མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངའི་ངོ་ཤེས་གྲོགས་པོ་ ༡༣ ཙམ་བཟི་སྨན་གྱིས་བསད་ཐལ།

བོད་ཀྱི་དུས་བབ།
༢༠༡༣/༠༦/༢༩
Share on FacebookShare on TwitterShare on EmailShare on Whatsapp

བཙན་བྱོལ་སྤྱི་ཚོགས་ནང་སྔོན་མ་ནས་བཟི་སྨན་དང་མྱོས་རྫས་ངན་གོམས་ཀྱི་དབང་གིས་གཞོན་སྐྱེས་ལས་མེད་དང་སློབ་ཕྲུག་འགའ་རེ་འཕྲོ་བརླག་ཏུ་འགྲོ་བཞིན་པའི་གནས་ཚུལ་ཡོད་ལ། ཉེ་ལམ་འདི་གའི་གསར་འགོད་པས་མྱོས་རྫས་ངན་གོམས་ཅན་གྱི་གཞོན་སྐྱེས་ཤིག་དང་གླེང་མོལ་བྱས་སྐབས་ཁོ་རང་གི་མཐོང་ཐོས་མྱོང་གསུམ་ལྷུག་པོར་བརྗོད་ཡོད།

རྒྱ་གར་བྱང་ཕྱོགས་ངྷ་རམ་ས་ལའི་མེག་གྷན་དྷ་རམ་ཀོ་ཊི་ (Dharamkot)ཞེས་པའི་ལམ་ཁ་གཡས་གཡོན་དུ། རྒྱུན་པར་བོད་རིགས་གཞོན་སྐྱེས་མང་པོས་དུད་ཆང་དང་མྱོས་རྫས་(Drug)རིགས་བེད་སྤྱོད་ཀྱིས་དྲན་པ་འཐོར་ནས་བསྡད་ཡོད་པ་མང་པོ་མཐོང་རྒྱུ་འདུག་ལ། ལྷག་པར་དུ་ཁོང་ཅག་གི་སྐམ་ཞིང་རིད་པའི་གཟུགས་པོ། ནག་ཅིང་སྐྱོ་ཉམས་ཀྱིས་ཁེངས་པའི་ངོ་གདོང་དེ་དག་གིས་ཕྱི་ནང་གི་དཀའ་ངལ་མང་དག་ཅིག་གི་གནོན་བཙིར་འོག་འདི་ལྟར་མི་ཚེ་འཕྲོ་བརླག་ཏུ་ཕྱིན་པ་མིན་ནམ་སྙམ་པའི་ཚོར་བ་འགོག་མེད་དུ་བསྟེར། དེ་དང་མཉམ་དུ་ཁོང་ཅག་གི་ཟས་གོས་གནས་མལ་དང་། ཉིན་རེའི་འཚོ་བ་སྐྱེལ་སྟངས་སོགས་ལའང་སེམས་འཚབ་ཅིག་འགོག་མེད་དུ་སྐྱེ་འོང་ངེས། ཉེ་ལམ་འདི་གའི་གསར་འགོད་པ་བཟི་སྨན་ངན་གོམས་སུ་སོང་སྟེ་ཡུན་རིང་ཕྱིན་ཞིང་། ཚེ་སྲོག་གི་རྒྱུ་བ་ཕྲ་མོ་ཐེངས་དུ་མར་འཕྲོག་གྲབས་བྱས་མྱོང་མཁན་རིན་ཆེན་རྡོ་རྗེ་ཟེར་བའི་ཕོ་གསར་ཞིག་དང་གླེང་མོལ་གྱི་གོ་སྐབས་བྱུང་།  

རིན་ཆེན་རྡོ་རྗེ་ལགས་ནི་ལྷ་ས་གྲོང་ཁྱེར་ཚེ་སྨོན་གླིང་ནས་ཡིན་པ་དང་། རང་ལོ་ ༧ ཐོག་རྒྱ་གར་ལ་བཙན་བྱོལ་དུ་བསླེབས་ཏེ་དྷ་སྟེང་བོད་ཁྱིམ་དུ་སློབ་གཉེར་བྱས། སློབ་གྲྭ་རུ་རྒྱུགས་འབྲས་ཨང་དང་པོ་ནས་གསུམ་པའི་འོག་ཏུ་ཟགས་མྱོང་མེད་སྟབས། འཛིན་གྲྭའི་རྒན་ལགས་ཀྱིས་ཁོ་ལ་ཧ་ཅང་བྱམས་པོ་བྱས་པ་མ་ཟད། སློབ་གྲྭའི་དགེ་རྒན་དང་སློབ་ཕྲུག་མང་པོ་ཞིག་གིས་ཀྱང་ཁོང་ལ་བསྟོད་བསྔགས་དང་ཀུན་གྱིས་མིག་དཔེ་ལྟ་སར་གྱུར་ཡོད་འདུག ཡིན་ནའང་། མི་སྐྱོན་མེད་འཇིག་རྟེན་ཁམས་ན་མེད། ཤིང་འཛེར་མེད་རྒྱ་རྫོང་ནགས་ན་མེད་ཟེར་བ་ལྟར། བར་ལམ་ཞིག་གིས་ཁོ་འཛིན་གྲྭར་རྗེས་ལུས་ཐེབས་པ་དང་། དགོངས་པ་མ་ཞུས་པར་ཕྱི་རོལ་དུ་བྲོས་འགྲོ་བ་སོགས་སློབ་གྲྭའི་སྒྲིག་གཞིར་འགལ་བའི་བྱ་སྤྱོད་མང་པོ་བྱུང་པ་མ་ཟད། ཉིན་ཞིག་སློབ་གྲོགས་ ༢ དང་མཉམ་དུ་བོད་ལ་འགྲོ་རྒྱུ་ཡིན་ཟེར་ནས་བལ་ཡུལ་དུ་བྲོས་ཡོད་ཀྱང་། སྟབས་མ་ལེགས་པ་ཞིག་ལ། བལ་ཡུལ་སྣེ་ལེན་ཁང་གིས་བོད་ཁྱིམ་གྱི་སློབ་མ་ ༣ བྲོས་བྱོལ་དུ་སླེབས་འདུག་ཟེར་ནས་སློབ་གྲྭ་རུ་བརྡ་ལན་སྤྲད་སྟབས། ཟླ་ ༡ ཙམ་གྱི་རྗེས་སུ་ཁོ་ཚོ་ཕྱིར་སློབ་གྲྭ་རུ་འཁྲིད་ཡོད་ཀྱང་། སློབ་གྲོགས་རིན་ཆེན་རྡོ་རྗེ་ཡིས་དེ་སྔོན་ནས་སློབ་གྲྭའི་སྒྲིག་ལམ་ལ་གཏོར་བཤིག་མང་པོ་བཏང་ཡོད་སྟབས་སློབ་གྲྭས་ངོས་ལེན་མ་བྱས་པར་ཁོ་གཅིག་པུ་ལྷག་ཡོད་འདུག

དེ་ནས་འཛིན་གྲྭའི་རྒན་ལགས་ཁོ་ལ་ཧ་ཅང་འཆམ་པོ་ཡོད་སྟབས་ཐབས་བརྒྱ་ཇུས་སྟོང་གིས་ལ་དྭགས་དམག་སྦྱོང་ཁང་དུ་བཅུག་ཡོད་ཀྱང་། རིན་ཆེན་རྡོ་རྗེ་རང་ལོ་ ༡༧ ལས་ལོན་མེད་པས་དམག་སྦྱོང་གྲ་སྒྲིག་ཁང་དུ་ཟླ་ཤས་རིང་འདུག་དགོས་ཁེལ་བ་དང་། དམག་སྦྱོང་གྲ་སྒྲིག་ཁང་གི་ན་གཞོན་ཚོས་རྒྱུན་དུ་བཟི་སྨན་ཟ་བ་དང་བཟི་ཁབ་རྒྱག་པ་སོགས་བྱེད་ཀྱི་ཡོད་སྟབས། དང་ཐོག་རིན་ཆེན་རྡོ་རྗེ་ཡིས་བཟི་སྨན་གྱི་བྲོ་བར་ལྟ་ཙམ་བྱེད་འདོད་ཀྱིས། གྲོགས་པོ་ཚོར་རྐང་གཅིག་དང་གཉིས་བྱས་ནས་བསླངས་ཡོད་པ་དང་། རིམ་གྱིས་ངན་གོམས་སུ་སོང་ཏེ་ཁོ་བོ་དམག་སྒར་ནས་ཕྱིར་འཕུད་བཏང་བ་མ་ཟད། ཁོང་གི་ཕ་མ་གཉིས་ལ་འབྲེལ་བ་ཆད་དེ། བདག་མེད་ཁེར་རྐྱང་གིས་བཟི་སྨན་གྱི་མནར་གཅོད་གང་མང་མྱངས་ཡོད་པ་མ་ཟད། ༢༠༠༠ ལོ་ནས་ད་ལྟའི་བར་ཁོ་རང་གི་གྲོགས་པོ་ ༡༣ ཙམ་མྱོས་རྫས་རིགས་ངན་གོམ་གྱི་དབང་གིས་འདས་གྲོངས་སུ་ཕྱིན་ཡོད་འདུག  

ཁོས་བཟི་སྨན་ངན་གོམས་སུ་སོང་རྗེས་དཀའ་ངལ་མང་པོ་འཕྲད་སྐོར་བརྗོད་དོན། “ དང་ཐོག་ངས་བཟི་སྨན་རིགས་ཁབ་རྒྱག་པ་དང་ཟ་བ་སོགས་ཚང་མ་བྱས་པ་ཡིན། རྗེས་སུ་རྡེ་ལྡུན་བཟི་སྨན་འགོག་གཅོད་ཁང་དུ་སོང་ནས་ཟླ་ ༣ རིང་སྦྱོང་བརྡར་བྱས་ཏེ། ཁབ་རྒྱག་རྒྱུ་རིམ་གྱིས་སྤངས་ཐུབ་སོང་།  ཡིན་ནའང་། བཟི་སྨན་ཟ་རྒྱུ་མེད་ན་ལས་ཀ་བྱེད་ཐུབ་ཀྱི་མི་འདུག་ལ། ལུས་ཡོངས་ལ་ན་ཟུག་བཏང་སྟེ་ཟ་མ་བཟའ་འདོད་མེད་པ་དང་། མཚན་མོ་གཉིད་ཀྱང་གཏན་ནས་མི་ཁུག་པ་སོགས་དཀའ་ངལ་ཞེ་དྲག་འདུག དམག་སྒར་དུ་ཡོད་སྐབས་ཟླ་ཕོགས་ཆེན་པོ་ཡོད་པས་བཟི་སྨན་ཉོ་བར་དཀའ་ངལ་མི་འདུག འོན་ཀྱང་། བཟི་སྨན་བེད་སྤྱོད་བཏང་ན་དམག་མིའི་སྒྲིག་གཞི་དང་འགལ་ཡོད་སྟབས། རྗེས་སུ་ང་དམག་སྒར་ནས་ཕྱིར་འཕུད་བཏང་སོང་། ” ཅེས་བརྗོད་བྱུང་།  

ཁོས་མུ་མཐུད་དུ། “ དེ་ནས་དྷ་རམ་ས་ལར་ཡོང་ནས་བསྡད་པ་ཡིན། སྐབས་དེར་ཨ་མ་ལགས་ཀྱིས་ཟླ་རེར་ཉུང་མཐར་ཧིན་སྒོར་ ༣༠༠༠༠ ལྷག་བསྐུར་ཡོང་བས་མུ་མཐུད་དུ་བཟི་སྨན་ཟོས་པ་ཡིན། ཕྱིས་སུ་ཨ་མ་ལགས་ཀྱིས་ངས་མྱོས་རྫས་སྤྱོད་ཀྱི་ཡོད་པ་དང་། འཁྱམ་ཉུལ་བྱས་ནས་བསྡད་ཡོད་པ་གོ་ཐོས་བྱུང་སྟེ་ཟླ་ ༡ ལྷག་རིང་ཨ་མ་ལགས་སྙིང་ནད་ཕོག་ནས་སྨན་ཁང་དུ་ཉལ་དགོས་བྱུང་སོང་། སྐབས་དེར་ངས་ཨ་མ་ལགས་ལ་ཁ་པར་བཏང་ཡང་། ཕ་མ་གཉིས་ངུས་ནས་སྐད་ཆ་མང་པོ་བཤད་ཐུབ་ཀྱི་མི་འདུག ཨ་མ་ལགས་ཀྱིས་རྗེས་ཕྱོགས་ནས་ཁྱིམ་མིར་རེ་བ་གཏན་ནས་མ་བཅང་གསུངས་སྟབས།  དེ་ནས་བཟུང་ཁྱིམ་མིར་ཁ་པར་བཏང་མེད་ལ་སྒོར་མོ་བསླངས་མྱོང་མེད། ཕྱི་རྒྱལ་བ་གྲོགས་པོ་ཚོར་བསླངས་ནས་འཚོ་བ་འཁྱོལ་ཐབས་ཙམ་བྱས་ནས་བསྡད་པ་ཡིན” ཟེར།

དེང་སང་ག་རེ་བྱེད་ཀྱི་ཡོད་མེད་དྲིས་པར་ཁོང་གིས། ཉེ་སྔོན་སྐུ་ངོ་ཟླ་བ་ཚེ་རིང་ལགས་ཀྱིས་མི་ཆེད་མངགས་ཀྱིས། ང་ཚོ་བཟི་སྨན་སྤྱོད་མཁན་དང་ཆང་རག་འཐུང་མཁན་ཚོ་སྐད་བཏང་ཏེ། ལས་ཀ་དང་ཟ་མ་སོགས་སྤྲད་ནས་ང་ཚོ་བདག་མེད་ཚོར་ཧ་ཅང་ཡག་པོ་བྱས་སོང་། ད་ལྟ་ངས་ལས་མེད་ཚོགས་པ་རུ་ཤེལ་རིགས་བཙོ་སྦྱངས་ཀྱི་ལས་ཀ་བྱེད་བཞིན་ཡོད། ལས་ཀ་ལ་མགོ་འཁོར་ནས་བསྡད་ན་དུས་ཚོད་འཁྱོལ་བས་ཧ་ཅང་སྐྱིད་པོ་འདུག  ལས་ཞོར་དུ་ཉིན་རེ་བཞིན་བཟི་སྨན་བཟའ་རྒྱུ་ཉུང་རུ་གཏོང་བཞིན་ཡོད་ལ། མ་འོངས་པར་བཟི་སྨན་གཙང་གཅོད་ཐུབ་པའི་ཡིད་ཆེས་བཅངས་ཡོད། ” ཅེས་བརྗོད་སོང་།

མཇུག་ཏུ་བརྒྱུད་ལམ་འདི་བརྒྱུད་དེ་རང་རིགས་གཞོན་སྐྱེས་ཚོར་འབོད་སྐུལ་ཅི་ཞིག་བྱེད་འདོད་ཡོད་དྲིས་པར། “ང་རང་ལ་ཆ་བཞག་ན། སྔོན་ཆད་བཟི་སྨན་བེད་སྤྱོད་གཏོང་སྐབས་ཧ་ཅང་སྐྱིད་པོ་འདུག མ་འོངས་པ་ཞིག་ལ་བསམ་བློ་ཡང་འཁོར་མ་མྱོང་། ད་ལྟ་བསམ་བློ་ཞིག་བཏང་དུས། ངས་ག་རེ་བྱས་ནས་དེ་ལྟར་བྱས་པ་ཡིན་ནམ་བསམ་ནས་འགྱོད་པ་ཞེ་དྲག་སྐྱེ་ཡི་འདུག  སྒོར་མོ་མང་པོ་བཏང་ཚར་བ་སྐྱོན་མི་འདུག འོན་ཀྱང་། ངན་གོམས་སུ་སོང་ཚེ་སྒོར་མོ་མེད་པར་རྐུ་མ་རྒྱག་པ་སོགས་བྱ་སྤྱོད་ངན་པའི་རིགས་སྣ་ཚོགས་བྱེད་དགོས་ཁེལ་ལ། དེ་ལྟར་བྱས་ན་སོ་སོའི་ཁྱིམ་ཚང་དང་མི་རིགས་ལའང་མིང་ངན་པ་བཟོ་ངེས་རེད། དེའི་ཕྱིར་དང་པོ་ནས་བཟི་སྨན་རིགས་ལ་ངན་གོམས་སུ་འགྲོ་རུ་མི་འཇུག་རྒྱུ་ཧ་ཅང་གལ་ཆེན་པོ་རེད། གལ་སྲིད་གོམས་ཚར་ན། གཅོད་དགོས་བསམ་ཡང་གཟུགས་པོས་ལྕོགས་ཁག་པོ་འདུག ” ཅེས་བརྗོད་སོང་བ་དང་། དེ་བཞིན། མ་འོངས་པར་ཀུན་ཕན་ཚོགས་པའི་འགན་འཛིན་སྐུ་ངོ་ཟླ་བ་ཚེ་རིང་ལགས་ཀྱི་གོ་སྒྲིག་འོག བཟི་སྨན་བཅད་ཚར་མཁན་ཚོས་སོ་སོའི་ཉམས་མྱོང་རྣམས་འགྲེལ་བཤད་བྱས་ཏེ། བཟི་སྨན་སྤྱད་ནས་གནས་སྐབས་སུ་སྐྱིད་པོ་བྱས་ནས་བསྡད་ཡོད་པའི་བོད་རིགས་གཞོན་སྐྱེས་ཚོར་ལམ་སྟོན་གནང་འཆར་ཡོད་སྐོར་སོགས་བརྗོད་སོང་།  

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

༢༠༢༦/༠༨/༡༥
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣

མཆན། 7

  1. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ཉེར་གཅིག་པའི་ཅོང་བརྡ་ལགས། དྷ་སྟེང་བོད་ཁྱིམ་གྱི་སློབ་ཕྲུག་ཚོས་བཟི་སྨན་བཟའ་བའི་ངན་སྤྱོད་འདི་ནི་རྗེ་བཙུན་པདྨའི་སྐྱོན་ཡིན་སྟངས་ཅིག་གསུང་རོགས་གནོངས་དང་། ཅོང་བརྡ་ལགས།

    Reply
  2. ཉེར་གཅིག་པའི་ཅོང་བརྡ། says:
    ལོ་ 13 སྔོན།

    དྷ་སྟེང་བོད་ཁྱིམ་གྱི་སློབ་ཕྲུག་ཚོས་བཟི་སྨན་བཟའ་བའི་ངན་སྤྱོད་འདི་ནི་རྗེ་བཙུན་པདྨའི་སྐྱོན་རེད།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    སྐུ་ངོ་ཟླ་བ་ཚེ་རིང་ལགས་ཀྱི་ཕྱག་ལས་ལ་རྗེས་སུ་ཡི་རང་ཆེན་པོ་ཡོད་དོ།།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    དེང་སང་ག་རེ་བྱེད་ཀྱི་ཡོད་མེད་དྲིས་པར་ཁོང་གིས། ཉེ་སྔོན་སྐུ་ངོ་ཟླ་བ་ཚེ་རིང་ལགས་ཀྱིས་མི་ཆེད་མངགས་ཀྱིས། ང་ཚོ་བཟི་སྨན་སྤྱོད་མཁན་དང་ཆང་རག་འཐུང་མཁན་ཚོ་སྐད་བཏང་ཏེ། ལས་ཀ་དང་ཟ་མ་སོགས་སྤྲད་ནས་ང་ཚོ་བདག་མེད་ཚོར་ཧ་ཅང་ཡག་པོ་བྱས་སོང་། ད་ལྟ་ངས་ལས་མེད་ཚོགས་པ་རུ་ཤེལ་རིགས་བཙོ་སྦྱངས་ཀྱི་ལས་ཀ་བྱེད་བཞིན་ཡོད། ལས་ཀ་ལ་མགོ་འཁོར་ནས་བསྡད་ན་དུས་ཚོད་འཁྱོལ་བས་ཧ་ཅང་སྐྱིད་པོ་འདུག ལས་ཞོར་དུ་ཉིན་རེ་བཞིན་བཟི་སྨན་བཟའ་རྒྱུ་ཉུང་རུ་གཏོང་བཞིན་ཡོད་ལ། མ་འོངས་པར་བཟི་སྨན་གཙང་གཅོད་ཐུབ་པའི་ཡིད་ཆེས་བཅངས་ཡོད། ” ཅེས་བརྗོད་སོང་། ་་་་་་་ཟེར།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་་་་་་་་། སྐབས་དེར་ངས་ཨ་མ་ལགས་ལ་ཁ་པར་བཏང་ཡང་། ཕ་མ་གཉིས་ངུས་ནས་སྐད་ཆ་མང་པོ་བཤད་ཐུབ་ཀྱི་མི་འདུག ཨ་མ་ལགས་ཀྱིས་རྗེས་ཕྱོགས་ནས་ཁྱིམ་མིར་རེ་བ་གཏན་ནས་མ་བཅང་གསུངས་སྟབས། དེ་ནས་བཟུང་ཁྱིམ་མིར་ཁ་པར་བཏང་མེད་ལ་སྒོར་མོ་བསླངས་མྱོང་མེད། ཕྱི་རྒྱལ་བ་གྲོགས་པོ་ཚོར་བསླངས་ནས་འཚོ་བ་འཁྱོལ་ཐབས་ཙམ་བྱས་ནས་བསྡད་པ་ཡིན” ཟེར། ་་་་་་་་་

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་་་ སློབ་གྲོགས་རིན་ཆེན་རྡོ་རྗེ་ཡིས་དེ་སྔོན་ནས་སློབ་གྲྭའི་སྒྲིག་ལམ་ལ་གཏོར་བཤིག་མང་པོ་བཏང་ཡོད་སྟབས་སློབ་གྲྭས་ངོས་ལེན་མ་བྱས་པར་ཁོ་གཅིག་པུ་ལྷག་ཡོད་འདུག

    དེ་ནས་འཛིན་གྲྭའི་རྒན་ལགས་ཁོ་ལ་ཧ་ཅང་འཆམ་པོ་ཡོད་སྟབས་ཐབས་བརྒྱ་ཇུས་སྟོང་གིས་ལ་དྭགས་དམག་སྦྱོང་ཁང་དུ་བཅུག་ཡོད་ཀྱང་། ་་་་་་
    གྲོགས་པོ་ཚོར་རྐང་གཅིག་དང་གཉིས་བྱས་ནས་བསླངས་ཡོད་པ་དང་། རིམ་གྱིས་ངན་གོམས་སུ་སོང་ཏེ་ཁོ་བོ་དམག་སྒར་ནས་ཕྱིར་འཕུད་བཏང་བ་མ་ཟད། ཁོང་གི་ཕ་མ་གཉིས་ལ་འབྲེལ་བ་ཆད་དེ།
    བདག་མེད་ཁེར་རྐྱང་གིས་བཟི་སྨན་གྱི་མནར་གཅོད་གང་མང་མྱངས་ཡོད་པ་མ་ཟད། ༢༠༠༠ ལོ་ནས་ད་ལྟའི་བར་ཁོ་རང་གི་གྲོགས་པོ་ ༡༣ ཙམ་མྱོས་རྫས་རིགས་ངན་གོམ་གྱི་དབང་གིས་འདས་གྲོངས་སུ་ཕྱིན་ཡོད་འདུག ་་་་་་་་་ཟེར།

    Reply
  7. ཉི་མ་བཟང་པོ། says:
    ལོ་ 13 སྔོན།

    བཙན་བྱོལ་ནང་མྱོས་རྫས་སྤྱོད་མཁན་འདི་འདྲ་མང་པོ་ཞིག་ཡོང་དགོས་པའི་རྒྱུ་རྐྱེན་འཚོལ་དགོས་པ་རེད། རྒྱུན་རྐྱེན་སྔོན་ལ་བཀག་སྟེ་གནས་ཚུལ་ཐབས་གདུག་འདི་རིགས་བཀག་སྡོམ་བྱེད་དགོས་པ་རེད། ང་རང་གི་ངོས་འཛིན་ལྟར་ན། བཙན་བྱོལ་ནང་ཉལ་སྤྱོད་མཁན་མང་བ་དང་། ལྷག་པར་དུ་བཟི་སྨན་རིགས་ཀྱིས་ན་གཞོན་མང་པོ་ཞིག་འཕྲོ་བརླག་ཏུ་འགྲོ་བཞིན་ཡོད་པའི་རྩ་བ་གཉིས་ལ་ཐུག་འདུག དང་པོ་སྤྱི་ཚོགས་ཧྲིལ་བོ་དཔལ་འབྱོར་སྐྱོ་བོ་ཡིན་པས་དབང་གིས་རེད། ན་གཞོན་ཞིག་འཚར་ལོངས་བྱུང་བའི་གོ་རིམ་ནང་སྤྱི་ཚོགས་ཀྱི་དཔལ་འབྱོར་དང་མི་སྒེར་གྱི་དཔལ་འབྱོར། ཁོར་ཡིག་གི་ཆ་རྐྱེན་སོགས་གང་ལེགས་ཤིག་མེད་པ་ཡིན་ན་མི་དེས་སྤྱོད་པ་སྣ་ཚོགས་སྟོན་པ་དང་། མི་གཤིས་ཆལ་ཆོལ་དུ་གྱུར་ཡོང་གི་རེད། འོན་ན་ད་ལྟའི་རྒྱ་གར་གྱིས་མཚོན་པའི་རྒྱལ་ཁབ་སྐྱོ་བོ་དག་དང་། བོད་པའི་སྔོན་མའི་སྤྱི་ཚོགས་དེའི་ནང་གི་མི་ཚང་མ་སྤྱོད་པ་ལོག་མེད་པ་གང་ཡིན་ཞེས་དྲི་བ་ཡོང་སྲིད་ཀྱང་། དེ་ནི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་ཆ་ནས་དོ་སྙོམས་པོའི་ཐོག་བསྡད་ཡོད་པ་རེད། ཁ་སང་དེ་རིང་བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་མཚོན་ན། འཚོ་སྡོད་བྱེད་སའི་སྤྱི་ཚོགས་དང་མི་སྒེར་འགུལ་སྐྱོད་ཀྱི་ཁོར་ཡུག་གི་གནས་བབ་དང་མི་སྒེར་གྱི་དཔལ་འབྱོར་ཟེར་ན་འདྲ་ཆ་རྐྱེན་གྱི་གནས་སྟངས་གཉིས་དོ་སྙོམས་པོ་ཡོང་ཐུབ་ཀྱི་ཡོད་པ་མ་རེད། འདི་སྤྱི་ཚོགས་རིག་པའི་གཞུང་ལུག་སྟེང་གི་གནས་ལུགས་ཤིག་རེད།
    རྒྱུ་མཚན་གཉིས་པ་དེ་བོད་པ་ཚོ་བཙན་བྱལ་ལམ་མིའི་ལུང་པར་སྐྱབས་བཅོལ་དུ་བསྡད་ཡོད་པའི་དབང་གིས་རེད། ཕ་ཡུལ་དང་ཕ་མ་གཉེན་ཉེ་གྲོགས་ཕོ་མོ་མང་པོ་ཞིག་དང་ཁ་བྲལ་ནས་བསྡད་ཡོད་པ་མ་ཟད། སྤྱི་ཚོགས་ཀྱི་ཁོར་ཡུག་གསར་པ་དང་ཐ་ན་ཟས་སྤྱོད་སོགས་ཀྱང་གསར་པ་རྐྱང་རྐྱང་ལ་གདོང་ལེན་བྱེད་དགོས་ཆགས་ཀྱི་ཡོད་པ་རེད། བཙན་བྱོལ་སྤྱི་ཚོགས་ནང་སྐྱེས་ཤིང་འཚར་ལོངས་བྱུང་བ་དག་ལའང་ཕ་མའི་ཤུགས་རྐྱེན་ཏན་ཏན་ཐེབས་ཡོད་པའི་དབང་གིས་རང་བཞིན་གྱིས་ཕ་ཡུལ་མེད་པ་དང་སོ་སོ་སྤྲང་བོ་ཡིན་པའི་འདུ་ཤེས་ཤིག་ཆུང་ཆུང་སྐབས་ནས་རྒྱུད་དུ་བསྐྲུན་ཡོད་པ་རེད། གནས་ལུགས་དེའི་དབང་གིས་རྒྱ་བལ་འབྲུག་གསུམ་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་གང་སར་ཡོད་སྐྱབས་བཅོལ་བོད་མི་མཐུན་མོང་ལ་སེམས་ཀྱི་དཀའ་ངལ་ཞིག་ཡོད་ཡོད་པ་རེད། ཕ་ཡུལ་དང་ཕ་མ་དང་། གཉེན་ཉེན་སྤུན་ཟླར་ཁ་བྲལ་བ་དང་། ལྷག་དོན་དུ་མི་ཞིག་ལ་ཡོད་དགོས་པའི་རྐང་འོག་གི་ས་དང་མགོ་ཐོག་གི་གནམ་སོགས་ཀྱི་མི་གཞན་གྱི་ཡིན་པའི་གནས་ཚུལ་འདིའི་གནོན་ཤུགས་དེ་ན་གཞན་དང་མ་འདྲ་བའི་གནོན་ཤུགས་དང་སྡུག་བསྔལ་ཅན་ཞིག་ཡིན། འགྲོ་བ་མིའི་གཞི་རྩའི་རང་དབང་དང་ཐོབ་ཐང་གི་ཐོག་ལ་རྩོད་ཡུལ་མེད་པའི་དཀའ་ངལ་ཞིག་ཆགས་ཡོད། གལ་སྲིད་མི་ཞིག་གིས་ཁྱོད་ཀྱི་རང་དབང་དང་ཐོབ་ཐང་འཕྲོག་གི་ཡོད་ན་དེ་ནི་སྡུག་བསྔལ་ཞིག་ཡིན་ནའང་དེ་དང་མཉམ་དུ་ཁོང་ཁྲོ་ཞིག་ཀྱང་ཡོད་སྟབས། ཁོང་ཁྲོ་དེ་ནི་མི་སྒེར་གྱི་སྟོབས་ཤུགས་ཆགས་ཡོད། འདི་ཡང་སེམས་ཁམ་རིག་པའི་གཞུང་ལུགས་ནང་གི་གནས་ཚུལ་ཞིག་ཡིན། གནས་སྐབས་རིང་དེ་ཙམ་བྱོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese