མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབྱིན་ཡིག་དང་ཚན་རིག་དགེ་རྒན་ཚོའི་ཆུ་ཚད་མཐོ་རུ་གཏོང་གི་ཡོད།

བོད་ཀྱི་དུས་བབ།
༢༠༡༣/༠༦/༢༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ས་རཱ་མཐོ་སློབ་ཏུ་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཅིག་གི་ཚན་རིག་དང་དབྱིན་དགེ་རྒན་སྐོར་ཞིག་ལ། ཆེད་མཁས་པ་གདན་འདྲེན་ཞུས་ཏེ་ཚན་རིག་དང་དབྱིན་ཡིག་སློབ་ཁྲིད་གནང་ཕྱོགས་དང་ལག་ལེན་དངོས་སྦྱོང་སྐོར་ལ་ཟབ་སྦྱོང་ཞིག་སྤྲོད་བཞིན་ཡོད་འདུག

དེ་རིང་ཕྱི་ཚེས་ ༢༢ ཉིན་གྱི་སྔ་དྲོར་ངྷ་རམ་ས་ལའི་ཉེ་འཁྲིས་ས་རཱ་མཐོ་སློབ་ཏུ། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་ས་ཁམས་རིག་པའི་ཚོགས་པ་(National Geography) གཉིས་མཉམ་འབྲེལ་ཐོག བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ ༥ ཚན་རིག་དང་དབྱིན་ཡིག་དགེ་རྒན་ ༣༠ ཙམ་ལ་ས་ཁམས་དང་ཚན་རིག དབྱིན་ཡིག ཁོར་ཡུག་སྲུང་སྐྱོབ་བཅས་སློབ་ཚན་འཁྲིད་ཐབས་དང་ལག་ལེན་བཅས་ཀྱི་ཐོག་ཟབ་སྦྱོང་ཞིག་དབུ་འཛུགས་གནང་ཡོད་སོང་། ཟབ་སྦྱོང་དབུ་འཛུགས་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཕེབས་འདུག གཞན། སིང་གྷ་པོར་ནས་ཕེབས་པའི་ས་ཁམས་རིག་པའི་ཆེད་ལས་པ་ལྕམ་པུ་ཝ་ཀ་སིན་ནཱ་ངྷི་ལགས་དང་རྒྱ་གར་མུམ་བྷེ་ནས་ཕེབས་པའི་ལྕམ་ལེ་ཊ་ཝ་སི་ཝེ་ནེ་(Lata Vasvani) ལགས། ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས་བཅས་མཉམ་ཞུགས་གནང་འདུག

ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་རྒྱལ་མཚན་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། ཐེངས་འདིའི་ཟབ་སྦྱོང་དེ་ནི་ས་ཁམས་རིག་པའི་ཚོགས་པ་ (National Geography) དང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་མཉམ་འབྲེལ་ཐོག  ས་ཁམས་རིག་པའི་ཆེད་མཁས་པ་གཉིས་གདན་ཞུ་གནང་སྟེ།  སུ་ཇཱ་བོད་ཁྱིམ་དང་ཅོང་ཏ་ར་བོད་ཁྱིམ། སམ་བྷོ་ཊ། དཔེ་སྟོན་སློབ་གྲྭ སྦོང་ཊ་སམ་བྷོ་ཊ་བཅས་ཚན་རིག་དང་དབྱིན་ཇིའི་དགེ་རྒན་ཚོར་ཉིན་གཉིས་རིང་དབྱིན་ཡིག་དང་ཚན་རིག  ཁོར་ཡུག་སྲུང་བཅས་སློབ་ཚན་གསུམ་གྱི་ཐོག་སློབ་ཁྲིད་བྱེད་ཐབས་སྐོར་གྱི་ཟབ་སྦྱོང་ཞིག་ཡིན་པ་དང་། ཟབ་སྦྱོང་འདི་བརྒྱུད་དེ་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་དབྱིན་ཡིག་དང་ཚན་རིག་གི་ཆུ་ཚད་མཐོ་རུ་གཏོང་ཆེད་དང་། ལྷག་པར་དུ་ཤེས་ཡོན་སྲིད་བྱུས་ནང་། ཆུང་ས་ནས་རང་མི་རིགས་ཀྱི་རིག་གཞུང་རྒྱུན་འཛིན་དང་། ཆེ་ས་ནས་འཛམ་གླིང་གི་ཁོར་ཡུག་སྲུང་སྐྱོབ་ཐོག་མི་རེ་ངོ་རེར་འགན་ཡོད་སྟབས། མ་འོངས་པར་སློབ་ཕྲུག་ཚོའི་དབྱིན་ཡིག་གི་ཆུ་ཚད་མཐོ་རུ་འགྲོ་བ་དང་། ཁོར་ཡུག་སོགས་འཛམ་གླིང་སྤྱི་ཡོངས་ལ་འགན་འཁུར་གྱི་འདུ་ཤེས་སྔར་ལས་ཆེ་རུ་བསྐྱེད་ཆེད་ཡིན་སྐོར། ལས་གཞི་འདིས་ད་ལྟའི་བར་འཛམ་གླིང་རྒྱལ་ཁབ་ ༡༣ ནང་སློབ་ཕྲུག་ས་ཡ་ ༢ ལ་ཁེ་ཕན་བསྐྲུན་གྱི་ཡོད་པ་དང་། ད་རེབ་ཀྱི་ཟབ་སྦྱོང་འདི་བརྒྱུད་དེ་བོད་པའི་སློབ་ཕྲུག་ ༢༠༠༠ ལྷག་ལ་ཁེ་ཕན་ཡོང་རྒྱུ་ཡིན་སྐོར་སོགས་ངོ་སྤྲོད་གནང་བྱུང་།

མཛད་སྒོའི་ཐོག་ (National Geography) ཚོགས་པས་ཚོགས་ཞུགས་པ་རྣམས་ལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་གློག་བརྙན་གཟིགས་འབུལ་དང་། སིང་གྷ་པོ་ནས་ཕེབས་པའི་ས་ཁམས་རིག་པའི་ཆེད་ལས་པ་ལྕམ་པུ་ཝ་ཀ་སིན་ནཱ་ངྷི་ལགས་ཀྱིས་འཛམ་གླིང་ནང་ས་ཁམས་རིག་པའི་སྐོར་ལ་འཚོལ་ཞིབ་ཀྱི་རྣམ་པ་བཅས་ཀྱི་ཐོག་གཏམ་བཤད་གནང་རྗེས། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཁོང་རང་ཉིད་ཀྱང་སློབ་ཕྲུག་ཞིག་གི་ངོ་བོའི་ཐོག་ (national geography explore) གོ་སྒྲིག་བྱས་པའི་ས་ཁམས་རིག་པ་དང་། དབྱིན་ཡིག་ཟབ་སྦྱོང་ནང་ཞུགས་ཐུབ་པ་ཡིན་ན། དེ་སྔོན་སློབ་གྲྭར་སྦྱངས་ཟིན་པ་ལས་ཡག་པོ་ཤེས་རྒྱུའི་རེ་བ་ཡོད་པ་དང་། ཐེངས་འདིར་དགེ་རྒན་མང་པོ་ཞིག་གིས་དུས་ཚོད་བཏང་སྟེ་རང་ཉིད་ཀྱི་ཤེས་ཚད་གོང་མཐོར་གཏོང་ཆེད་དང་། མ་འོངས་བའི་བོད་ཀྱི་སོན་རྩ་རྣམས་ལ་སློབ་ཁྲིད་བྱ་ཆེད་ཟབ་སྦྱོང་འདིར་བཅར་ཡོད་པ་དང་། ལྷག་པར་དུ་༸གོང་ས་མཆོག་གིས་ནམ་རྒྱུན་ཁོར་ཡུག་ལ་དོ་སྣང་བྱེད་ཀྱིན་ཡོད་པ་དང་། ཁོང་གིས་ཁོར་ཡུག་ནི་འགྲོ་བ་མིའི་རིགས་ཙམ་མ་ཟད། སེམས་ཅན་སྤྱི་ཡོངས་ལ་ཧ་ཅང་གལ་ཆེན་ཡིན་པ། ཁོར་ཡུག་ལ་བདག་སྐྱོང་མ་བྱས་ཚེ་འཛམ་གླིང་གི་ཚ་དྲོད་རྒྱས་པ་དང་འབྱུང་ཁམས་ཀྱི་གནོད་འཚེ་ཡོང་གི་ཡོད་པའི་བཀའ་སློབ་རིམ་པ་གནང་བཞིན་པ་ལྟར། ཟབ་སྦྱོང་འདིའི་ཐོག་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐོག་ཟབ་སྦྱོང་གནང་སྟེ། མ་འོངས་སློབ་ཕྲུག་ཚོར་ཕན་ཐོགས་ཆེན་པོ་ཡོང་པའི་རེ་བ་ཡོད་སྐོར་སོགས་གསུངས་བྱུང་།  

ཡང་སྲིད་སྐྱོང་མཆོག་གིས་ཤེས་ཡོན་སློབ་གསོ་གལ་ཆེན་ཡིན་པ་དང་། དགེ་རྒན་རྣམ་པས་དུས་རྒྱུན་ནས་ཤེས་ཡོན་སློབ་གསོའི་ཐོག་འབད་བརྩོན་བྱ་དགོས་སྐོར་གསུངས་དོན། “  ཟབ་སྦྱོང་ཐོག་དགེ་རྒན་རྣམ་པར་ཉམས་མྱོང་དང་ཐབས་ལམ་གསར་པ་མང་པོ་ཞིག་རག་ངེས་ཡིན་སྟབས། ཁྱེད་ཅག་ཕྱིར་སློབ་གྲྭར་ལོག་སྟེ་སློབ་ཕྲུག་རྣམས་ལ་སློབ་ཚན་དེ་དག་གི་ཐོག་ཤེས་བྱ་གསར་པ་གནང་ཐུབ་པར་བྱ་རྒྱུ་དེ་ཟབ་སྦྱོང་འདིའི་ཕན་ཡོན་ཡིན། ང་ཚོའི་སྤྱི་ཚོགས་དང་སྤྱི་ཚོགས་གཞན་དུ་ཟབ་སྦྱོང་གནང་བར་མི་འདྲ་ས་གཙོ་བོ། ང་ཚོའི་སྤྱི་ཚོགས་ཀྱི་ཤེས་ཡོན་གོ་རྟོགས་དང་ཤེས་ཚད་མཐོ་རུ་གཏོང་རྒྱུ་དེ་དགེ་རྒན་དང་ཕ་མ། སློབ་ཕྲུག་མི་རེ་ངོ་རེའི་ཕྲག་ཏུ་བབ་པའི་ལས་འགན་ཡིན།  ཤེས་ཚད་མཐོ་རུ་གཏོང་རྒྱུ་དེ་རང་ཉིད་ཀྱི་ལྟོ་གོས་དང་གོ་གནས་ཙམ་གྱི་ཆེད་དུ་མིན་པར། བོད་མི་རིགས་ཀྱི་ངོ་བོ་རྒྱུན་གནས་ཐུབ་པའི་དམིགས་ཡུལ་འཛིན་དགོས། དམིགས་ཡུལ་དེ་འགྲུབ་པར་དགེ་རྒན་མེད་དུ་མི་རུང་བ་ཞིག་ཡིན། ཁ་རྒྱུན་ལ་དགེ་རྒན་དཀྱུས་མ་ཞིག་གིས་སློབ་ཁྲིད་བྱེད་སྐབས་ཀློག་རྒྱུ་གཙོ་བོ་འཛིན་པ་དང་། དགེ་རྒན་ཡག་པོ་ཞིག་གིས་སློབ་ཁྲིད་བྱེད་སྐབས་འགྲེལ་བཤད་གཙོ་བོར་འཛིན་པ་ཡིན། དགེ་རྒན་རྩེ་ཕུད་ཅིག་གིས་སློབ་ཁྲིད་བྱེད་སྐབས་འགྲེལ་བཤད་དང་མཉམ་དུ་སྦྱོང་བརྡར་དང་མིག་སྟོན་སོགས་བརྒྱུད་དེ་འཁྲིད་ཀྱི་ཡོད། ཕུལ་དུ་བྱུང་བའི་དགེ་རྒན་ཞིག་གིས་སློབ་ཁྲིད་བྱེད་སྐབས་སློབ་མ་ཚོར་སློབ་སྦྱོང་ཐོག་སེམས་ཤུགས་སྤར་ཐུབ་ཀྱི་ཡོད། ཅེས་བཤད་སྲོལ་ཡོད་པ་ལྟར།  དགེ་རྒན་རྣམ་པས་སློབ་ཁྲིད་བྱེད་སྐབས་སློབ་མ་ཚོར་ལྷག་བསམ་རྣམ་དག་གིས་སློབ་ཁྲིད་བྱ་རྒྱུ་ཧ་ཅང་གལ་ཆེན་རེད་ལ། སློབ་ཕྲུག་ཚོས་ཀྱང་དགེ་རྒན་གྱིས་འཁྲིད་པའི་སློབ་ཁྲིད་ལ་བསྐྱར་སྦྱོང་དང་། རང་ཉིད་ཀྱི་སློབ་སྦྱོང་ཡར་རྒྱས་ཆེད་འབད་བརྩོན་བྱ་དགོས་པ་རེད། ”ཅེས་གསུངས་བྱུང་བ་མ་ཟད། ཁོང་གིས་ཐེངས་འདིའི་གོ་སྐབས་བརྒྱུད་དེ་བོད་པའི་སློབ་གྲྭ་ཁག་ཏུ་ས་ཁམས་དང་ཁོར་ཡུག  ཚན་རིག་དང་དབྱིན་ཡིག་བཅས་ཀྱི་ཐོག་ཤེས་ཚད་མཐོ་རུ་འགྲོ་བའི་ཡིད་ཆེས་ཡོད་སྐོར་སོགས་གསུངས་བྱུང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

ཆུ་ཚོད་ ༡༤ སྔོན་ལ།
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

ཆུ་ཚོད་ ༡༥ སྔོན་ལ།
Mobile App

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ ༦༠ ཡིས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༧
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཕལ་ཆེར་དགུང་ལོ་ ༡༣༠ ཙམ་སྡོད་པའི་རྨི་ལམ་དང་མཚན་མ་བྱུང་ཞེས་གསུངས། 

༢༠༢༦/༠༧/༠༧
༸གོང་ས་མཆོག གསར་འགྱུར།

༧སྐུའི་འཁྲུངས་སྐར་དུས་ཆེན་སྲུང་གཙིའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༧/༠༦
Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་གོ་གཅིག་ཕེབས་པར་འཚམས་འདྲི་ཞུ།

༢༠༢༦/༠༧/༠༦

མཆན། 6

  1. སེམས་བཟང་། says:
    ལོ་ 13 སྔོན།

    བཀའ་ཁྲི་ཟབ་གདོང་རིན་པོ་ཆེ་སྐབས་སུ་ལོ་དང་ཟླ་བ་བསྒྲིལ་ནས་བོད་རང་གི་སྐད་ཡིག་མི་ཉམས་འཕེལ་རྒྱས་ལ་འབྲས་བུ་ངེས་ཅན་ཞིག་ཡོང་ཐུབ་པའི་མ་འོངས་རྒྱང་གཟིགས་ཀྱི་ཤེས་ཡོན་སྲིད་བྱུས་ཀྱི་སྒྲོམ་གཞི་ཡག་པོ་ཞིག་གཏན་འབེབས་གནང་སྟེ་སྲིད་བྱུས་དེའི་སྒང་ལ་ལག་ལེན་བྱས་པ་རེད། ཤེས་ཡོན་སྲིད་བྱུས་དེ་འདྲ་ཞིག་ཡོང་དགོས་དོན་ལ་ཡང་མཁས་པ་མང་པོས་བགྲོ་གླེང་ལྷུག་པོ་དང་། འདས་པའི་ཉམས་མྱོང་། ལྷག་པར་དུ་རྒྱ་གར་གྱི་ཤེས་ཡོན་སྒྲོམ་གཞི་ནས་ལེགས་ཆ་གང་མང་བླངས་ཏེ་གཏན་འབེབས་གནང་བ་ཞིག་རེད། དེ་ལྟ་བུའི་ཤེས་ཡོན་སྲིད་བྱུས་ལ་འགྱུར་བ་དང་། རྩིས་མེད་རྡོག་རོལ་གཏོང་བ་ནི་གླེན་པས་བྱེད་སྟངས་ཤིག་རེད་ལ། ཆུང་ས་ནས་བཤད་ན་དཀའ་ཤག་སྔོན་མའི་འགྲོ་གྲོན་མང་པོ་བཏང་བ་ཡང་ཆུ་ནང་ལ་གཡུགས་པ་ཞིག་རེད། ཤེས་ཡོན་སྲིད་བྱུས་གསར་བ་གཏན་འབེབས་གནང་བའི་འབྲི་དོན་ལ་བོད་མཁས་པ་རྣམས་དང་། འབྲེལ་ཡོད་ཚང་མས་ངེས་པར་དུ་ཞིབ་གཟིགས་གནང་སྟེ་དཀའ་ཤག་གསར་པའི་ཤེས་ཡོན་ཐད་ཀྱི་མི་འགྲིག་པའི་སྲིད་བྱུས་རྣམས་ཐེར་འདོན་གནང་བར་ཤིན་ཏུ་ནས་གལ་ཆེན་ཞིག་རེད། སྲིད་སྐྱོང་སེང་གེས་ཤེས་རིག་དཀའ་བློན་གྱི་འགན་ཁུར་གྱི་ཡོད་པ་རེད། ཡིན་ནའང་ཁོང་ལ་དཀའ་ཤག་སྔོན་མའི་ཤེས་ཡོན་སྲིད་བྱུས་ཀྱི་རིན་ཐང་ལ་ཆ་རྒྱུས་མེད་པ་མ་ཟད། བོད་ཀྱི་ཤེས་ཡོན་སྣང་མེད་དུ་འཇོག་གིན་འདུག དབྱིན་ཡིག་གོང་འཕེལ་དང་ཚན་རིག་གོང་འཕེལ་ཅི་ཙམ་ཤུགས་བརྒྱབ་པ་ཡིན་ནའང་། མ་འོངས་བོད་རང་གི་སྐད་ཡིག་ལ་ཕན་ཐོག་ཡོང་གི་མ་རེད་ལ། ཡོང་ཤེས་ཀྱི་མ་རེད། མདོ་དོན། ཕྱིའི་སྐད་ཡིག་མི་ཤེས་དགའ་མཁན་ཚོས།། རང་ནོར་བུ་ཡོད་པ་མ་མཐོང་ནས།། གཞན་སྐད་ཀྱི་ཐོག་ནས་ཚན་རིག་ལ།། ཡར་འཕེལ་རྒྱས་འདོད་པ་སྟོང་སེམས་རེད།།

    Reply
  2. ཇོ་རིང་པོ། says:
    ལོ་ 13 སྔོན།

    ཏོའུ་དོ་ཐིའི་ཞལ་ནས་་་རྒྱལ་ཁབ་ཤོར་ཏེ་བྲན་གཡོག་ཏུ་སོང་བའི་མི་རིགས་ཚོ། བློ་སེམས་བརྟན་པོའི་སྒོ་ནས་འདས་སོང་གི་མེས་པོ་ཁོང་ཚོའི་སྐད་ཡིག་དག་མ་ཤོར་པར་འཛིན་ཐུབ་ན། བཙོན་ཁང་གི་སྒོ་ཆེན་ཕྱེ་བའི་ལྡེ་ཞིག་ལག་ཏུ་བཟུང་བ་དང་འདྲའོ། ཞེས་གསུངས་པ་བཞིན་རང་དབང་དང་ཐོབ་ཐང་ཤོར་ཏེ་འཆི་ལ་ཉེར་བའི་བོད་མི་རིགས་འདི་སླར་ཡང་འཇིག་རྟེན་འདིར་རང་དབང་དང་ཐོབ་ཐང་ཡོད་པའི་མི་རིགས་གསོན་ཉམས་དང་ལྡན་པ་ཞིག་ཏུ་འགྱུར་དགོས་ན་ངེས་པར་དུ་རང་གི་སྐད་ཡིག་འདི་བདག་ཉར་ཡག་པོ་བྱེད་དགོས། བདག་པོ་བྱེད་ཟེར་དུས་བོད་ཀྱི་སྐད་ཡིག་འདི་ཡར་མཆོད་གཤམ་སྟེང་དུ་བཞག་ཏེ་ཕྱག་མཆོད་འབུལ་བྱེད་པ་ལྟ་བུ་མ་ཡིན་པར་དེ་ནི་བཀོལ་སྤྱོད་ཀྱི་ལམ་ནས་དར་སྤེལ་གཏོང་དགོས། དེ་བས་ན་བོད་སྐད་ཡིག་འདི་ནི་ང་ཚོའི་བླ་སྲོག་དང་རང་དབང་གི་ཁང་བཟང་དུ་འགྲོ་བའི་ཐེམ་སྐས་ལྟ་བུར་ཡིན་པས་འདི་ཁྱོན་ནས་ཤོར་མི་རུང་། གལ་སྲིད་ང་ཚོའི་སྐད་ཡིག་འདི་ཡང་ཤོར་ན་དུ་དེ་ནས་བཟུང་བོད་ཅེས་པའི་མི་རིགས་དང་རིག་གཞུང་དང་བཅས་པ་འཇིག་རྟེན་འདི་ནས་ནུབ་པ་ཡིན། འཇིག་རྟེན་འདི་ནས་རྩ་བཏང་དུ་ཕྱིན་པ་ཡིན། ཤི་ཟིན་པ་ཡིན། དེའི་ཕྱིར་ང་ཚོས་རང་གི་སྐད་འདི་ངེས་པར་དུ་བཀོལ་སྤྱོད་བྱ་དགོས། རང་གི་སྐད་ཡིག་འདི་བཀོལ་སྤྱོད་བྱེད་པར་བར་ཆད་དང་འགོག་རྐྱེན་བྱེད་པ་ནི་བོད་མི་རིགས་འདི་གསོན་པ་ལ་འགོག་རྐྱེན་བྱེད་པ་ཡིན་པས་གཞུང་སྒེར་གྱི་གང་ཟག་སུ་ཡིན་ཡང་ང་ཚོའི་དགྲ་བོ་ངོ་མར་བརྩིས་ཏེ་མཐའ་གཅིག་ཏུ་རྒོལ་འཛིང་བྱེད་དགོས།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་ ཁ་རྒྱུན་ལ་དགེ་རྒན་དཀྱུས་མ་ཞིག་གིས་སློབ་ཁྲིད་བྱེད་སྐབས་ཀློག་རྒྱུ་གཙོ་བོ་འཛིན་པ་དང་། དགེ་རྒན་ཡག་པོ་ཞིག་གིས་སློབ་ཁྲིད་བྱེད་སྐབས་འགྲེལ་བཤད་གཙོ་བོར་འཛིན་པ་ཡིན། དགེ་རྒན་རྩེ་ཕུད་ཅིག་གིས་སློབ་ཁྲིད་བྱེད་སྐབས་འགྲེལ་བཤད་དང་མཉམ་དུ་སྦྱོང་བརྡར་དང་མིག་སྟོན་སོགས་བརྒྱུད་དེ་འཁྲིད་ཀྱི་ཡོད། ཕུལ་དུ་བྱུང་བའི་དགེ་རྒན་ཞིག་གིས་སློབ་ཁྲིད་བྱེད་སྐབས་སློབ་མ་ཚོར་སློབ་སྦྱོང་ཐོག་སེམས་ཤུགས་སྤར་ཐུབ་ཀྱི་ཡོད། ་་་་ཟེར།

    Reply
  4. གསེར་མོ་འཚོ། says:
    ལོ་ 13 སྔོན།

    གོ་ཐོས་སུ་མཁས་དབང་བློ་བཟང་སེང་གེ་བཀའ་བློན་ཁྲི་པར་བཞུགས་པ་ནས་བཟུང་། གངས་ཅན་སྐྱིད་གཤོངས་སུ་བོད་ཡིག་བོར་བཞིན་པའི་སྐད་ཆ་ཞིག་ཡོད། ལྷག་པར་དུ་བཀའ་ཤག་སྐབས་བཅུ་གཉིས་བཅུ་གསུམ་སྐབས་སུ་བཙན་བྱོལ་བོད་གཞུང་གི་གཞུང་འབྲེལ་ཡིག་ཆ་ཚང་མ་དང་། ལྷག་པར་དུ་ཡིག་འབྲེལ་ཁག་ཚང་མ་བོད་ཡིག་ཐོག་འབྲི་དགོས་པའི་བཀོད་ཁྱབ་ཡོད་འདུག་ལ། སྐབས་དེར་སྒྲིག་སྲོལ་དེའི་དབང་གིས་གངས་ཅན་སྐྱིད་གཞུང་གི་ལས་བྱེད་གཞོན་སྐྱེས་མང་པོ་ཞིག་ལ་རང་བཞིན་གྱིས་དཀའ་ངལ་འཕྲད་དེ་བོད་ཡིག་སྦྱོང་དགོས་པ་དང་། བོད་ཡིག་གི་ཆ་ཚད་ཡར་རྒྱས་གཏོང་དགོས་པའི་གནས་ཚུལ་བྱུང་ཡོད་འདུག དེ་བཞིན། བློ་བཟང་སེང་གེ་བཀའ་བློན་ཁྲི་པར་བཞུགས་རྗེས་གཞུང་གི་ཡིག་ཆ་མང་པོ་ཞིག་དབྱིན་ཡིག་ཐོག་འགྱུར་བཞིན་ཡོད་པ་མ་ཟད། ལས་བྱེད་མཐོ་དམན་བར་གསུམ་གྱི་ཡིག་འབྲེལ་དག་ཀྱང་རང་འདོད་ལྟར་དབྱིན་ཡིག་ཐོག་འབྲི་བཞིན་ཡོད་འདུག
    དེ་བཞིན་བློ་སེང་ཤེས་རིག་བཀའ་བློན་དུ་བསྡད་པ་ནས་བཟུང་དེ་སྔ་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་དང་མཁས་དབང་རྒན་པ་མང་པོ་ཞིག་གིས་སྐུ་ངལ་བསྐྱོན་ཞིང་སྔུལ་ཁྲག་ལ་བརྗེ་ནས་ཡོང་བའི་བཙན་བྱོལ་བོད་གཞུང་གི་ཤེས་ཡིན་སྲིད་བྱུས་གསར་པའི་དགོངས་དོན་ལ་རྡོག་རོལ་གཏོང་རྐྱང་བྱས་ཏེ། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་བོད་ཡིག་ལ་མཐོང་དང་ཆ་འཇོག སློབ་ཁྲིད་ལ་དོ་སྣང་དང་འབད་བརྩོན་སོགས་ལྷོད་ཡངས་སུ་བཏང་སྟེ། དབྱིན་ཡིག་ཐོག་དབྱིངས་བསླེབས་ཏེ་ཤུགས་ཡོངས་རྫོགས་དབྱིན་ཡིག་ཐོག་རྒྱག་གི་ཡོད་པའི་གནས་ཚུལ་འཐོན་བཞིན་འདུག ཉེ་སྔོན་བོད་ཀྱི་དུས་བབ་ཚགས་པར་སྟེང་གནས་ཚུལ་ཞིག་འཐོན་པའི་ནང་དུ་བཀའ་ཤག་གིས་སློབ་གྲྭ་ཁག་གི་འཛིན་རིམ་ ༦ ་པ་ནས་ ༨ ་པའི་བར་གྱི་སློབ་ཚན་ཡོངས་དབྱིན་ཡིག་ཐོག་འཁྲིད་སྤེལ་བྱེད་དགོས་པའི་བཀོད་ཁྱབ་བཏང་ཡོད་འདུག

    Reply
  5. སྐར་མདའ། says:
    ལོ་ 13 སྔོན།

    ག་རེ་་་་་་་་ཁོ་ཚོར་བོད་ཡིག་གི་ཆུ་ཚད་མཐོ་དྲགས་ནས་ཡོད་པ་རེད་དམ། སྤྱིར་སྲིད་སྐྱོང་གིས་གཙོས་པའི་ལས་སྣེ་དང་། ལས་བྱེད་ཡོངས་ཀྱི་བོད་ཡིག་གི་ཆུ་ཚད་མཐོར་འདེགས་བྱ་དགོས་ངེས་ཤིག་རེད། ང་ཚོ་ལ་རང་ཉིད་ཀྱི་སྐད་ཡིག་ཅིག་མེད་པ་ཡིན་ནམ། བོད་ཡིག་གི་རིན་ཐང་ནུས་མེད་དུ་གཏོང་མཁན་གཙོ་བོ་ནི་༧གོང་ས་མཆོག་གི་བཀའ་དགོངས་ཇི་བཞིན་སྒྲུབ་ཀྱིན་ཡོད་མདོག་སྟོན་མཁན་ཁྱོད་ཚོ་རེད།

    ཁ་གྲག་དགོས་སར་ཚང་མ་རུ་༧གོང་ས་མཆོག་གི་བཀའ་གསུང་ལུང་འདྲེན་བྱེད་དགོས་མ་རེད།

    Reply
  6. མཐུ་རྩལ་ཐོགས་མེད། says:
    ལོ་ 13 སྔོན།

    སྲིད་སྐྱོང་མཆོག་གི་གདོང་གཤིས་ཁོ་རང་ཤོར་བསྡད་ཤག ད་ཐལ་མདོག་ཅིག་ཤར་ནས་འདུག་ག སྙིང་རྗེ་ད་འཇོན་གྱི་མེད་ཁར་དྲང་པོ་མིན་པའི་ཕྱག་ལས་གནང་བའི་རྐུབ་མཐའ་དག་བརྡོལ་གྱི་ཡོད་ཙང་གདོང་གཤིས་ཁོ་རང་ཤོར་བསྡད་ཤག།
    སྲིད་སྐྱོང་མཆོག་གི་གདོང་གཤིས་ཁོ་རང་ཤོར་བསྡད་ཤག སྲིད་སྐྱོང་མཆོག་གི་གདོང་གཤིས་ཁོ་རང་ཤོར་བསྡད་ཤག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese