ཡིག་ཟུར་དུ་ཡོད་པ་རེད། སྐད་ཡིག་དེའི་ནང་དུ་ནང་བའི་ཆོས་ཕྱུག་པོ་ཞེ་དྲག་ཡོག་རེད། དེ་བས། རྩ་ཁྲིམས་ནང་ཐོབ་ཐང་བཀོད་ཟིན་པ་སྟེ། རང་སྐྱོང་ལྗོངས། རང་སྐྱོང་ཁུལ། རང་སྐྱོང་རྫོང་ཟེར་བ་ཡོད་རེད། མིང་དོན་མཚུངས་པའི་གཏན་འཁེལ་དེ་ཚོ་ཆ་ཚང་བ་ཞིག་ལག་ལེན་འཁེལ་བ་ཡིན་ན། ང་ཚོར་དཀའ་ངལ་མི་འདུག་གཱ ཐུན་མོང་གི་ཁེ་ཕན་རེད་པཱ”

“ ཕྱི་ལོ་ ༡༩༥༤ ལོའི་ཟླ་ ༩ ནང་། ང་རང་པེ་ཅིན་དུ་ཕྱིན་པ་རེད། མའོ་ཙེ་ཏུང་ལ་ཐེངས་མང་པོར་མཇལ་ཡོད། ཧ་ལམ་མཇལ་ཐེངས་དང་པོའམ་གཉིས་པ་དེ་འདྲ་ཞིག་ཡིན་ས་ཡོད། མའོ་ཙེ་ཏུང་གིས་གསུངས་དོན། གྲོས་མཐུན་དོན་ཚན་བཅུ་བདུན་ནང་དུ་དམག་སྲིད་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་ཞིག་འཁོད་ཡོད་པ་དེ་འཛུགས་མ་དགོས་པར་རང་སྐྱོང་ལྗོངས་ཤིག་བཙུགས་པ་ཡིན་ན་ག་འདྲ་འདུག་ཅེས་འདྲི་ཀི་འདུག དེ་ནས་ངས་འབྲེལ་ཡོད་ཚོར་གོ་བསྡུར་བྱས་པ་ཡིན་ལ། དམག་སྲིད་ཨུ་ཡོན་ལྷན་ཁང་འཛུགས་མ་དགོས་པར་རང་སྐྱོང་ལྗོངས་བཙུགས་ན་ཡག་པོ་རེད་ཅེས་ཚང་མ་ཞེ་དྲག་དགའ་སོང་། དེ་ནས་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གཏན་ཁེལ་བ་རེད། དེ་ནས་ནང་སོག་ནས་ཡིན་པའི་སྲིད་བློན་གཞོན་པ་ཨུ་ལན་ཧུའུ་ཡིས་རང་སྐྱོང་གྲ་སྒྲིག་གང་འདྲ་བྱེད་དགོས་ཐད་སློབ་སྦྱོང་སྤྲད་པ་དང་། དེ་བཞིན་ཡན་པེན་རང་སྐྱོང་ཁུལ་ལ་རྟོག་ཞིབ་ཏུ་བསྐྱོད་དེ་ས་གནས་ལས་བྱེད་པ་གསོ་སྐྱོང་བྱེད་སྟངས་ཐད་ཞིབ་འཇུག་དང་སློབ་སྦྱོང་བྱས་པ་ཡིན། དེ་ནས་ ༡༩༥༥ ལོར་ཕྱིར་ལོག་ཡོང་སྐབས། ཡིད་ཆེས་དང་རེ་བ་ཆེན་པོ་བཅངས་ནས་ལོག་ཡོང་བ་ཡིན། ལམ་བར་ནས་དམག་སྤྱི་ཀྲང་གོ་ཧྭ་ལ་ཐུག་སོང་། ངས་ཁོ་རང་ལ་ན་ནིང་ལམ་ཁ་འདིའི་ནང་ནས་མར་ཡོང་སྐབས། ཞེད་སྣང་དང་དོགས་པ་ཁུར་ནས་ཡོང་བ་ཡིན་ལ། ད་ལོ་ཕྱིར་ལམ་ཁ་འདིིའི་ནང་ལོག་སྐབས་ཡིད་ཆེས་དང་རེ་བ་ཆེན་པོ་བཅངས་ནས་ཡོད་ཅེས་ལབ་པ་ཡིན། ཡིན་ནའང་། ཕྱི་ལོ་ ༡༩༥༦ ལོ་ནས་ཟང་ཟིང་ཞིག་བྱུང་བ་རེད་ལ། ཐོག་མར་ཁམས་ནང་དང་དེ་ནས་མཚོ་སྔོན། ཀན་སུའུ་བཅས་སུ་རིམ་པས་ངོ་རྒོལ་བྱུང་ཞིང་། གནས་ཚུལ་ཛ་དྲག་ནས་ཛ་དྲག་གི་ཕྱོགས་སུ་འཕེལ་བ་དང་། མཐའ་མ་དེར་བོད་རང་སྐྱོང་ལྗོངས་ནང་ཟིང་འཁྲུག་དེ་བྱུང་བ་རེད། དེ་ནས་ང་ཚོ་བཙན་བྱོལ་བ་ཆགས་པ་རེད། དེ་དུས་འཛམ་གླིང་རྒྱལ་ཚོགས་ལ་ཞུ་བ་སོགས་ཀྱི་ཐབས་ཤེས་མང་བོ་བྱས་པ་ཡིན། མཐའ་མ་དེར་ཉམས་མྱོང་ཕྱོགས་སྡོམ་བྱས་ནས་ཕྱི་ལོ་ ༡༩༧༤ ལོར་ཀྲུང་དབྱང་སྲིད་གཞུང་ལ་སྐད་ཆ་བཤད་ཡ་དེ་ཡག་ཤོས་རེད་ཅེས་གཏན་འཁེལ་བ་རེད།  དེ་ནས་ཕྱི་ལོ་ ༡༩༧༩ ལོར་ངའི་ཇོ་ལགས(རྒྱལ་ལོ་དོན་གྲུབ)ཏིང་ཞའོ་ཕིན་ལ་མཇལ་རྒྱུ་བྱུང་བ་རེད་ལ། འབྲེལ་མོལ་གསར་བ་ཞིག་གི་མགོ་ཚུགས་པ་རེད། ཧུའུ་ཡའོ་པང་ལྷ་སར་ཕེབས་པ་དང་། སྐབས་དེར་དངོས་གནས་དྲང་གནས་དཀའ་ངལ་འདི་སེལ་ཐུབ་རྒྱུ་ལྟ་བུ་ཞིག་བྱུང་བ་རེད། ཡིན་ནའང་རྗེས་སུ་ཧུའུ་ཡའོ་པང་ལ་དཀའ་ངལ་འཕྲད་པ་རེད། དེ་ནས་ལིས་ཕིན་ནི་མི་མཁྲེགས་པོ་ཞིག་འདུག་གཱ ཕྱི་ལོ་ ༢༠༠༦ ལོར་དུས་འཁོར་དབང་ཆེན་སྐབས་སུ། རྒྱ་རིགས་སྐོར་ཞིག་བསླེབས་སོང་། དེའི་ནང་དུ་རྒྱ་རིགས་ཤིག་འདུག་ལ། ལིས་ཕིན་གྱི་སྐུ་སྲུང་གི་གྲས་ཡིན་ཟེར་གི ཁ་སང་དེ་རིང་ལིས་ཕིན་ཡང་ནང་བར་སྐྱབས་སུ་འགྲོ་བཞིན་ཡོད་ཅེས་བཤད་སོང་། གང་ལྟར་ལིས་ཕིན་གྱི་བུ་མོ་དེ་ནང་བ་ཡིན་ཞེས་བརྒྱུད་ལམ་ཁག་ཏུ་མཐོང་གི་འདུག ད་ལོ་རྒྱུས་འདི་ལྟར་ཕྱིན་སོང་། ངའི་མི་ཚེ་འདི་ལྟར་ཕྱིན་སོང་། མཚམས་མཚམས་ལ་རེ་བ་འདུག མཚམས་མཚམས་ལ་རེ་བ་མི་འདུག ད་ཧུའུ་ཅིན་ཐོ་ལ་དབང་ཆ་རག་རྗེས། འཆམ་མཐུན་ཟེར་བ་དེ་ཞེ་དྲག་བཤད་སོང་ལ། རེ་བའང་རྒྱབ་པ་ཡིན། འོན་ཀྱང་། ལོ་བཅུ་འདས་ཚར་བ་རེད། མཐུན་སྒྲིལ་ཡག་ཏུ་ཕྱིན་ཡོད་དང་མཐུན་སྒྲིལ་སྡུག་ཏུ་ཕྱིན་ཡོད་བཤད་མ་ཤེས་པ་ཞིག་ཡོང་གི་འདུག འཆམ་མཐུན་ནི་ནོར་འཁྲུལ་ལམ་སྒྲུབ་མི་ཐུབ་པ་ཞིག་མ་རེད་དེ། དྲག་ཤུགས་བེད་སྤྱོད་བཏང་བ་ཡིན་སྟབས་མ་འགྲུབ་པ་རེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བའི་སྤྱི་མཐུན་ལ་མཐུན་སྒྲིལ་དང་ཆིག་བསྒྲིལ་ཧ་ཅང་གི་གལ་ཆེན་རེད། གཅིག་གིས་གཅིག་ལ་དོགས་པ་བྱས་ནས་གནོན་ཤུགས་སྤྲད་ན་ཕན་གྱི་མ་རེད། དེ་འདྲ་ཡིན་སྟབས། བློ་མཐུན་ཞིས་ཅིན་ཕེན་གྱིས་སྲིད་འགན་ཁུར་བ་ནི་ལེའུ་གསར་བ་ཞིག་གི་མགོ་འཛུགས་རེད། ད་ཧུའུ་ཅིན་ཐོ་ཡིས་མ་འགྲུབ་པའི་འཆམ་མཐུན་སྤྱི་ཚོགས་དེ་ཁོང་གི་དུས་ཚོད་འདིར་འགྲུབ་ཐུབ་རྒྱུར་ཕལ་ཆེར་རེ་བ་རྒྱག་རྒྱུ་ཅིག་ཡོད་པ་རེད། མགོ་ཁྲིད་ནི་མགོ་ཁྲིད་རེད། གལ་ཆེ་ཤོས་དེ་ང་ཚོ་མི་མང་རེད། དེ་བས། ཆིན་ཅིན་ལྟ་བུ་ཡིན་ན་སྔ་མོ་ནས་ངོ་ཤེས་པ་རེད་ལ། མི་དམངས་བར་མཐུན་སྒྲིལ་ཡོང་བར་ཕྱག་ལས་གནང་བ་རེད” ཅེས་གསུངས་སོང་།

མཇུག་གི་དྲི་བ་དྲིས་ལན།  

དྲི་བ། བོད་མི་མེར་བསྲེགས་ལ་ངོ་རྒོལ་ཡོད་དམ་རྒྱབ་སྐྱོར་ཡོད།

ལན། རྒྱབ་བསྐྱོར་ག་འདྲ་ཞིག་བྱེད་དགོས་པ་རེད། ཁག་པོ་ཆགས་པ་རེད་དཱ། དང་པོ་གནས་ཚུལ་དེ་བྱུང་མ་ཐག ང་ལ་ BBC ཡིས་སྐད་ཆ་དྲིས་སོང་ལ། ངས་བློ་ཕམ་ཞེ་དྲག་བྱུང་ཞེས་བཤད་པ་ཡིན། དེ་ཡིས་ཕན་ཐོགས་གང་འདྲ་ཞིག་བྱུང་བར་བསམ་བློ་གཏོང་དགོས་པ་རེད། རྩ་བའི་ཆ་ནས་འདི་ནི་ཆབ་སྲིད་ཀྱི་གནས་ཚུལ་ཛ་དྲག་ཅིག་ཆགས་བསྡད་ཡོད་པ་རེད། ངས་ལོ་གཉིས་ཀྱི་གོང་ནས་ཆབ་སྲིད་ཀྱི་ལས་ཀ་བཞག་ཚར་བ་རེད། དེའི་རྗེས་སུ་ཡང་རྟག་པར་འདི་འདྲའི་སྐད་ཆ་འདྲི་མཁན་བྱུང་བསྡད་ཀྱི་འདུག་ལ། དེ་ནས་ངས་འདི་ནི་རྒྱུ་རྐྱེན་ཞིག་ལ་བརྟེན་ནས་བྱུང་བ་རེད། ཞིབ་འཇུག་བྱེད་རྒྱུ་གལ་ཆེན་པོ་རེད། དེར་བརྟེན། རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་བྱེད་ཚོས་ཞིབ་འཇུག་ཡག་པོ་བྱེད་དགོས་ཀྱི་རེད།

༢༠༠༨ ལོའི་དོན་རྐྱེན་དེ་ཡོང་བའི་ཁ་ཐུག་དེར་སྲིད་བློན་ཝུན་ཅ་པོས་རྒྱ་གར་ནས་ཏཱ་ལའི་བླ་མ་བརྒྱུད་ནས་ཟིང་ཆ་ལངས་པ་རེད་ཅེས་ལབ་སོང་། ངས་ལམ་སང་འདི་གར་ཞིབ་འཇུག་བྱེད་དུ་ཡོང་རོགས། ངྷ་རམ་སཱ་ལ་ན་ཡིག་ཆ་དང་ངས་བཤད་བཞག་པ་སྒྲ་བཅུག་ནས་ཡོད་རེད། དེ་ནས་ཞིབ་འཇུག་བྱེད་དུ་ཡོང་མ་སོང་། དེ་བཞིན། རང་ལུས་མེར་བསྲེགས་བཏང་བ་དེ་ཕྱི་ལོགས་ནས་བརྒྱུད་བསྐུལ་བྱས་པ་རེད། ཏཱ་ལའི་ནས་བརྒྱུད་བསྐུལ་བྱས་པ་རེད་ཅེས་བསྒྲགས་སྟབས། རྒྱ་གར་གྱི་ཚགས་པར་ཁག་ང་ལ་སྐད་ཆ་འདྲི་རུ་བསླེབས་སོང་། ངས་ཞིབ་འཇུག་བྱེད་དུ་ཡོང་རོགས་ལབ་པ་ཡིན།  

ཕྱི་ལོ་ ༢༠༠༩ ལོའི་རྗེས་ནས་བཙན་བྱོལ་བོད་གཞུང་དང་རྒྱ་ནག་སྲིད་གཞུང་གི་འབྲེལ་མོལ་མཚམས་ཆད་པ་རེད། ད་ལྟ་རྒྱ་ནག་གི་དབུ་ཁྲིད་གསར་བ་སླེབ་ཡོད་སྟབས། ཏཱ་ལའི་བླ་མ་མཆོག་གིས་འབྱུང་འགྱུར་རྒྱ་ནག་དབུས་གཞུང་ལ་འབྲེལ་མོལ་གྱིས་བོད་ཀྱི་གནད་དོན་ཐག་གཅོད་བྱེད་པར་དགོངས་ཚུལ་ག་རེ་འཛིན་གྱི་ཡོད་དམ།

ལན། ང་ཚོས༼བཙན་བྱོལ་བོད་གཞུང༽ཟེར་བའི་ཚིག་དེ་ཁྱོན་ནས་བཤད་ཀྱི་མེད་དཱ། བཙན་བྱོལ་བོད་མི་ནི་ཡོད་པ་རེད། དེ་ལ་ལྟ་རྟོག་བྱེད་པའི་སྒྲིག་འཛུགས་ཤིག་ཡོད་པ་རེད། དེ་ལྟར་བཤད་ན་འགྲིག་གི་ཡོད་པ་མ་གཏོགས༼བཙན་བྱོལ་གཞུང༽ཞེས་ཟེར་ཀྱི་མེད། ང་ཚོའི་སྒྲིག་འཛུགས་འདིས་དབུ་མའི་ལམ་ཟེར་བ་དེར་འགན་འཁུར་གྱི་ཡོད་པ་རེད། བར་སྐབས་གཞོན་ནུའི་ནང་ནས་ད་ང་ཚོ་རང་བཙན་ལངས་ཕྱོགས་ཟིན་དགོས་ཀྱི་འདུག་ཅེས་བསམ་འཆར་ཡོང་གི དེ་ནས་ང་ཚོས་གསལ་བོ་བྱས་ཏེ་འདི་ནི་བཙན་བྱོལ་བོད་མིའི་དོན་དག་གཅིག་པུ་མ་རེད་བོད་ནང་གི་རྒྱ་ཆེ་མི་དམངས་ལ་བསམ་བློ་གཏོང་དགོས་པ་རེད། དེ་འདྲ་ཡིན་སྟབས་རྒྱ་ཆེ་ས་ནས་བསམ་བློ་བཏང་། ད་ང་ཚོ་གཉིས་ཕན་སྒང་ལ་འགྲོ་རྒྱུ་དེ་འགྲུབ་ཐུབ་པའི་ཐབས་ཤེས་ཤིག་རེད། ང་ཚོས་གསལ་བཤད་ཞེ་དྲག་བྱས་ཡོད། ང་རང་སྒེར་ངོས་ནས་ཀྱང་ཆབ་སྲིད་ཀྱི་ལས་ཀ་བཞག་ཚར་བ་རེད་དེ། ང་རང་བོད་པ་གཅིག་ཡིན་པའི་ངོས་ནས་འགན་ཡོད་སྟབས་གསལ་བཤད་བྱས་པ་ཡིན། ད་དུང་བོད་ནང་ནས་ང་ལ་ལན་སྐུར་མཁན་དང་ཡི་གེ་སྐུར་མཁན་ཚང་མས་དབུ་མའི་ལམ་ཟེར་བ་དེར་རྒྱབ་སྐྱོར་བྱེད་ཀྱི་འདུག བཙན་བྱོལ་གཞུང་ཟེར་བའི་ཚིག་དེར་ངས་ལས་ཀ་འདི་བཞག་པའི་རྗེས་ལ་གསལ་བཤད་ཅིག་བྱས་སྟབས། བོད་པ་མང་བོ་ཞིག་གིས་ང་ལ་སྐྱོན་བརྗོད་བྱས་པ་དང་། བོད་གཞུང་བསྡུ་གསོག་བརྒྱབ་སོང་ཞེས་སྐྱོན་བརྗོད་ཞེ་དྲག་བྱུང་སོང་། ངས་ཀྱང་གསལ་བཤད་མང་བོ་བྱས་པ་ཡིན། མཇུག་མཐར་ང་རང་ལ་རྒྱལ་ཁ་ཐོབ་པའི་བཟོ་འདྲ་བོ་ཐོན་སོང་། ང་རང་ལ་རྒྱུ་མཚན་ཡོད་པ་རེད། ཡིན་ནའང་། ངས་རྟག་པར་བཤད་ཀྱི་ཡོད། འདི་ནི་བཀའ་བཏང་བ་མ་རེད་དཱ། ང་རང་གི་བསམ་ཚུལ་བཤད་ཀྱི་ཡོད། འགྲེལ་བཤད་རྒྱག་རྒྱུ་ང་ལ་མང་བོ་ཡོད་པ་རེད། རང་བཙན་དང་བཙན་བྱོལ་བོད་གཞུང་ཟེར་བ་དེ་ནི་ཚོར་བའི་སྐད་ཆ་བཤད་ཀྱི་ཡོད་པ་རེད།

དྲི་བ། བོད་ལ་ལོ་ངོ་བརྒྱ་ཕྲག་མང་བོའི་ཆོས་སྲིད་ཟུང་འབྲེལ་གྱི་ལོ་རྒྱུས་འདུག མི་འགྱངས་པའི་ཡར་སྔོན་ཁྱེད་ཀྱིས་རང་འགུལ་གྱིས་སྲིད་ཀྱི་དབང་ཆ་རྩིས་སྤྲོད་དང་། བོད་བརྒྱུད་ནང་བསྟན་ལ་དག་ཐེར་གྱིས་ཆོས་སྲིད་གཉིས་ཁ་ཁར་དབྱེ་དོན་ཅི། བྱེད་སྟངས་འདིས་ཤུགས་རྐྱེན་ཅི་ཞིག་བསྐྲུན་སྲིད་དམ།

ལན། ང་རང་ཆུང་ཆུང་ཡིན་དུས་ནས་བོད་གཞུང་གི་སྒྲིག་འཛུགས་ཀྱི་འགྲོ་སྟངས་དེའི་སྐྱོན་མཐོང་གི་ཡོད། སྐྱོན་མཐོང་བསྡད་པ་དེའི་རྩ་བ་ཐུག་ས་དེ་དབང་ཆ་མི་རེ་ཟུང་གི་ལག་པར་ཡོད་པ་དེར་ཐུག་འདུག དེ་འདྲ་ཡིན་དུས།  ངས་ཕྱི་ལོ་  ༡༩༥༡ ལོར་ཆབ་སྲིད་ཀྱི་དབང་ཆའི་འགན་བླངས་པ་ཡིན། ཕྱི་ལོ་ ༡༩༥༢ ལོར་སྤྱི་ཚོགས་ལེགས་བཅོས་ཀྱི་ལས་ཁུངས་བཙུགས་པ་ཡིན། དེ་བཞིན་ཕྱི་ལོ་ ༡༩༥༨ ལོར་རང་དབང་ལྡན་པའི་ཁྲིམས་ཞིབ་ལས་ཁུངས་ཤིག་བཙུགས་པ་ཡིན། དེ་ནས་ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་ལ་བསླེབས་པ་དང་། ཕྱི་ལོ་ ༡༩༦༠ ལོ་ནས་སྤྱི་འཐུས་འདེམས་བསྐོ་མགོ་བཙུགས་པ་ཡིན། ཕྱི་ལོ་ ༢༠༠༡ ལོར་ཆབ་སྲིད་ཀྱི་མགོ་ཁྲིད་དེ་འོས་བསྡུ་བྱས་ནས་བྱུང་བ་ཡིན་ལ། ང་རང་ཕྱེད་རྒན་ཡོལ་བྱས་ནས་བསྡད་པ་ཡིན། ཕྱི་ལོ་ ༢༠༡༡ ལོར་ང་རང་རྒན་ཡོལ་ཆ་ཚང་བྱས་པ་ཡིན། དེ་ནི་ང་རང་རྒན་ཡོལ་གཅིག་པུ་མ་རེད། དེ་ནི་རྒྱལ་དབང་ལྔ་བའི་སྐབས་སམ། དུས་རབས་བཅུ་བདུན་པ་ནས་༧གོང་ས་ལྔ་བ་ཆེན་མོའི་སྐབས་ནས་ཏཱ་ལའི་བླ་མས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་གནང་ནས་ལོ་ངོ་ ༤༠༠ ལྷག་གི་ལོ་རྒྱུས་དེ་མཇུག་སྒྲིལ་བ་རེད། འཛམ་གླིང་ནི་འཛམ་གླིང་མི་དམངས་ཀྱི་རེད་ལ། རྒྱལ་ཁབ་ཁག་ཀྱང་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་རེད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལའང་མི་དམངས་བཏགས་ཡོད་པ་རེད་མ་གཏོགས་ཚོགས་ཁག་གཅིག་གི་ཡིན་ཞེས་བཏགས་ཡོད་པ་མ་རེད།  ངས་ཨ་མེ་རི་ཀ་ནས་ཀྱང་བཤད་རྒྱུ་བྱུང་། ཨ་མེ་རི་ཀ་ནི་ཨ་རིའི་མི་འབོར་དུང་ཕྱུར་གསུམ་གྱི་རེད་མ་གཏོགས་དམངས་གཙོ་ཚོགས་པའམ། སྤྱི་མཐུན་ཚོགས་པ་གང་རུང་གི་མ་རེད། མི་དམངས་ཀྱིས་འོས་བསྡུ་བྱས་ནས་བསླེབས་པའི་མགོ་ཁྲིད་ཀྱིས་མི་དམངས་ཀྱི་ཚབ་བྱེད་དགོས་ཀྱི་རེད། དེ་ནས་མི་དམངས་ཀྱིས་མ་འགྲིག་པ་ཞིག་མཐོང་བ་ཡིན་ན། ཁོ་རང་འཐེན་ཆོག་གི་རེད། བར་སྐབས་ནས་ངས་འདི་བཤད་ཀྱི་ཡོད། རྒྱ་ནག་མི་དམངས་དུང་ཕྱུར་བཅུ་གསུམ་ལ་དངོས་ཡོད་གནས་ཚུལ་ཤེས་པའི་ཐོབ་ཐང་ཡོད་པ་རེད། གལ་སྲིད་རྒྱ་ནག་དུང་ཕྱུར་བཅུ་གསུམ་གྱིས་དངོས་ཡོད་གནས་ཚུལ་ཤེས་པ་ཡིན་ན། བཟང་ངན་གྱི་དབྱེ་བ་འབྱེད་པའི་ནུས་པ་ཡོད་པ་རེད། དེ་བས། དངོས་ཡོད་གནས་ཚུལ་སྦ་གསང་ནི་ནོར་འཁྲུལ་རེད་དཱ། འཛམ་གླིང་ཕྱི་ལོགས་ཀྱི་གསར་འགྱུར་རྒྱ་ནག་གཞུང་གིས་གསང་བ་བྱེད་ཐུབ་ཀྱི་མ་རེད་ལ། རྒྱ་ནག་ནང་གཅིག་པུ་ནས་གསང་སྦས་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་མི་དམངས་ལ་མཐོང་ཆུང་བྱེད་ཀྱིན་པའི་བཟོ་འདུག དེ་བས། མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་དེ་ཆགས་ཀྱི་མི་འདུག་གཱ  ང་རང་སྔར་པེ་ཅིན་དུ་ཡོད་སྐབས། མི་དམངས་མང་པོ་ཞིག་གོ་ཡོང་གི མི་དམངས་སྨན་ཁང་། མི་དམངས་ཉིན་རེ་ཚགས་པར། མི་དམངས་གསོལ་མགྲོན་ཁང་། ང་ཚོའི་གཞུང་ཞབས་ཤིག་ཡོད་པ་དེ་མི་དམངས་གསོལ་མགྲོན་ཁང་དུ་བསྡད་པ་རེད། ཁོས་བཤད་དོན་མིང་ལ་མི་དམངས་གསོལ་མགྲོན་ཁང་ཟེར་ཀི མི་དམངས་མཐོང་རྒྱུ་མི་འདུག དེ་རུ་བསྡད་མཁན་ལས་བྱེད་རྐྱང་རེད། ད་རྒྱ་ནག་གི་ཁྲིམས་དེ་བཞིན་རྒྱལ་སྤྱིའི་ཁྲིམས་ཀྱི་ཚད་ལོངས་པ་ཞིག་བཟོ་རྒྱུ་དེ་ཞེ་དྲག་གལ་ཆེན་རེད།

དྲི་བ། བོད་ཀྱི་བླ་མའི་ཡང་སྲིད་དང་ཏཱ་ལའི་བླ་མའི་ཡང་སྲིད་ལམ་ལུགས་ནི་བོད་བརྒྱུད་ནང་བསྟན་གྱི་བརྒྱུད་འཛིན་གལ་ཆེན་ཞིག་རེད། ཉེ་ཆར་རྒྱ་དམར་གཞུང་གི་འབྲེལ་ཡོད་མི་སྣས་ཕྱི་ལོགས་སུ་བཤད་དོན། ཏཱ་ལའི་བླ་མའི་ཡང་སྲིད་རྒྱ་ནག་རྒྱལ་ཁབ་ནང་འཁྲུངས་ཐབས་ལ་འབད་བརྩོན་བྱེད་དགོས་ཤིང་། དེ་ལྟར་པཎ་ཆེན་བླ་མར་ཡང་སྲིད་གཉིས་ཡོད་པ་ལྟ་བུའི་གནད་དོན་བསྐྱར་དུ་མི་འབྱུང་བར་སྔོན་འགོག་བྱེད་ཐུབ་ཟེར།  གཅིག ཡང་སྲིད་ཀྱི་བསྟན་དོན་ཅི། གཉིས། ཡང་སྲིད་ངོས་འཛིན་ཐད་སྲིད་དབང་ཞིག་གིས་ཐེ་གཏོགས་བྱེད་ཆོག་གམ།

ལན། བོད་ཀྱི་སངས་རྒྱས་ཆོས་ལུགས་ནི་ནཱ་ལེན་དྲའི་ཆོས་བརྒྱུད་དྲི་མ་མེད་པ་དེ་ཆགས་ཡོད། དེའི་ནང་དུ་ཡང་སྲིད་ངོས་འཛིན་གྱི་ལམ་ལུགས་ཡོད་པ་མ་རེད། བོད་ཀྱི་སྤྱི་ཚོགས་ནང་དུ་རིམ་པས་རིམ་པས་དེ་འདྲ་ཞིག་ཆགས་པ་རེད། དེ་འདྲ་ཡིན་སྟབས། ངས་དེ་ནི་ཞེ་དྲག་གལ་ཆེན་ལ་བརྩི་ཡི་མེད། ཕྱི་ལོ་ ༡༩༦༩ ལོར་ངས་གཞུང་འབྲེལ་གྱི་གསལ་བསྒྲགས་ཤིག་གི་ནང་ཏུ་གསལ་བོར་བཀོད་ཡོད། ཏཱ་ལའི་བླ་མའི་བླ་བྲང་གི་སྒྲིག་འཛུགས་འདི་བཞིན་གནས་དགོས་དང་མི་དགོས་ཟེར་བ་དེ་རྒྱ་ཆེའི་མི་དམངས་ཀྱི་འདོད་པ་རེད་མ་གཏོགས་དེ་གལ་ཆེན་མ་རེད། ཏཱ་ལའི་བླ་མའི་ཡང་སྲིད་ལ་ང་རང་ལས་གུང་ཁྲན་ཏང་གིས་སེམས་ཁུར་བྱེད་ཀྱི་འདུག འདི་ནི་སྲིད་དོན་དུ་བསྒྱུར་བ་རེད། ཆོས་ཕྱོགས་ཀྱི་སྐད་ཆ་ཅང་མ་རེད། དེ་བས། ངས་རྩེད་མོ་བརྩེ་ནས་ལབ་ཀྱི་ཡོད། སྔོན་ལ་གུང་ཁྲན་ཏང་གིས་སྐྱེ་བ་སྔ་ཕྱི་ཁས་ལེན་བྱོས། དེ་ནས་མའོ་ཙེ་ཏུང་གི་ཡང་སྲིད་གཅིག་དང་ཏིན་ཞའོ་ཕིན་གྱི་ཡང་སྲིད་ཅིག་ངོས་འཛིན་བྱས་སོང་བ་ཡིན་ན། ད་གཟོད་ཏཱ་ལའི་བླ་མའི་ཡང་སྲིད་ལ་ཇུས་གཏོགས་བྱེད་ཐུབ་ཀྱི་རེད། 

དྲི་བ། ཏཱ་ལའི་བླ་མས༼ཆོས་འཁོར་སྒོམ་སྒྲུབ་རྩ་རླུང༽( ཧྥ་ལུང་ཀོང) ལ་ལྟ་སྟངས་ཅི་ཞིག་འཛིན་བཞིན་ཡོད་དམ།

ལན། ཧྥ་ལུང་ཀོང(ཆོས་འཁོར་སྒོམ་སྒྲུབ་རྩ་རླུང)ལ་མི་མང་བོ་ཞིག་གིས་ཕན་ཐོགས་འདུག་གསུང་གི ཡང་མི་ཁ་ཤས་ཤིག་གིས་ཐེ་ཚོམ་བྱེད་ཀྱི་འདུག ད་སོ་སོའི་ཁམས་དང་མོས་པར་བརྟེན་ནས་འགྲོ་རྒྱུ་རང་རེད། གལ་ཆེ་བ་དེ་དཔེ་ཆ་ལྟ་རྒྱུ་དེ་རེད། བོད་ཀྱི་བླ་མ་ཞིག་གིས་གསུངས་ཡོད་པ་རེད། བླ་མ་ཟེར་བ་དེ་དཔེ་ཆ་བླ་མར་བརྩི་དགོས་པ་རེད་ལ། མི་དེར་རྟག་དཔྱད་ཡག་པོ་བྱེད་དགོས་པ་རེད།

མཉམ་འཛོམས་བགྲོ་གླེང་མཇུག་གྲིལ་རྗེས། རྒྱལ་བ་རིན་པོ་ཆེ་དང་ཚོགས་ཞུགས་རྒྱ་མི་ཚོའི་མཉམ་དུ་དྲན་རྟེན་འདྲ་པར་བསྐྱོན་སོང་། དེ་ནས་རྒྱལ་བ་རིན་པོ་ཆེ་སི་ཊི་ནིས་རོལ་རྩེད་ར་བར་གསུང་ཆོས་གནང་དུ་ཕེབས་པ་དང་། ཕེབས་སྐྱེལ་ཐད་ཨོ་སི་ཊི་ལི་ཡའི་མཐོ་རིམ་ཉེན་རྟོག་ཁང་གིས་འགན་བླངས་ཡོད་ཅིང་། རྒྱལ་ཁབ་རིམ་པའི་དབུ་ཁྲིད་ཀྱི་སྲུང་སྐྱོབ་ཞབས་ཞུ་ཕུལ། དེ་མཚུངས་སུ་གསུང་ཆོས་ར་བའི་ཕྱི་ལོགས་སུ་ཤུགས་ལྡན་ཚོགས་པའི་ཚོགས་མི་བཞི་ལྔ་ཞིག་གིས་༼ཏཱ་ལའི་བླ་མ་རྫུན་རྐྱལ༽ཞེས་ངོ་རྒོལ་སྐད་འབོད་བྱེད་ཀྱིན་པ་དང་། སང་ཉིན་དེ་ལས་ཅུང་གཞི་རྒྱ་ཆེ་བའི་ཕྱི་སྡོད་རྒྱ་མིའི་ཚོགས་པ་ཁག་ཅིག་གིས་ཀྱང་ངོ་རྒོལ་སྤེལ་འཆར་ཡོད་འདུག

གསལ་བཤད། གོང་གི་གནས་ཚུལ་དེ་ལྷ་སྡེ་གནམ་ལོ་ཡག་ལགས་ཀྱིས་བོད་བསྒྱུར་དང་སྒྲ་ཕབ་བཤུ་གནང་པ་དང་། གུག་རྟགས་ནང་གི་ཡི་གེ་དག་བསྒྱུར་མཆན་ཡིན།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 10

  1. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    སེམས་བཟང་།
    ༢༠༡༣/༠༦/༡༨ ཉིན་འདོན་སྤེལ་བྱས།
    ལད་ཟློས་བྱེད་མཁནཀརྨ་མ་རྡོ་རྗེར་ཞུ་རྒྱུ། ཁྱེད་རང་གིས་རིག་པའམ་བསམ་ཚུལ་འབྲི་རྒྱུ་མི་རྙེད་ན་རང་སོར་ཞོགས་དང་། གསར་འགྱུར་དང་རྩོམ་ཡིག་ནང་ནས་ཚུར་བཤུས་ཏེ་ཟེར་ཟེར་ཞེས་འགོད་སྤེལ་བྱེད་དགོས་དོན་ཁྱོན་ནས་མི་འདུག ང་རང་ལྟ་བུར་མཚོན་ན་དང་པོ་གསར་འགྱུར་དང་རྩོམ་ཡིག་དེ་ཡང་ཡང་ཀློག དེ་ནས་སོ་སོས་རིག་པའམ་བསམ་ཚུལ་བྲིས་ཏེ་མཆན་འདེབས་ཀྱི་ཡོད། ་་་་་ཟེར།

    Reply
  2. ཇོ་རུ་ཚེ་རིང་། says:
    ལོ་ 13 སྔོན།

    སྐུ་ཞབས་གནམ་ལོ་ཡག་ལ་ཐུགས་རྗེ་ཆེ་ཞུ། གསར་འགྱུར་འདི་ཧ་ཅང་གནད་འགག་ཅན་ཞིག་རེད། ༸གོང་ས་མཆོག་གི་གསུང་བཤད་ཆ་ཚང་དང་དྲི་བ་ཡོད་ཚད་མ་ལུས་པར་ཇི་མ་ཇི་བཞིན་འགོད་ཐུབ་པ་ཡིན་ན། མང་ཚོགས་ལ་ཧ་ཅང་ཐུགས་ཕན་སོས་པ་བཤད་མ་དགོས་སྟབས། འདིར་ཆ་ཚང་འགོད་ཐུབ་མེད་པ་ཡིན་ན། རྗེས་སུ་ཆ་ཚང་འགོད་ཐུབ་རྒྱུར་སྙིང་ནས་རེ།

    Reply
  3. སེམས་བཟང་། says:
    ལོ་ 13 སྔོན།

    ལད་ཟློས་བྱེད་མཁནཀརྨ་མ་རྡོ་རྗེར་ཞུ་རྒྱུ། ཁྱེད་རང་གིས་རིག་པའམ་བསམ་ཚུལ་འབྲི་རྒྱུ་མི་རྙེད་ན་རང་སོར་ཞོགས་དང་། གསར་འགྱུར་དང་རྩོམ་ཡིག་ནང་ནས་ཚུར་བཤུས་ཏེ་ཟེར་ཟེར་ཞེས་འགོད་སྤེལ་བྱེད་དགོས་དོན་ཁྱོན་ནས་མི་འདུག ང་རང་ལྟ་བུར་མཚོན་ན་དང་པོ་གསར་འགྱུར་དང་རྩོམ་ཡིག་དེ་ཡང་ཡང་ཀློག དེ་ནས་སོ་སོས་རིག་པའམ་བསམ་ཚུལ་བྲིས་ཏེ་མཆན་འདེབས་ཀྱི་ཡོད། མཚམས་མཚམས་སུ་བསམ་ཚུལ་མེད་པས་མཆན་འདེབས་ཀྱི་མེད། ཁྱེད་རང་གིས་བཤུས་མཆན་ཡང་ཡང་སྤེལ་གནང་གི་འདུག ང་ཙམ་ཡིན་རྒྱུ་མ་རེད། མཆན་ཀློག་པ་པོ་མང་པོ་ཞིག་ལ་ཁྱེད་ཀྱི་བཤུས་མཆན་གྱིས་སུན་སྣང་ཏན་ཏན་སྐྱེས་བཅུགས་ཡོད་ཀྱི་རེད་འདོད། ཀློག་པ་པོ་ཚང་མ་སྨྲ་ཤེས་ཤིང་དོན་གོ་ཡིན་པས་ཁྱེད་ནས་རྩོམ་ཡིག་དང་གསར་འགྱུར་གྱི་སྙིང་དོན་བཀྲལ་ཁུལ་བྱེད་དགོས་དོན་མེད། དེ་ཙམ་ཡིན།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་་ ཕེབས་སྐྱེལ་ཐད་ཨོ་སི་ཊི་ལི་ཡའི་མཐོ་རིམ་ཉེན་རྟོག་ཁང་གིས་འགན་བླངས་ཡོད་ཅིང་། རྒྱལ་ཁབ་རིམ་པའི་དབུ་ཁྲིད་ཀྱི་སྲུང་སྐྱོབ་ཞབས་ཞུ་ཕུལ། དེ་མཚུངས་སུ་གསུང་ཆོས་ར་བའི་ཕྱི་ལོགས་སུ་ཤུགས་ལྡན་ཚོགས་པའི་ཚོགས་མི་བཞི་ལྔ་ཞིག་གིས་༼ཏཱ་ལའི་བླ་མ་རྫུན་རྐྱལ༽ཞེས་ངོ་རྒོལ་སྐད་འབོད་བྱེད་ཀྱིན་པ་དང་། སང་ཉིན་དེ་ལས་ཅུང་གཞི་རྒྱ་ཆེ་བའི་ཕྱི་སྡོད་རྒྱ་མིའི་ཚོགས་པ་ཁག་ཅིག་གིས་ཀྱང་ངོ་རྒོལ་སྤེལ་འཆར་ཡོད་འདུག ་་་་་་ཟེར།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་་ དྲག་ཤུགས་བེད་སྤྱོད་བཏང་བ་ཡིན་སྟབས་མ་འགྲུབ་པ་རེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བའི་སྤྱི་མཐུན་ལ་མཐུན་སྒྲིལ་དང་ཆིག་བསྒྲིལ་ཧ་ཅང་གི་གལ་ཆེན་རེད། གཅིག་གིས་གཅིག་ལ་དོགས་པ་བྱས་ནས་གནོན་ཤུགས་སྤྲད་ན་ཕན་གྱི་མ་རེད། དེ་འདྲ་ཡིན་སྟབས། བློ་མཐུན་ཞིས་ཅིན་ཕེན་གྱིས་སྲིད་འགན་ཁུར་བ་ནི་ལེའུ་གསར་བ་ཞིག་གི་མགོ་འཛུགས་རེད། ད་ཧུའུ་ཅིན་ཐོ་ཡིས་མ་འགྲུབ་པའི་འཆམ་མཐུན་སྤྱི་ཚོགས་དེ་ཁོང་གི་དུས་ཚོད་འདིར་འགྲུབ་ཐུབ་རྒྱུར་ཕལ་ཆེར་རེ་བ་རྒྱག་རྒྱུ་ཅིག་ཡོད་པ་རེད། མགོ་ཁྲིད་ནི་མགོ་ཁྲིད་རེད། གལ་ཆེ་ཤོས་དེ་ང་ཚོ་མི་མང་རེད། དེ་བས། ཆིན་ཅིན་ལྟ་བུ་ཡིན་ན་སྔ་མོ་ནས་ངོ་ཤེས་པ་རེད་ལ། མི་དམངས་བར་མཐུན་སྒྲིལ་ཡོང་བར་ཕྱག་ལས་གནང་བ་རེད” ཅེས་གསུངས་སོང་། ་་་་་ཟེར།

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་་ མཐའ་མ་དེར་བོད་རང་སྐྱོང་ལྗོངས་ནང་ཟིང་འཁྲུག་དེ་བྱུང་བ་རེད། དེ་ནས་ང་ཚོ་བཙན་བྱོལ་བ་ཆགས་པ་རེད། དེ་དུས་འཛམ་གླིང་རྒྱལ་ཚོགས་ལ་ཞུ་བ་སོགས་ཀྱི་ཐབས་ཤེས་མང་བོ་བྱས་པ་ཡིན། མཐའ་མ་དེར་ཉམས་མྱོང་ཕྱོགས་སྡོམ་བྱས་ནས་ཕྱི་ལོ་ ༡༩༧༤ ལོར་ཀྲུང་དབྱང་སྲིད་གཞུང་ལ་སྐད་ཆ་བཤད་ཡ་དེ་ཡག་ཤོས་རེད་ཅེས་གཏན་འཁེལ་བ་རེད། ་་་་་་

    Reply
  7. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་ ༼རྒྱལ་བ་རིན་པོ་ཆེ་ཡིས་རྒྱུན་མཐུད་ནས་གསུང་དོན། “ འདས་པའི་ལོ་རྒྱུས་ནི་འདས་པའི་ལོ་རྒྱུས་རེད། ཧ་ལམ་དུས་རབས་བདུན་པ། བརྒྱད་པ། དགུ་པ་ལ་བོད་རྒྱ་གཉིས་རྒྱལ་ཁབ་ཁག་ཁག་ཡིན་པ་ཧ་ལམ་གསལ་པོ་རེད། རྒྱ་ཡིག་ནང་གསལ་པོ་བཀོད་འདུག་ག དེ་ནི་འདས་པའི་ལོ་རྒྱུས་རེད།
    འཛམ་གླིང་ལ་འགྱུར་བ་འགྲོ་བསྡད་ཡོད་པ་རེད། ཁ་སང་དེ་རིང་རྒྱ་ནག་ལ་ཆ་བཞག་ན། དཔལ་འབྱོར་ཞེ་དྲགས་འཕེལ་རྒྱས་བྱུང་ཡོད་པ་རེད། ང་ཚོ་བོད་པ་ལ་དངོས་པོ་ཡར་རྒྱས་ཡོད་པ་མ་རེད། དེ་འདྲ་སོང་ཙང་། བོད་རིགས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་སུ་བསྡད་པ་ཡིན་ན་དཔལ་འབྱོར་ཐད་ནས་ཁེ་ཕན་ཡོད་པ་རེད།
    ང་ཚོར་ག་རེ་དགོས་པ་ཟེར་ན། ང་ཚོར་སྐད་ཡིག་ཟུར་དུ་ཡོད་པ་རེད། སྐད་ཡིག་དེའི་ནང་དུ་ནང་བའི་ཆོས་ཕྱུག་པོ་ཞེ་དྲགས་ཡོད་རེད། དེ་བས། རྩ་ཁྲིམས་ནང་ཐོབ་ཐང་བཀོད་ཟིན་པ་སྟེ། རང་སྐྱོང་ལྗོངས། རང་སྐྱོང་ཁུལ། རང་སྐྱོང་རྫོང་ཟེར་བ་ཡོད་རེད། མིང་དོན་མཚུངས་པའི་གཏན་འཁེལ་དེ་ཚོ་ཆ་ཚང་བ་ཞིག་ལག་ལེན་འཁེལ་བ་ཡིན་ན། ང་ཚོར་དཀའ་ངལ་མི་འདུག་ག ཐུན་མོང་གི་ཁེ་ཕན་རེད་པ།”

    “ ཕྱི་ལོ་ ༡༩༥༤ ལོའི་ཟླ་ ༩ ནང་། ང་རང་པེ་ཅིན་དུ་ཕྱིན་པ་རེད། མའོ་ཙེ་ཏུང་དང་ཐེངས་མང་པོར་མཇལ་ཡོད། ཧ་ལམ་མཇལ་ཐེངས་དང་པོའམ་གཉིས་པ་དེ་འདྲ་ཞིག་ཡིན་ས་ཡོད། མའོ་ཙེ་ཏུང་གིས་གསུངས་དོན། གྲོས་མཐུན་དོན་ཚན་བཅུ་བདུན་ནང་དུ་དམག་སྲིད་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་ཞིག་འཁོད་ཡོད་པ་དེ་འཛུགས་མ་དགོས་པར་རང་སྐྱོང་ལྗོངས་ཤིག་བཙུགས་པ་ཡིན་ན་ག་འདྲ་འདུག་ཅེས་འདྲི་བགྱིད་འདུག དེ་ནས་ངས་འབྲེལ་ཡོད་ཚོར་གོ་བསྡུར་བྱས་པ་ཡིན་ལ། དམག་སྲིད་ཨུ་ཡོན་ལྷན་ཁང་འཛུགས་མ་དགོས་པར་རང་སྐྱོང་ལྗོངས་བཙུགས་ན་ཡག་པོ་རེད་ཅེས་ཚང་མ་ཞེ་དྲགས་དགའ་སོང་། དེ་ནས་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གཏན་ཁེལ་བ་རེད། ༽་་་་་་་

    Reply
  8. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་་ འདི་ལྟར་ཕན་ཚུན་བར་མ་དགའ་བར་བསྡད་ན་ཕན་ཁྱོན་ནས་ཐོགས་ཀྱི་མ་རེད། དེ་བས། ཕྱི་ལོ་ ༡༩༧༤ ལོར་ང་ཚོས་ངྷ་རམ་སཱ་ལར་འགན་འཁུར་མཁན་ཚོར་གོ་བསྡུར་བྱས་པ་དང་། སྔ་རྗེས་ཙམ་མ་གཏོགས་ཀྲུང་དབྱང་སྲིད་གཞུང་ལ་སྐད་ཆ་བཤད་དགོས་པ་རེད། སྐབས་དེར་རྒྱ་ནག་རིག་གནས་གསར་བརྗེ་ཆེན་པོའི་ལས་འགུལ་ནང་ལྷག་བསྡད་ཡོད་པ་རེད། དེ་བས། རང་བཙན་འཐབ་རྩོད་མ་བྱེད། གཉིས་ཕན་ལ་བསམ་བློ་བཏང་ན་ཡག་པོ་འདུག་ཅེས་དབུ་མའི་ལམ་གྱི་ནང་དོན་འདི་ལྟར་གཏན་འབེབས་བྱས་པ་ཡིན” ཅེས་གསུངས་སོང་། ་་་་་་ཟེར།

    Reply
  9. བཀྲ་རྡོ། says:
    ལོ་ 13 སྔོན།

    གསར་འགྱུར་འཐུས་ཚང་ཁ་གསལ་བོ་འདུག མ་གཞི་གསར་འགྱུར་འབྲི་སྟངས་ཁོ་རང་སྙིང་རྗེ་བོ་འདུག
    ང་རང་སྣང་བར་འགྲོ་ཤོས་དེ་སྐད་ཆ་འདི་རེད། (དབྱིན་ལན་དུ་ངའི་སྐུ་ཚབ་ཅིག་ཡོད་པ་རེད། ཧ་ལམ་ལོ་རབས་བརྒྱད་ཅུའི་ནང་ཡིན་ས་ཡོད། སྐུ་ཚབ་དེ་ང་སའེ་ཊེན་ལ་འགྲོ་བར་ཐོངས་མཆན་ཞུ་རུ་དབྱིན་ལན་ཏུ་ཡོད་པའི་སའེ་ཊེན་གཞུང་ཚབ་ཁང་དུ་ཕྱིན་པ་རེད། སྐབས་དེར་དབྱིན་ལན་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཀྱི་ལས་བྱེད་པ་མོ་ཞིག་ཀྱང་སའེ་ཊེན་ལ་ཐོངས་མཆན་ཞུ་རུ་སླེབས་འདུག རྒྱ་རིགས་དེའི་དབྱིན་ཇི་ཡག་པོ་ཞེ་དྲག་མི་འདུག ངའི་སྐུ་ཚབ་སྐལ་བཟང་ལགས་ཀྱི་དབྱིན་ཇི་ཡག་པོ་ཡོད་པས། རྒྱ་རིགས་དེར་རོགས་བྱས་འདུག་ལ། རྒྱ་རིགས་དེས་ཀྱང་དགའ་བོ་ཞེ་དྲག་གནང་གི་འདུག མཐའ་མཇུག་རྒྱ་རིགས་དེས་ངའི་སྐུ་ཚབ་ལ་ཁྱོད་རང་གང་ནས་ཡིན་ཞེས་དྲིས་པ་དང་། ང་བོད་པ་ཡིན་ཞེས་ལན་བརྒྱབ་མ་ཐག་རྒྱ་མི་དེ་ལམ་སང་རླུང་ལངས་ནས(Tibet is part of China)ཞེས་སྐད་རྒྱག་ཞོར་དུ་ཕྱིན་འདུག )

    Reply
  10. གནས་ཚང་། says:
    ལོ་ 13 སྔོན།

    དོན་དག་གཉིས་དེ་མགོ་ཁྱོན་ནས་ཚོས་་མ་སོང་། ༡ མེར་བསྲེག་སྲིད་དོན་ཡིན་པས་བཤད་མི་ཆོག་པ་ཞིག་དང་། དབུ་མའི་ལམ་སྲིད་དོན་ཡིན་ཡང་བཤད་རུང་བའི་གནས་ལུགས་ཤིག་འདུག་གམ། ༢ བཙན་བྱོལ་བོད་གཞུང་ཞེས་ལབ་མཁན་ཐོག་མ་སུ་ཡིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese