མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་ས་ཡ་ ༡༡ ཨ་རིའི་མི་སེར་ཆཊ་རྒྱུའི་རེ་བ།

བོད་ཀྱི་དུས་བབ།
༢༠༡༣/༠༦/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཨ་རིའི་གྲོས་ཚོགས་གོང་མས་ཨ་རིའི་གནས་སྤོར་རྩ་ཁྲིམས་བསྐྱར་བཅོས་ཀྱི་གྲོས་གཞི་ལ་མང་མོས་རྒྱབ་སྐྱོར་ཐོབ་ཏེ་ཁྲིམས་མཐུན་མིན་པའི་གནས་སྤོར་པ་མི་གྲངས་ས་ཡ་ ༡༡ ཨ་རིའི་མི་སེར་ཆགས་ཐུབ་པའི་རེ་བ་བསླེབས་ཡོད་འདུག

ཁ་སང་ཕྱི་ཚེས་ ༢༧ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ནང་། ཨ་རིའི་ནང་རྒྱལ་ཁབ་གཞན་ནས་ཡོང་བའི་མི་སེར་གནས་སྤོར་རྩ་ཁྲིམས་བསྐྱར་བཅོས་ཀྱི་གྲོས་གཞི་ཞིག་ལ་བགྲོ་གླེང་གནང་མཐར། གྲོས་ཚོགས་གོང་མིར་འཐུས་མི་ ༡༠༠ ཡོད་པ་ལས་འཐུས་མི་ ༣༢ ཡིས་དགག་པ་དང་། འཐུས་མི་ ༦༨ ཡིས་རྒྱབ་སྐྱོར་ཐོབ་ཡོད་སྟབས། གྲོས་གཞི་དེར་ཨ་རིའི་གྲོས་ཚོགས་གོང་མའི་ནང་མང་མོས་ཐག་གཅོད་གཏན་འབེབས་བྱུང་ཡོད་འདུག

ད་ཆར་ཨ་རིའི་ནང་ཁྲིམས་མཐུན་ཡིག་ཆ་མེད་པར་གནས་སྡོད་བྱེད་མཁན་མི་གྲངས་ས་ཡ་ ༡༡ ལྷག་ཡོད་ཅིང་། ཐེངས་འདིའི་གྲོས་ཚོགས་གོང་མའི་ནང་གི་གཏན་འབེབས་དེ་བརྒྱུད་ནས་མ་འོངས་པར་མི་དེ་དག་ཨ་རིའི་ནང་ཁྲིམས་མཐུན་གནས་སྡོད་ཆོག་པའི་ཡིག་ཆ་རེག་རྒྱུ་ཡིན་པ་མ་ཟད་མི་སེར་ཡང་ཆགས་རྒྱུ་ཡིན་འདུག

༢༠༡༢ ལོའི་ ༡༢ ཀྱི་སྔོན་ལ་ཨ་རིའི་ནང་བསླེབས་པ་ཡིན་ན། གནས་སྤོར་བསྐྱར་བཅོས་གྲོས་གཞི་ལྟར་ཁྲིམས་མཐུན་ཆགས་རྒྱུ་ཡིན་པ་དང་། དེ་མིན་གཞན་དག་ལ་གཞུང་གིས་དམ་དྲག་ཆེ་རུ་གཏོང་རྒྱུ་ཡིན་འདུག ཨ་རིའི་ནང་ཁྲིམས་འགལ་གནས་སྡོད་བྱེད་མཁན་རྒྱལ་ཁབ་གཙོ་བོ་དག་ནི། ཨ་རིའི་ཁྱིམ་མཚེས་རྒྱལ་ཁབ་མེག་སི་ཁོ་གཙོས་ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་ཁག་ཡིན་པ་དང་། ཨེ་ཤ་ཡའི་རྒྱལ་ཁབ་ཧྥི་ལི་ཕིན་དང་རྒྱ་གར། རྒྱ་ནག་བཅས་ཡིན་འདུག

ཨ་རིའི་གྲོས་ཚོགས་གོང་མའི་ནང་གི་ཐག་གཅོད་དེ་དང་འབྲེལ་ཏེ། ཨ་རི་དང་མེག་སི་ཁོ་ ( Mexico) རྒྱལ་ཁབ་གཉིས་བར་ས་མཚམས་རིང་ཚད་སྤྱི་ལེ་༡༡༢༧ ཡོད་པར་ལྕགས་རྭ་འཛུགས་རྒྱུ་དང་། ཨ་རིའི་ས་མཚམས་དང་གནམ་ཐང་བཅས་ཀྱི་བདེ་སྲུང་མི་སྣའི་གྲངས་ཚད་ལྡབ་གཉིས་ཙམ་འཕར་སྣོན་བྱ་རྒྱུ་ཡིན་སྟབས། དེ་དག་གི་ལོ་གཅིག་གི་འགྲོ་སོང་ཨ་སྒོར་ཐེར་འབུམ་ ༡༠ ལས་བརྒལ་རྒྱུ་ཡིན་པ་དང་། ཨ་རིའི་གཞུང་གིས་རྒྱལ་ཁབ་གཞན་ནས་ཡོང་མཁན་དང་ཨ་རི་རང་གི་མི་མང་སུ་ཞིག་ཡིན་རུང་ཨ་རིའི་ནང་ལས་ཀ་བྱེད་ཆོག་པའི་ཡིག་ཆ་ཡོད་མེད་ཐོག་དམ་དྲག་ཆེ་རུ་གཏོང་རྒྱུ་ཡིན་སྟབས། མ་འོངས་པར་ཨ་རིའི་ནང་ཁྲིམས་མཐུན་ཡིག་ཆ་མེད་པར་ལས་ཀ་བྱེད་མཁན་རྣམས་ལ་དཀའ་ངལ་འཕྲད་རྒྱུ་ཡིན་འདུག

ཨ་རིའི་གནས་སྤོར་རྩ་ཁྲིམས་བསྐྱར་བཅོས་ཀྱི་གྲོས་གཞིའི་ཐོག་ཕྱག་ལས་གནང་མཁན་གཙོ་བོ་གྲོས་ཚོགས་འཐུས་མི་ ༨ ཡོད་པ་དག་ནི། ཇོན་མེལ་ཁེན(John McCain) དང་ཆཱོ་མེར་ (Charles E Schumer)། ཊོར་བྷི་ (Durbin) ། གྷིར་ཧམ་ Graham)། རོབ་བྷར་ཌི་ (Robert Menendez)། མེལ་ཁུལ་བྷེ་ནེ་ཌི་ (Michael Bennet)། མཱར་ཁོ་ ( Marco Rubio)། ཧྥུ་ལད་ཁུ་ ( Jeff Flake) བཅས་ཡིན་པ་དང་། ཁོང་ཅག་གིས་ཐོག་མཐའ་བར་གསུམ་དུ་གྲོས་གཞི་དེ་ཐག་གཅོད་ཡོང་ཐབས་ལ་འབད་བརྩོན་ཤུགས་ཆེན་གནང་ཡོད་སྟབས། དེང་སང་ཨ་རིའི་ནང་ཁོང་ཚོིར་༼མི་བརྒྱད་ཤོག་ཁག༽ཅེས་འབོད་ཀྱི་ཡོད་འདུག

གྲོས་ཚོགས་གོང་མས་གྲོས་གཞི་དེར་མང་མོས་ཐག་གཅོད་བྱུང་བར། ཨ་རིའི་སྲིད་འཛིན་ཨོ་བྷ་མས་བརྗོད་དོན། “ གྲོས་ཚོགས་གོང་མས་ཐག་གཅོད་དེ་ནི་འོས་ཤིང་འཚམ་པའི་གཞི་རྩའི་བཅོས་བསྒྱུར་གལ་ཆེན་ཞིག་ཡིན། གནད་དོན་དེའི་ཐོག་གྲོས་ཚོགས་གོང་མའི་ལས་ཀ་འགྲུབ་ཚར་བ་རེད། ད་གྲོས་ཚོགས་འོག་མའི་ནང་གྲོས་ཆོད་དེར་གོང་ལྟར་རྒྱབ་སྐྱོར་ཐག་གཅོད་ཡོང་བའི་རེ་བ་ཡོད” ཅེས་ཨོ་བྷ་མ་ལྷོ་ཨ་ཧྥུ་རི་ཀའི་ནང་ཚོང་ལས་དང་ཟས་རིགས་བཅས་ཀྱི་གཞུང་འབྲེལ་གཟིགས་སྐོར་སྐབས་བརྗོད་ཡོད་འདུག  

ཨ་རིའི་གནས་སྤོར་རྩ་ཁྲིམས་བསྐྱར་བཅོས་ཀྱི་གྲོས་གཞི་ལག་སྟེར་བྱེད་དགོས་ན། ཨ་རིའི་གྲོས་ཚོགས་འོག་མ་ནས་མང་མོས་རྒྱབ་སྐྱོར་ཐོབ་ན། སྲིད་འཛིན་ཨོ་བྷ་མས་མཐའ་མའི་དག་མཆན་གྱི་མིང་རྟགས་བཀོད་དེ་རྩ་ཁྲིམས་ཆགས་རྗེས་ལག་བསྟར་བྱེད་དགོས་པ་ཞིག་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༦ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

ཆུ་ཚོད་ ༡༧ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

༢༠༢༦/༠༧/༢༡
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཅིག་སྟོང་ལྷག་གཏོར་བཤིག་གཏང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༡
༸གོང་ས་མཆོག གསར་འགྱུར།

སངས་རྒྱས་པའི་ཆོས་ཀྱི་སེམས་བཟང་པོ་བྱེད་པ་ནི་འཛམ་གླིང་འདིར་ཕན་ཐོགས་ཡོད་པ་ཞིག་ཡིན།

༢༠༢༦/༠༧/༢༠
ཕྱི་ལོ་ ༢༠༢༦  ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་སི་པེན་རྒྱལ་ཁབ་ཀྱིས་གསེར་གྱི་བུམ་པ་དེ་བཀྱགས་སོང་།
Mobile App

སི་པེན་གྱིས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་གྱི་གསེར་བུམ་བཀྱགས་སོང་།

༢༠༢༦/༠༧/༢༠

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ཨ་རི་གཞུང་གིས། ཁྲིམས་མཐུན་མིན་པའི་གནས་སྤོར་པ་མི་གྲངས་ས་ཡ་ ༡༡ ཨ་རིའི་མི་སེར་ཆགས་ཐུབ་པའི་རེ་བ་བསླེབས་ཡོད་པ་དང་།
    རྒྱ་གཞུང་གིས། བོད་མི་ས་ཡ་དྲུག་ཙམ་རང་ཡུལ་དུ་རྒྱ་མིའི་མི་སེར་དབང་ཆ་མེད་ཆགས་སྟངས་ལ་ཅིག་གཟིགས་དང་། རྣམ་པ་ཚོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese