མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགེ་རྒན་ཆེན་མོ་ཅིན་ཝེའི་སྐད་ཆ་གསེད་པ།

བོད་ཀྱི་དུས་བབ།
༢༠༡༣/༠༦/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཧུའུ་ཕིང་གིས་བརྩམས། ནགས་ཤོད་སད་མིས་བསྒྱུར།

མ་གཞི་ཁྱོད་ཅི་འདྲའི་ཁ་ལྕེ་བདེ་པོ་དང་། ལྕེ་མདུད་པ་རྒྱག་རྒྱུ་ཡོད་པའི་དབང་དུ་བཏང་ན་ཡང་། བོད་མི་བརྒྱ་ཁ་ལྷག་གིས་རང་སྲེག་བྱས་པར་གདོང་སྟོན་དགོས་དུས། ཁྱོད་ཀྱིས་ད་དུང་ཡང་རྒྱ་ནག་སྲིད་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་རྒྱལ་ཁ་ཐོབ་ཡོད་ལབ་མི་ཐུབ།

བོད་དང་འབྲེལ་བ་ཆགས་པའི་རྒྱ་ནག་གུང་ཁྲན་པའི་དཔོན་པོ་དང་། མཁས་པ་སུ་ཞིག་གི་མི་སེམས་བརླགས་མེད་ན། མིག་སྔའི་བོད་ཀྱི་གནས་སྟངས་གདོང་ལེན་བྱ་དགོས་དུས། ཁོ་ཚོ་བློ་བདེ་མི་ཐུབ་ལ། སེམས་ཁྲལ་མ་ཡོད་རང་ཡོད་རེད།

འདི་དག་ལས་མི་རེ་འགས་རང་རང་སོ་སོའི་ལྟ་ཚུལ་མ་མཐུན་པའི་བསམ་ཚུལ་ཡོངས་གྲགས་ངང་ཤོད་གང་ཐུབ་བྱེད་ངེས་རེད། ཁོང་ཚོས་སྲིད་གཞུང་གི་ལས་ཀ་བྱེད་སྟངས་དེ་ཙམ་ངོས་ལེན་མེད་པར་གསལ་སྟོན་བྱ་དགོས་ལ། ཁོང་ཚོའི་རེ་བར་སྲིད་གཞུང་ནས་ལུགས་སྒྱུར་ཐབས་སྒྱུར་བྱ་དགོས། གཅིག་བྱས་ན། ཁོང་ཚོ་རང་ཉིད་ལ་ད་ལྟའི་གནས་སྟངས་འགྱུར་བ་གཏོང་བའི་ནུས་པ་མེད་པ་རྟོགས་མོད། མ་མཐར་ཡང་ང་ཚོ་དང་ཁོང་ཚོ་ཁྱུ་གཅིག་མིན་པ་དང་། ང་ཚོ་དང་ཁོང་ཚོ་གཅིག་པའང་མིན་པའི་ལྟ་ཚུལ་གསལ་སྟོན་བྱ་དགོས་བསམ་པ་རེད།

ཉེ་དུས། ཧོང་ཀོང་( ཨེ་ཤ་ཡའི་བདུན་རེའི་དུས་དེབ ) ནས་རྒྱ་ནག་དབུས་གཞུང་གི་ཏང་སློབ་སྤྱི་ཚོགས་ཚན་རིག་སློབ་དཔྱོད་ཁང་གི་དགེ་རྒན་ཆེན་མོ་ཅིང་ཝེའི་ཆེད་དོན་བཅར་འདྲི་ཞིག་འགོད་སྤེལ་གནང་བ་ལས་བོད་འབྲེལ་གནད་དོན་ལ་བསྐྱར་དུ་གྲོས་མོལ་མགོ་འཛུགས་དགོས་ཞེས་བཤད། བཅར་འདྲི་འདི་གཟབ་ནན་ངང་གསེད་བཀྲོལ་དགོས་པ་གལ་ཆེན་པོར་མཐོང་།

ཏག་ཏག་རེད། དགེ་རྒན་ཆེན་མོ་ཅིན་ཝེ་ཡི་ལྟ་ཚུལ་མང་པོ་ཞིག་སྲིད་གཞུང་གི་བཤད་སྟངས་དང་གཅིག་པ་ཡིན་དུས། གསར་པ་གང་ཡང་མ་རེད། འདིར་རྣམ་པ་གསར་རྐྱང་ཡིན་པ་ཞིག་ནི་དགེ་རྒན་ཆེན་མོ་ཅིན་ཝེ་ཡི་བསམ་ཚུལ་མང་པོ་ཞིག་སྲིད་གཞུང་དང་མཐུན་གྱི་མེད་པ་དེ་རེད།

དེའང་རེད་ལ། དགེ་རྒན་ཆེན་མོ་ཅིན་ཝེ་དང་སྲིད་གཞུང་བར་བསམ་ཚུལ་མཐུན་གྱི་མེད་པ་དེ་དག་ཀྱང་། ང་ཚོའི་ལྟ་ཚུལ་དང་ད་དུང་ཡང་བར་ཐག་རིང་པོ་ཡོད། རེད་དེ་ང་ཚོས་རྟོག་ཞིབ་བྱ་དགོས་པ་ནི་མོ་རང་གི་ལྟ་ཚུལ་དང་སྲིད་གཞུང་ལྟ་ཚུལ་གཉིས་ལ་འགྱངས་ཐག་ཅི་ཙམ་འདུག་བལྟ་དགོས་རྒྱུ་དེ་རེད།

དགེ་རྒན་ཆེན་མོ་ཅིན་ཝེ་ཡིས་སྲིད་གཞུང་དང་ཏཱ་ལའི་བླ་མར་གྲོས་མོལ་བྱ་དགོས་པ་བསྟན་པ་རེད། འདི་ནི་ནམ་ཡང་བསྔགས་འོས་ཞིག་རེད། གང་ཞེ་ན། དེ་ནི་ཏག་ཏག་ཏཱ་ལའི་བླ་མས་སྔ་ཕྱི་བར་གསུམ་དུ་བཟུང་བའི་ལངས་ཕྱོགས་རེད། གང་ལྟར་གྲོས་མོལ་བྱ་དགོས་པ་བསྟན་པ་དེ་གྲོས་མོལ་ལ་དགག་བྱ་བྱེད་པ་ལས་བཟང་།

དགེ་རྒན་ཆེན་མོ་ཅིན་ཝེ་ཡིས་བཤད་དོན། ད་བར་ངས་བོད་དུ་སྔ་ཕྱིར་རྟོག་ཞིབ་བྱས་པ་ལས་ཤེས་རྟོགས་བྱུང་བར། དམངས་ཕལ་པ་ཚོས་གླེང་བརྗོད་བྱེད་པ་མང་ཤོས་དང་། ཐད་ཀ་ཐད་ཀའི་སྐད་ཆ་ནི་ཚེ་འདི་གུང་ཁྲན་ཏང་ལ་བརྟེན། སྐྱེས་པ་ཕྱི་མ་ཏཱ་ལའི་བླ་མར་བརྟེན་ཟེར་བ་དེ་རེད།

ང་ཚོས་ཤེས་གསལ་ལྟར། དྲག་གནོན་དང་བརྟན་ལྷིང་སྲུང་སྐྱོབ་འོག་གི་བོད་ཁུལ་དུ། གུང་ཁྲན་ཏང་ཡག་པོ་མི་འདུག་ལབ་ནའང་ཉེན་ཁ་ཡོད་པ་རེད་ལ། ཏཱ་ལའི་བླ་མ་ཡག་པོ་འདུག་བཤད་ནའང་ཉེན་ཁ་ཡོད་པ་རེད། དེས་ན་ང་ཚོས་གནས་ལུགས་འཚམ་པའི་སྒོ་ནས་དཔག་ན། སྐད་ཆ་སྔ་མའི་ཕྱེད་ཀ་ར་གན་འདྲེས་ཡོད་མོད། ཕྱི་མ་དེ་བདེན་པ་རིལ་རིལ་རེད།

རྒྱ་ནག་གུང་ཁྲན་འདིས་ག་དུས་ཡིན་ནའང་བོད་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན་ལ་གྲུབ་འབྲས་བླ་མེད་བཞག་ཡོད་པར་འུད་སྒྲོག་བྱེད་ལ། དེ་ལ་བརྟེན་ནས་བོད་མིའི་འཚོ་བར་ཧ་ལས་པའི་ལེགས་བཅོས་ཐུབ་པར་བཤད། འདིས་ཁོ་པའི་སྲིད་ཇུས་ཇི་ལྟར་ལམ་ལྷོང་བྱུང་ཡོད་ལུགས་བདེན་དཔང་བྱེད་པ་མ་ཟད། བོད་མི་ཚོ་ཅི་འདྲའི་བདེ་པོ་སྐྱིད་པོ་ཡིན་པར་གླེང་། ཡིན་ནའང་། དགེ་རྒན་ཆེན་མོ་ཅིན་ཝེ་ཡིས་བཤད་དོན། གུང་ཁྲན་ཏང་གིས་དཔལ་འབྱོར་གོང་འཕེལ་དང་དངོས་ཟོག་འཕར་སྣོན་ཐད་ལ་ལས་དོན་ཅི་བས་མང་བ་བསྒྲུབ་པ་དང་། རྒྱུ་ནོར་གནང་སྦྱིན་དང་རོགས་རམ་ག་ཙམ་བྱས་ཀྱང་། མི་དམངས་དཀྱུས་མའི་སེམས་ནང་གི་ཏཱ་ལའི་བླ་མའི་གོ་ས་ནམ་ཡང་མར་འབེབས་མི་ཐུབ་པ་མ་ཟད། བོད་མི་རིགས་ཀྱིས་ཏཱ་ལའི་བླ་མར་བཅངས་པའི་དད་གུས་དང་རེ་ལྟོས་ལ་དེ་བས་ཀྱང་འགྱུར་བ་གཏོང་མི་ཐུབ་པ་ཞིག་རེད་ཟེར།

ད་དུང་དགེ་རྒན་ཆེན་མོ་ཅིན་ཝེས་བཤད་པའི་བོད་མིས་ནང་བསམ་བློ་གལ་ཆེན་བརྩི་བ་དང་། དངོས་པོ་གལ་ཆུང་བལྟ་བ། སྐྱེ་བ་ཕྱི་མ་གཙིགས་སུ་འཛིན་པ་དང་། ཚེ་འདི་དོན་ཆུང་སྒོམ་པ་སོགས་ཀྱི་ཐུན་མིན་ལྟ་སྟངས་ཤིག་ཡོད། འདི་ནས་རྙེད་ཐུབ་པ་ནི། གལ་ཏེ་སྲིད་གཞུང་གིས་ད་དུང་ཡང་ཏཱ་ལའི་བླ་མར་གདུག་འདྲེའི་རང་བཞིན་དུ་བཅོས་པ་དང་། བོད་མི་ཚོར་ཏཱ་ལའི་བླ་མར་དད་བཀུར་བྱར་མི་འཇུག་པ། ཏཱ་ལའི་བླ་མ་རང་ཉིད་ཀྱི་ཕ་ཡུལ་དུ་ཕེབས་མ་འཇུག་ཚེ། དཔལ་འབྱོར་གྱི་འཕེལ་རྒྱས་དང་བོད་མིའི་འཚོ་དངོས་ཐད་ནས་ཅི་ཙམ་ལས་ཀ་ཡག་པོ་བྱས་པ་དང་། དགོན་པ་ག་ཙམ་བསྐྱར་གསོ་བཞེངས་བསྐྲུན་བྱས་ཀྱང་བོད་མིའི་སེམས་ནང་གི་འཕགས་པར་དགྲར་བཟུང་བ་དང་དམོད་ཚིག་བོར་བར་ཐོད་གཏུག་བྱ་མི་ཐུབ། དེ་ལ་བརྟེན་ནས་བོད་མིའི་ཆོས་ལུགས་དད་མོས་ལ་རྡོག་བརྫིས་བཏང་བས། བོད་མིའི་བསམ་བློའི་འཚོ་བར་བཙན་གནོན་བྱས་པའི་ནག་ཉེས་བསགས་པ་རེད། ནང་བསམ་བློ་དང་ཚེ་ཕྱི་མར་གཙིགས་སུ་བཟུང་བའི་མི་རིགས་ཤིག་གི་ངོས་ནས་བཤད་ན། ཁོང་ཚོའི་བསམ་བློ་བཙན་འཕྲོག་བྱས་པ་དང་སྐྱེ་བ་ཕྱི་མ་བཙན་གནོན་བཏང་སོང་དུས། ཁོང་ཚོའི་འཚོ་བར་བདེ་ཞིང་འཇམ་པ་རྩ་ནས་བརྗོད་མི་ཐུབ།

དགེ་རྒན་ཆེན་མོ་ཅིན་ཝེས་བརྗོད་རྒྱུར། རྒྱལ་ནང་ཁོ་ནར་ཏཱ་ལའི་བླ་མའི་ཡང་སྲིད་ཡོང་དགོས་པར་བརྩོན་ལེན་བྱ་དགོས་ཟེར། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་སྐུ་ན་མཐོ་བས་བོད་བརྒྱུད་ནང་བསྟན་གྱི་ཆོ་ག་ལྟར། ཡང་སྲིད་གནད་དོན་ཁ་ཚ་དགོས་གཏུགས་ཤིག་ཏུ་ཆགས་ཚར། མིག་སྔའི་གནས་སྟངས་གཞིགས་ན། འབྱུང་འགྱུར་ཏཱ་ལའི་བླ་མ་མཚེ་མ་ཡོང་རྒྱུར་ཉེ་བས། ཕྱི་ལོགས་དང་རྒྱལ་ནང་ཁག་སོ་སོར་ཡང་སྲིད་རེ་རེ་འཚོལ་རྒྱུ་ཡིན་དུས། འདིས་གནད་དོན་ཅི་བས་ཁག་ཏུ་འགྲོ་ལ། བོད་ཁུལ་གྱི་བརྟན་ལྷིང་དང་བདེ་འཇགས་ལ་ཤུགས་རྐྱེན་ཧ་ཅང་ཆེ། གལ་ཏེ། འཕེལ་མེད་དུ་གནས་པའི་ཏཱ་ལའི་བླ་མའི་ནད་དོན་གྱི་མདུད་པ་ཞིག་ན། ཏཱ་ལའི་བླ་མའི་ཡང་སྲིད་རྒྱལ་ནང་དུ་ཐོན་རྒྱུར་འབད་འབུངས་བྱ་དགོས། མ་གཞི་ང་ཚོས་གསེར་བུམ་དཀྲུགས་པའི་ལམ་ལུགས་སྤྱད་ནས་ཕྱི་རྒྱལ་དུ་ཡང་སྲིད་འཚོལ་རྒྱུར་ཚོད་འཛིན་བྱ་ཆོག་མོད། འོན་ཏེ་ལོ་རྒྱུས་ནང་སྤྲུལ་སྐུ་རང་སོ་སོས་བརྒྱུད་འཛིན་པ་ངོས་བཟུང་བྱས་པའི་ལོ་རྒྱུས་ཀྱང་ཡོད་པ་རེད་ལ། པཎ་ཆེན་མཚེ་མའི་ངོ་ཚ་ཁ་སྐྱེངས་ལྟ་བུ་ཤུགས་ཀྱིས་འགོག་དགོས།

དགེ་རྒན་ཆེན་མོ་ཅིན་ཝེའི་ཏཱ་ལའི་བླ་མའི་ཡང་སྲིད་རྒྱལ་ནང་ཁོ་ནར་ཐོན་དགོས་ཟེར་བའི་སྐད་ཆ་དེ་ནི། རྒྱ་ནག་གཞུང་གིས་ཐོག་མཐའ་བར་གསུམ་དུ་བསྒོམས་པའི་དམིགས་འབེན་ཡིན་པ་གླེང་མེད་རེད་ལ། མོས་བཤད་པའི་གསེར་བུམ་དཀྲུགས་པའི་ལམ་ལུགས་སྤྱད་ནས་ཡང་སྲིད་རྒྱལ་ཕྱིར་ཐོན་རྒྱུར་ཚོད་འཛིན་བྱེད་དགོས་ཟེར་བ་དེའང་། རྒྱ་ནག་གཞུང་གིས་རིང་ནས་བཏིང་བའི་འཆར་ཇུས་ཤིག་ཀྱང་རེད། མང་པོ་བཤད་དགོས་པ་མ་རེད། དགེ་རྒན་ཆེན་མོ་ཅིན་ཝེའི་སྐད་ཆ་ལས་དོ་སྣང་བྱ་རིན་ཡོད་པ་གཞན་ཞིག་ནི། ལོ་རྒྱུ་ནང་སྤྲུལ་སྐུ་རང་སོ་སོས་བརྒྱུད་འཛིན་པ་ངོས་བཟུང་བྱས་པའི་ལོ་རྒྱུས་ཀྱང་ཡོད་པ་ཡིན་དུས་ཟེར་བ་འདི་རེད།

སྐད་ཆ་འདི་ཆུང་ཆུང་གཏན་ནས་མ་རེད། སྐད་ཆ་འདི་ཧ་ཅང་གལ་ཆེན་རེད། ལོ་རྒྱུས་ནང་སྤྲུལ་སྐུ་རང་སོ་སོས་བརྒྱུད་འཛིན་པ་ངོས་བཟུང་བྱས་པའི་ལུགས་སྲོལ་ཡོད་པ་འདི་ནི་བདེན་པའི་གནད་དོན་ཞིག་རེད། འདི་ནི་བསམ་ཚུལ་ལྟ་བུའི་གནད་དོན་ཞིག་མ་རེད། བོད་བརྒྱུད་ནང་བསྟན་གྱི་བྱུང་བ་ལ་རྒྱུས་མངའ་ཅུང་ཟད་ཡོད་པའི་མི་སུས་ཀྱང་གནད་དོན་འདི་འདྲ་ཞིག་ཡོད་པ་ཏན་ཏན་ཧ་གོ་ཡོད།

དུས་རིང་ནང་། རྒྱ་ནག་གཞུང་གིས་མི་བདེན་རྫུན་སྒྲིག་དང་། སྐད་ཆ་གོ་ལོག་བསྒྲུབས་ནས་བཙན་པོ་དབང་ཡོད་ངང་ཏཱ་ལའི་བླ་མའི་ཡང་སྲིད་བརྩད་འཚོལ་གནད་དོན་ཐད་ལ། གསེར་བུམ་དཀྲུག་རྒྱུ་ནི་ངེས་པར་བརྒྱུད་དགོས་པའི་གོ་རིམ་རེད་ཟེར་ལ། དབུས་གཞུང་ལ་དབང་ཆ་མཐོ་ཤོས་ཀྱང་མངའ་ཡོད་ཟེར། འདས་པའི་ནང་ཏཱ་ལ་སྐུ་ཕྲེང་དང་པོས་ཏཱ་ལ་ཕྱི་མ་ངོས་འཛིན་བྱས་པའི་ལམ་ལུགས་གང་ཡང་བྱུང་མྱོང་མེད། ཡིན་ནའང་ང་ཚོས་ལོ་རྒྱུས་ཐོག་སྤྲུ་སྐུ་རང་སོ་སོས་བརྒྱུད་འཛིན་པ་ངོས་བཟུང་བྱས་མྱོང་ཡོད་པའི་ལོ་རྒྱུས་དེ་དག་སེམས་པར་ཉར་ཚེ། གོང་གི་ནོར་འཕྱུག་སོང་བའི་སྐད་ཆ་འདྲ་མི་འདྲ་དེ་དག་ཚང་མ་དམར་དམར་རྗེན་རྗེན་དུ་མངོན་ཡོང་གི་རེད།

བསྡོམས་ཚིག་ཧ་ཅང་གསལ་པོ་སྟེ། ཏཱ་ལའི་བླ་མའི་ཡང་སྲིད་གནད་དོན་ནི་ཆོས་ལུགས་པ་འབའ་ཞིག་གི་གནད་དོན་རེད། ཐ་མལ་བའི་སྲིད་གཞུང་གི་ལག་པ་བརྐྱངས་དགོས་དོན་མེད། ཏཱ་ལའི་བླ་མ་རང་ཉིད་ཀྱི་བརྒྱུད་འཛིན་པ་ངོས་གཟུང་རྒྱུར་རང་ཉིད་ལ་དབང་ཚད་ཡོངས་རྫོགས་ཡོད་པ་རེད། དེ་མིན་རྣམ་པ་ཅི་འདྲ་ཞིག་ནས། ཏཱ་ལའི་བླ་མ་དང་འབྲེལ་མེད་ཀྱི་སྒོ་ནས་ཡང་སྲིད་ངོས་འཛིན་བྱེད་པ་ཟེར་བ་དེ་ཚོ་ནི་ཁྲིམས་འགལ་རེད་ལ། ནུས་མེད་ཀྱང་རེད། འཚོ་བཞུགས་ཀྱི་ཏཱ་ལའི་བླ་མའི་འདི་པ་ཚང་ལ་གསེར་བུམ་དཀྲུགས་འདོན་ཟེར་བའི་ལམ་ལུགས་ཅི་གང་བརྒྱུད་མྱོང་ཡོད་པ་མ་རེད། དེས་ན་ཁོང་གི་བརྒྱུད་འཛིན་པ་དེ་ལའང་རང་བཞིན་གྱིས་གསེར་བུམ་དཀྲུགས་འདོན་བྱ་དགོས་དོན་ཅི་ཡོད།

སྔ་ལོར། ངས ( རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མའི་ཡང་སྲིད་ཐད་ལག་པ་འཆང་དབང་མེད ) ཅེས་པའི་རྩོམ་ཡིག་ཅིག་སྤེལ་བ་ཡིན། ཆེད་དུ་གནད་དོན་འདི་དག་ལ་དབྱེ་ཞིབ་བྱས་པ་ཡིན་པས་འདིར་བསྐྱར་བརྗོད་མི་བྱ། ཀློག་པ་པོ་དང་དོ་སྣང་ཡོད་རིགས་ཚོས་དེར་དཔྱད་གཞི་གནང་རོགས།

གལ་ཆེ་བ་ཞིག་ནི། འཛམ་བུ་གླིང་པ་ཡོངས་ཀྱིས་ཏཱ་ལའི་བླ་མའི་ཡང་སྲིད་ནི་ཏཱ་ལའི་བླ་མ་རང་ཉིད་ཀྱི་ལས་ཀ་ཡིན་པ་ཧ་གོ་ཡོད་དུས། འཇིག་རྟེན་ཕལ་པའི་སྲིད་གཞུང་ཞིག་དང་། ལྷག་པར་དུ་ལྷ་མེད་སྨྲ་བའི་སྲིད་གཞུང་དང་འབྲེལ་བ་རྩ་ནས་ཡོད་པ་མ་རེད། དེས་ན། རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མ་གཉིས་བཟོ་རྒྱུའི་འཆར་གཞི་དེའང་མ་རྩ་རྦད་དེ་བརྡིབ་རྒྱུ་རེད།

ངས་བསམས་ན། དགེ་རྒན་ཆེན་མོ་ཅིན་ཝེ་ཡི་སྐད་ཆ་འདི་དག་ལ་དོན་སྙིང་ཅི་ཞིག་འདུག ང་ཚོས་དོ་སྣང་འདང་ངེས་བྱ་དགོས་པར་མཐོང་།

༢༠༡༣ ། ༦ ། ༢༤ ཉིན།

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

མཆན། 1

  1. ཉི་མ་བཟང་པོ། says:
    ལོ་ 13 སྔོན།

    ནགས་ཤོད་སད་མི་ལགས་སྐུ་ཉིད་ཀྱི་བསྒྱུར་རྩོམ་དག་རྣམ་རྒྱུན་ཀློག་གི་ཡོད། ཆབ་སྲིད་ཀྱི་གནད་འགག་ཟིན་པའི་བསྒྱུར་རྩོམ་ཧ་ཅང་ཡག་པོ་འགའ་སྤེལ་སོང་ལ། ད་རེས་ཀྱི་བསྒྱུར་རྩོམ་འདི་དེ་ལས་ཀྱང་རྩ་ཆེན་པོ་དང་དོན་སྙིང་ལྡན་པ་ཞིག་བསྒྱུར་འདུག་པར་ཐུགས་རྗེ་ཆེ། དེ་ངས་དང་པོ་ཞུ་འདོད་པའི་སྐད་ཆ་ཡིན།
    གཉིས་པ་ནི་རྒྱ་རིགས་ཧུའུ་ཕིང་གི་་སྐད་ཆ་འདི་དག་ཧ་ཅང་དོན་སྙིང་ལྡན་པ་དང་། བོད་པ་ཚོས་ཀྱང་སྔ་སང་སང་གིས་གྲ་སྒྲིག་བྱེད་དགོས་པའི་གྲས་རེད། “ཏཱ་ལའི་བླ་མའི་ཡང་སྲིད་གནད་དོན་ནི་ཆོས་ལུགས་པ་འབའ་ཞིག་གི་གནད་དོན་རེད། ཐ་མལ་བའི་སྲིད་གཞུང་གི་ལག་པ་བརྐྱངས་དགོས་དོན་མེད། ཏཱ་ལའི་བླ་མ་རང་ཉིད་ཀྱི་བརྒྱུད་འཛིན་པ་ངོས་གཟུང་རྒྱུར་རང་ཉིད་ལ་དབང་ཚད་ཡོངས་རྫོགས་ཡོད་པ་རེད། དེ་མིན་རྣམ་པ་ཅི་འདྲ་ཞིག་ནས། ཏཱ་ལའི་བླ་མ་དང་འབྲེལ་མེད་ཀྱི་སྒོ་ནས་ཡང་སྲིད་ངོས་འཛིན་བྱེད་པ་ཟེར་བ་དེ་ཚོ་ནི་ཁྲིམས་འགལ་རེད་ལ། ནུས་མེད་ཀྱང་རེད། འཚོ་བཞུགས་ཀྱི་ཏཱ་ལའི་བླ་མའི་འདི་པ་ཚང་ལ་གསེར་བུམ་དཀྲུགས་འདོན་ཟེར་བའི་ལམ་ལུགས་ཅི་གང་བརྒྱུད་མྱོང་ཡོད་པ་མ་རེད། དེས་ན་ཁོང་གི་བརྒྱུད་འཛིན་པ་དེ་ལའང་རང་བཞིན་གྱིས་གསེར་བུམ་དཀྲུགས་འདོན་བྱ་དགོས་དོན་ཅི་ཡོད།”སྐད་ཆ་འདི་གནད་འགག་རེད། ༧གོང་ས་མཆོག་སྐུ་སྒེར་གྱིས་ཀྱང་དུས་རྒྱུན་རྒྱ་ནག་གཞུང་གིས་ངའི་ཡང་སྲིད་སྐོར་ལ་ད་ལྟ་ནས་གྲ་སྒྲིག་བྱེད་ཀྱིན་ཡོད་པ་རེད། དེ་ཡ་མཚན་པོ་ཞེ་དྲག་ཅིག་ཡོད་པ་རེད། རྒྱ་ནག་དམར་ཤོག་གཞུང་དུ་ཆོས་ཁས་མི་ལེན་མཁན་དང་ལྷ་མེད་སྨྲ་བའི་གཞུང་ཞིག་གིས་ཏཱ་ལའི་བླ་མའི་ཡང་སྲིད་ཅིག་འཚོལ་རྒྱུ་ཡིན་ཟེར་ན་ཁྱད་མཚར་རེད། གལ་སྲིད་སྐྱེས་པ་སྔ་ཕྱི་ཡོད་པ་ཞིག་ཁས་ལེན་བྱས་ཏེ་ཏཱ་ལའི་བླ་མའི་ཡང་སྲིད་འཚོལ་རྒྱུ་ཟེར་གྱི་ཡོད་ན། ཐོག་པར་མའོ་ཙེ་ཏོང་དང་ཏིན་ཞའོ་ཕིན་གཉིས་ཀྱི་ཡང་སྲིད་རེ་བཙལ་རྗེས་གཞི་ནས་ཏཱ་ལའི་བླ་མའི་ཡང་སྲིད་འཚོལ་པ་ཡིན་ན་དེ་གནས་ལུགས་དང་མཐུན་པ་ཞིག་རེད་གསུངས་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese