མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སློབ་ཕྲུག་ཚོས་དེང་གི་རིག་གསར་དང་ལྷན་དུ་ནང་པའི་རིག་གཞུང་སྦྱོངས་ཨཱ།

བོད་ཀྱི་དུས་བབ།
༢༠༡༣/༠༦/༢༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་༧གོང་ས་མཆོག་གིས་ངྷ་སྟེང་བོད་ཁྱིམ་ཚོགས་ཁང་དུ་བོད་པའི་མཐོ་རིམ་སློབ་ཕྲུག་ཚོར་ནང་ཆོས་ངོ་སྤྲོད་གནང་སྐབས། བོད་པའི་ནང་ཆོས་འདི་ཉིད་གནའ་བོའི་རྒྱ་གར་གྱི་ལྟ་གྲུབ་ཁག་དང་ནཱ་ལེནྡའི་མཁས་པ་དག་གི་རྣམ་དཔྱོད། དེའི་སྟེང་བོད་རང་གི་གནའ་བོའི་ཞང་ཞུང་གི་བོན་གཞུང་བཅས་ཀྱི་སྙིང་བཅུད་བསྡུས་པའི་རིག་གཞུང་རྩ་ཆེན་ཞིག་ཡིན་ཞེས་གསུངས་སོང་། 

ཕྱི་ལོ་ ༢༠༠༧ ལོ་ནས་བཟུང་ལོ་ལྟར་༸གོང་ས་མཆོག་གིས་བོད་པའི་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་ཀྱི་ལས་འཆར་ཞིག་འགྲོ་བཞིན་པ་ལྟར། དེ་རིང་ཞོགས་པའི་ཆུ་ཚོད་  ༨།༣༠ ཐོག་༧གོང་ས་མཆོག་ངྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་ཚོགས་ཁང་དུ་ཆིབས་བསྒྱུར་བསྐྱངས་ཏེ། རྒྱ་གར་ནང་གི་མཐོ་སློབ་ཁག་ ༥༩ དང་ཕྱི་རྒྱལ་ཁག་གི་མཐོ་སློབ་ ༩ ཙམ་གྱི་སློབ་ཕྲུག་ ༦༠༠ ལྷག་གཙོས་པའི་སེར་སྐྱ་མི་མང་ ༢༥༠༠ ཙམ་ལ། ༧གོང་ས་མཆོག་ཉིད་ཀྱིས་ལྗགས་རྩོམ་གནང་བའི་༼ ལེགས་བཤད་བློ་གསར་མིག་འབྱེད༽བསླབ་གཞིར་བཞག་ཐོག་ནང་ཆོས་ངོ་སྤྲོད་གནང་ཡོད། ཐེངས་འདིར་རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་གཙོས་པའི་དགེ་འདུན་པ་དང་སློབ་གྲྭ་ཁག་གི་ཆོས་དགེ བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་གི་འགན་འཛིན་གཙོས་བཞུགས་སྒར་ཉེ་འཁྲིས་སློབ་གྲྭ་ཁག་གི་དབུ་འཛིན་དང་སློབ་སྤྱི་བཅས་མཉམ་ཞུགས་གནང་འདུག

ཐེངས་འདི་ནི་༸གོང་ས་མཆོག་གིས་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་གནང་ཐེངས་ ༧ པ་དེ་ཆགས་ཡོད་ཅིང་། དེ་རིང་གི་ནང་ཆོས་ངོ་སྤྲོད་དབུ་འཛུགས་ཐོག་ངྷ་ས་ནང་ཆོས་ངོ་སྤྲོད་གོ་སྒྲིག་ཚོགས་ཆུང་གི་གི་སློབ་མ་ཁག་ཅིག་གིས་༸གོང་ས་མཆོག་ལ་རྩོད་རྒྱུགས་བཅར་འབུལ་ཞུས་རྗེས། ༸གོང་ས་མཆོག་གིས་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་གལ་ཆེན་རང་བཞིན་སྐོར་ནས་གསུངས་དོན། “ ཁྱེད་རང་ཚོ་ཉིན་གཉིས་རིང་འདིར་ཡོང་བའི་ཡོང་གོ་ཆོད་པ་ཞིག་བྱེད་དགོས་པ་རེད། ཁྱེད་རང་ཚོ་འདིར་སྒྲུང་ཉན་རྒྱུ་དང་ལྟད་མོ་ལྟ་རུ་ཡོང་བ་མ་རེད། ནང་ཆོས་འདི་འཛམ་གླིང་འདིའི་ཐོག་གི་རིག་གཞུང་རྙིང་ཤོས་ཤིག་དང་། ང་ཚོ་བོད་པར་མཚོན་ན་འདས་པའི་ལོ་ངོ་སྟོང་ཕྲག་ལྷག་གི་རིང་མེས་པོ་ཚོས་སྐུ་ལས་ཆེན་པོ་སྐྱོན་ཏེ་བསགས་བཞག་པའི་རིག་གཞུང་ཞིག་རེད།

སྤྱིར་བཏང་འཛམ་གླིང་ཐོག་ཆོས་ལུཊ་དང་རིག་གཞུང་རྙིང་པ་མང་པོ་ཡོད་ཀྱང་། དུས་རབས་ཉེར་གཅིག་པའི་ནང་དགོས་མཁོ་དང་ཕན་ཐོགས་ཡོད་བསྡད་པ་གཅིག་དེ་ཕལ་ཆེར་ང་ཚོ་བོད་ལ་ཡོད་བསྡད་པའི་སངས་རྒྱས་པའི་ལྟ་གྲུབ་འདི་དང་། ང་ཚོའི་བོད་མིའི་གོམས་གཤིས་དེ་ད་ལྟའི་འཛམ་གླིང་འདིའི་ཐོག་འབྲེལ་བ་དང་ཕན་ཐོགས་ཡོད་བསྡད་པ་ཞིག་ཆགས་ཡོད། ཆོས་ལུཊ་དང་ལྟ་གྲུབ་གང་ཡིན་ཡང་། ཕྱོཊ་གཅིག་ནས་མིའི་རྣམ་དཔྱོད་གོང་འཕེལ་ཆེད་དང་། ལྷག་པར་དུ་འཕྲུལ་ཆས་ཐོག་ནས་འཛམ་གླིང་ས་ཡི་འཁོར་ལོ་གཅིག་ཏུ་བཟོ་དགོས་པ་དང་། སྔ་མོར་ཚོད་དཔག་བྱས་བཞག་པའི་གྲས་དེ་དེང་སང་མིག་མཐོང་ལག་ཟིན་ཞིག་ཡོང་གི་ཡོད། དེའི་རིཊ་དེ་ཡོངས་སུ་མ་གྲགས་པ། ཧ་ལམ་མཐོང་ཐོས་མེད་པ་དེའི་རྒྱུ་མཚན་གཞི་ནས་གསར་བ་ཤེས་བ་དེ་འདྲ་ཡོང་གི་ཡོད་པ་རེད། ནང་བསམ་བློ་དང་འབྲེལ་བའི་རིགས་དེ་དེང་སང་གི་འཕྲུལ་ཆས་ཀྱི་ཐོག་ནས་རིག་པ་གསར་བ་རྙེད་ཟེར་བ་ཕལ་ཆེར་ཡོད་པ་མ་རེད།

སྔར་རྒྱ་གར་ནང་ལོ་སྟོང་ཕྲག་གསུམ་གྱི་རིང་ལ་སེམས་ཀྱི་ཡར་རྒྱས་སྐོར་ལ་དོ་སྣང་ཆེན་པོ་བྱས་ཏེ། དེ་འདྲའི་སྤྱི་ཚོགས་དང་མི་སྡེའི་ནང་རྗཱེན་གྱི་ཆོས་དང་སངས་རྒྱས་ཀྱི་ཆོས་དུས་རབས་གཅིག་འདྲ་བོ་ཞིག་ཏུ་བྱུང་བ་རེད། སངས་རྒྱས་པའི་རྒྱ་གར་ལ་ཡོད་བསྡད་པའི་ཆོས་བརྒྱུད་ལྟ་གྲུབ་དེ་དག་གི་ལེགས་ཆ་ཡོད་པ་ཆ་ཚང་ཤེས་ཏེ། དེའི་ནང་རིག་པའི་གནས་བབ་ཡོད་བསྡད་པའི་ལྟ་གྲུབ་དེ་དག་བསྒྱུར་བཅོས་བཏང་སྟེ་རིམ་པས་བྱུང་བསྡད་པ་ཞིག་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱི་ལྟ་གྲུབ་ཞིབ་ཚགས་པོའི་ཐོག་ལ་ད་དུང་བརྟག་དཔྱད་བྱས་ཏེ་གཏན་འབེབས་གནང་ཡོང་བ་དེ་ནཱ་ལེནྜའི་མཁས་པ་དེ་དག་སྟེ། ལྟ་གྲུབ་བཅུ་བདུན་གྱི་རིམ་པ་ཡོད་པ་དེ་དག་གཙོ་བོ་རེད། བྱེ་བྲག་གསང་སྔགས་ཀྱི་ཆོ་ག་དང་སྦྲེལ་ནས་ཉམས་ལེན་བྱེད་སྟངས་སྐོར་གསུངས་བཞག་པ་མང་ཆེ་བ་དེ་རེད། གང་ལྟར། ནཱ་ལེནྜའི་གཙུག་ལག་སློབ་གྲྭ་དེར་རྒྱ་གར་ནང་སྙན་གྲགས་ཡོད་པ་ཞིག་ཆགས་ཡོད་པ་རེད། དེ་ནས་མར་དར་ནས་ང་ཚོ་བོད་ལ་ཡོད་བསྡད་པ་འདི་རེད། ང་ཚོ་བོད་པར་བོད་རང་ལ་སྔར་ནས་ཡོད་བསྡད་པའི་ཞང་ཞུང་བོན་ལུཊ་ཀྱི་རིག་གཞུང་ནང་ཡོད་བསྡད་པའི་ལེཊ་ཆ་དེ་འདྲ་ཡང་མཉམ་དུ་ཉམས་ལེན་བྱེད་བསྡད་པ་ཞིག་རེད་འདུག ཧ་ལམ་འཛམ་གླིང་འདིའི་ཐོག་ཁུངས་ལྡན་དང་གཏིང་ཟབ་པོ། ད་ལྟའི་དུས་རབས་དང་འབྲེལ་བ་ཡོད་པའི་ལྟ་གྲུབ་རིག་གཞུང་ཞིག་ཆཊ་བསྡད་ཡོད།” ཅེས་གསུངས་སོང་།

༧གོང་ས་མཆོག་གིས་སློབ་ཕྲུག་ཚོར་དེང་དུས་ཀྱི་ཕྱི་དངོས་པའི་ཤེས་ཡོན་དང་མཉམ་དུ་ནང་བསམ་བློའི་ཤེས་ཡོན་ཐོག་སྦྱངས་བརྩོན་གནང་གལ་ཆེན་སྐོར་གསུངས་དོན། ” ཁྱེད་རང་ཚོར་སློབ་གྲྭའི་ནང་དེང་དུས་ཀྱི་སློབ་ཚན་འགྲོ་བསྡད་ཀྱི་ཡོད་པ་རེད། དུས་ནས་དུས་སུ་འདིར་རུབ་རུབ་བྱས་ཏེ་ང་ཚོ་བོད་ཀྱི་ཕ་མེས་ནས་སོ་སོའི་གཅེས་ནོར་ཆཊ་བསྡད་པ། ད་ལྟ་འཛམ་གླིང་ལ་ཕན་པ་དང་ནུས་པ་ཡོད་བསྡད་པའི་ལྟ་གྲུབ་རིག་གཞུང་གི་སྐོར་ལ་བགྲོ་གླེང་དང་ངོ་སྤྲོད་བྱེད་ཀྱི་ཡོད་པ་རེད། དེར་བརྟེན། ཉིན་གཉིས་རིང་ལ་ཁྱེད་རང་ཚོས་སྔར་མ་ཐོས་པའི་གསར་བ་ཐོས་པ་དང་། སྔར་ཐོས་ཀྱང་གོ་བ་ཡག་པོ་མ་ཆགས་པ། སྔར་མ་ཤེས་པ་གསར་པ་ཤེས་པ། ཐོས་མྱོང་ཡང་ཡག་པོ་མ་ཤེས་པ་དེ་དག་གསལ་བོ་ངོ་འཕྲོད་པའི་རེ་བ་ཡོད། དེ་འདྲའི་གནས་ཚུལ་གོ་རྟོགས་བྱུང་བ་དེ་ཤེས་བྱ་རྒྱ་ཆེ་རུ་སོང་བ་ཙམ་མིན་པར། མི་ཚེའི་བསམ་བློ་གཏོང་སྟངས་ལ་ལམ་སྟོན་ཞིག་བྱེད་ཡོང་གི་ཡོད།

དེང་སང་འཛམ་གླིང་ནང་ཕྱིའི་དངོས་བོ་དང་འབྲེལ་བའི་ཤེས་ཡོན་ཧ་ཅང་ཡར་རྒྱས་ཡོད་བསྡད་པ་ཚོར་སེམས་ལ་དཀའ་ངལ་མང་པོ་ཞིག་འཕྲད་ཀྱི་འདུག དེ་ཁག་ཡོད་མ་རེད། དེང་རབས་ཀྱི་ཤེས་ཡོན་དེ་ཕྱིའི་དངོས་པོའི་ཡར་རྒྱས་ཐོག་དམིགས་བསྡད་པ་ཞིག་ཆགས་འདུག་སྟབས། ནང་སེམས་ཀྱི་ཞི་བདེ་གང་འདྲ་བྱས་ཏེ་བསྒྲུབ་དགོས་མིན་ད་ལྟ་ཡོད་བཞིན་པའི་འཛམ་གླིང་གི་ཤེས་ཡོན་ནང་མི་འདུག ཁྱེད་རང་ཚོས་ནམ་རྒྱུན་དེང་དུས་ཀྱི་ཤེས་ཡོན་གོམས་འདྲིས་ཡོད་བསྡད་པ་གཅིག་པུས་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་འགན་ལེན་བྱ་ཐུབ་རྒྱུ་ཕལ་ཆེར་ཁག་པོ་རེད། དེང་དུས་ཀྱི་ཤེས་ཡོན་རྩེར་སོན་པ་སེམས་འཁྲུག་བསྡད་མཁན་མང་པོ་མཐོང་གི་འདུག དེར་བརྟེན། ང་ཚོ་འདིར་གོ་བསྡུར་བྱེད་བསྡད་པ་དེས་སོ་སོའི་ཤེས་ཚད་དང་ཆོས་ཀྱི་གོ་རྟོགས་གོང་འཕེལ་བཏང་བ་མ་ཟད། སོ་སོའི་མི་ཚེ་བསྐྱལ་རྒྱུར་ཕན་ཐོགས་ཡོང་བའི་རེ་བ་ཡོད་པ་རེད། ” ཅེས་གསུངས་སོང་།

དེ་རིང་སྔ་དྲོའི་ནང་ཆོས་ངོ་སྤྲོད་གྲུབ་རྗེས་སློབ་མ་ཚོའི་དྲི་བར་ལན་འདེབས་གནང་ཡོད་པ་དང་། ཉིན་རྒྱབ་དགེ་བཤེས་རྣམ་པ་དབུ་བཞུགས་ཐོག་སློབ་མ་ཚོ་དང་ནང་ཆོས་ཐོག་བསྐྱར་བཤད་བགྲོ་གླེང་གནང་རྒྱུ་ཡིན་པ་དང་། ཆུ་ཚོད་ ༣།༠༠ ནས་ ༤།༠༠ བར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཤེས་ཡོན་ཐོག་འགན་འཁུར་ཇི་ལྟར་བཞེས་དགོས་མིན་སྐོར་ལ་གཏམ་བཤད་དང་། སང་ཉིན་སྔ་དྲོའི་ནང་ཆོས་ངོ་སྤྲོད་དང་བགྲོ་གླེང་བསྐྱར་བཤད་སོགས་གྲུབ་རྗེས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བཅས་གནང་རྒྱུ་ཡིན་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

ཆུ་ཚོད་ ༡༦ སྔོན་ལ།
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

ཆུ་ཚོད་ ༡༦ སྔོན་ལ།
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠
Front Slider

Public Reactions to the Election Results | Real Opinions & Views

༢༠༢༦/༠༥/༢༠
མདོ་ཁམས་ཆུ་བཞི་སྒང་དྲུག་གཞིས་བྱེས་གཉིས་དང་ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་ཐུན་མོང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༦།༠༥།༢༠ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

༢༠༢༦/༠༥/༢༠
Photo from the Facebook of Tsering Luding. Collected by Tibet Times.
Mobile App

བོད་མི་འཇིགས་བྲལ་ཀླུ་ལྡིང་ལགས་ཁེ་ན་ཌའི་དམག་དཔོན་ཞིག་ཏུ་བསྐོས་གཞག་གནང་འདུག

༢༠༢༦/༠༥/༢༠

མཆན། 4

  1. རྫ་ཆུའི་ཟླ་བ། says:
    ལོ་ 13 སྔོན།

    གང་ལྟར་ནང་བའི་ཆོས་འདི་འཛམ་གླིང་ཤར་ལྷོ་ནུབ་བྱང་གང་སར་དར་མྱོང་ཡོད་རེད་ལ། ད་ལྟ་དར་བཞིན་པའི་སྒང་རེད་མ་འོངས་བར་དེ་ལས་ཀྱང་དར་རྒྱུ་རེད། འོན་ཏེ། བོད་རྒྱུད་ནང་བསྟན་འདིའི་དར་སྟངས་འདི་ལ་དམིགས་བསལ་གྱིས་ཁྱད་ཆོས་ཡོད་པ་ཞིག་ཏུ་ངོས་འཛིན་བྱས་ན་འགྲིག་གི་ཡོད་རེད་བསམ་གྱི་འདུག དཔལ་ནཱ་ལེནྡ་ནས་བརྒྱད་ཐག་ཉེ་བ་དང་བོད་དང་བོད་ནི་ནང་བའི་གཞུང་ནང་དུ་ལུང་གིས་བཟིན་པའི་གདུལ་བྱ་ཆགས་ཡོད་རེད།

    Reply
  2. འཇམ་གཅེས ། says:
    ལོ་ 13 སྔོན།

    གང་ལ་གང་འདོད་དེ་ལ་དེ་སྟོན་པ། །བཙུན་པ་སྤྱན་རས་གཟིགས་ལ་གསོལ་བ་འདེབས། །

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་ གང་ལྟར། ནཱ་ལེནྜའི་གཙུག་ལག་སློབ་གྲྭ་དེར་རྒྱ་གར་ནང་སྙན་གྲགས་ཡོད་པ་ཞིག་ཆགས་ཡོད་པ་རེད། དེ་ནས་མར་དར་ནས་ང་ཚོ་བོད་ལ་ཡོད་བསྡད་པ་འདི་རེད།
    ང་ཚོ་བོད་པར་བོད་རང་ལ་སྔར་ནས་ཡོད་བསྡད་པའི་ཞང་ཞུང་བོན་ལུཊ་ཀྱི་རིག་གཞུང་ནང་ཡོད་བསྡད་པའི་ལེཊ་ཆ་དེ་འདྲ་ཡང་མཉམ་དུ་ཉམས་ལེན་བྱེད་བསྡད་པ་ཞིག་རེད་འདུག
    ཧ་ལམ་འཛམ་གླིང་འདིའི་ཐོག་ཁུངས་ལྡན་དང་གཏིང་ཟབ་པོ། ད་ལྟའི་དུས་རབས་དང་འབྲེལ་བ་ཡོད་པའི་ལྟ་གྲུབ་རིག་གཞུང་ཞིག་ཆཊ་བསྡད་ཡོད། ་་་གསུངས་སོང་ཟེར།

    Reply
  4. བློ་བཟང་གྲགས་པ། says:
    ལོ་ 13 སྔོན།

    གསར་འགོད་པས་དོ་སྣང་ཡག་པོ་གནང་འདུག ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱིར་བཏང་སངས་རྒྱས་ཆོས་ལུགས་འདི་འདིའི་འབྱུང་ཁུངས་རྒྱ་གར་ཡིན་ནའང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་འདི་ཤཱཀྱ་རྨ་མེད་པ་ཞིག་ཡིན་པ་མ་ཟད། ལྟ་གྲུབ་དང་མཚན་ཉིད་རིག་པ། དེ་བཞིན་སྒོམ་སྒྲུབ་ཀྱི་ཐོག་ནས་ནཱ་ལེནྡའི་གཞུང་ལུགས་ལས་ལྷག་ཅིག་ཡིན་པ་གསུང་ཡོད། ད་དུང་གསར་འགོད་པས་ངོས་འཛིན་མ་ཐུབ་པ་ཞིག་ལ་གསང་བ་སྔགས་ཀྱི་ཉམས་ལེན་ནང་བོད་བརྒྱུད་ནང་བསྟན་ཆོས་ལུགས་དང་ཟུང་དུ་འབྲེལ་ཡོད་གསུང་འདུག
    མདོར་བསྡུས་ན་བོད་བརྒྱུད་ནང་བསྟན་ཆོས་ལུགས་འདི་ཉིད་ནི། ཤཱཀྱ་ཐུབ་པའི་དགོངས་གཟབ་ལས་འཁྲུངས་པའི་གཞུང་བཟང་དང་ནཱ་ལེནྡའི་མཁས་པ་དག་གིས་བསྲེག་བཅད་བརྡར་གསུམ་བྱས་པའི་སྙིང་བཅུད། གསང་བ་སྔགས་ཀྱི་ཉམས་ལེན་དྲི་མ་བྲལ་བ་བཅས་ཀྱི་ཐོག བོད་རང་གི་གནའ་བོའི་ཞང་ཞུང་གི་བོན་གཞུང་སྲོག་ཏུ་བྱས་པའི་བོད་པའི་མཁས་དབང་དག་གི་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་ལྟ་བ་ཟབ་མོ་དང་གྲུབ་མཐའ་ཚད་མ་བཅས་ཀྱི་ཆོས་ལུགས་རྣམ་པར་དག་པ་ཞིག་ཡིན་པ་གསུང་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese