མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

“སྲིད་ཇུས་ལ་འགྱུར་བ་གཏོང་བ་དང་བསྐྱར་ཞིབ་བྱེད་པའི་རྣམ་འགྱུར་ཞིག་མཐོང་ཡོང་གི་འདུག”

བོད་ཀྱི་དུས་བབ།
༢༠༡༣/༠༦/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་བོད་ནང་གི་དགོན་སྡེ་ཁ་ཤས་ནང་རྒྱ་གཞུང་གིས་༧གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་བྱེད་ཆོག་སྐོར་དྲིལ་བསྒྲགས་བྱས་ཡོད་པའི་གནས་ཚུལ་ཐད། རྒྱ་ནག་ལ་ལྟ་ཞིབ་བྱེད་མཁན་ཚོས་རྒྱ་ནག་གི་སྲིད་འཛིན་ཞི་ཡི་བཤད་སྤྱོད་ལ་གཞིགས་ན་གཞུང་གིས་འགྱུར་བ་ཕྲན་བུ་གཏོང་རྒྱུའི་རྣམ་པ་ཡོད་ཀྱང་ད་ལྟའི་ཆར་གཞུང་འབྲེལ་མིན་པའི་ངོ་བོའི་ཐོག་ན་འགྲོ་བཞིན་ཡོད་སྐོར་བརྗོད་བྱུང་།

ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་མཚོ་སྔོན་མང་རའི་དགོན་སྡེ་ཁག་ཅིག་ནང་ས་གནས་གཞུང་གི་ཆོས་ལུགས་མི་སྣ་ཚོས་ཡིག་ཆ་ཞིག་དྲིལ་བསྒྲགས་བྱས་པའི་ནང་། ༸གོང་ས་མཆོག་གི་སྐུ་པར་སྒྲིག་བཤོམ་བྱེད་ཆོག་པ་དང་ཁོང་ལ་མཚན་སྨད་མི་ཞུ་རྒྱུ། དགོན་པའི་ལས་སྣེ་ཚོའི་བཀའ་འཁྲོལ་མེད་པར་ཉེན་རྟོག་པ་དང་དམག་མི་དགོན་ནང་ལ་ཐད་ཀར་མི་འཛུལ་རྒྱུ་བཅས་ཡིན་འདུག དེ་བཞིན། ཕྱི་ཚེས་ ༢༦ ཉིན་ལྷ་སའི་དགའ་ལྡན་དགོན་པར་ཡང་དེ་བཞིན་དྲིལ་བསྒྲགས་བྱས་ཡོད་པ་དང་། དཀར་མཛེས་ས་ཁུལ་དུའང་གནས་ཚུལ་དེ་འདྲ་ཞིག་བྱུང་ཡོད་སྐོར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་ཡོད་སྟབས། ཚེས་ ༢༨ ཉིན་འདི་གའི་གསར་འགོད་པས་བོད་མི་མང་སྤྱི་འཐུས་དང་རྒྱ་ནག་ཉམས་ཞིབ་པ་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་སུ་གོང་གསལ་གནས་ཚུལ་དེའི་སྐོར་ལ་དགོངས་ཚུལ་དྲིས་ཡོད།

འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་མངོན་གསལ་མེད་པའི་ཐོག་ནས་འགྱུར་བ་ཕྲན་བུ་འགྲོ་བཞིན་ཡོད་པའི་མཐོང་ཚུལ་ཡོད་སྐོར་བརྗོད་དོན། “ སྤྱིར་བཏང་རྒྱ་ནག་གཞུང་གིས་སྔོན་མ་ནང་བཞིན་གྱིས་བོད་ཐོག་ལ་མཁྲེགས་འཛིན་གྱི་སྲིད་ཇུས་དང་དགོན་སྡེ་ཁག་གི་ནང་དུ་དམ་དྲག་བྱེད་པ་དང་། དེ་བཞིན་ཉེན་རྟོག་པ་དང་ལས་དོན་རུ་ཁག་སྡོད་པ་སོགས་ཀྱི་སྲིད་ཇུས་ལ་འགྱུར་བ་གཏོང་བ་དང་བསྐྱར་ཞིབ་བྱེད་པའི་རྣམ་འགྱུར་ཞིག་མཐོང་ཡོང་གི་འདུག ཡིན་ནའང་། རྒྱ་ནག་གཞུང་གིས་ལམ་སང་སྔོན་ཆད་ཀྱི་སྲིད་ཇུས་ནོར་འཁྲུལ་ཡིན་པ་ངོས་ལེན་བྱེད་མ་ཐུབ་པར་རིམ་གྱིས་དགོན་སྡེ་ཁག་གི་བླ་མ་དང་དགེ་འདུན་པ་ཚོ་མཉམ་དུ་ཚོགས། དེ་ནས་བླ་མ་གྲྭ་བ་ཚོས་མང་ཚོགས་ནང་དུ་མར་དྲིལ་བསྒྲགས་བྱས་ཏེ་ག་ལེར་འགྱུར་བ་གཏོང་སྲིད་པ་ཞིག་རེད། ཡིན་ནའང་། གོང་གི་གནས་ཚུལ་དེ་ཚོ་བདེན་པ་ཡིན་ནའང་རྒྱ་ནག་གཞུང་འབྲེལ་གྱི་ཐོག་ནས་གནས་ཚུལ་དེ་ཚོ་ཕྱིར་བསྒྲགས་བྱས་མེད་སྟབས། དྲ་ལམ་གྱི་མང་ཚོགས་རང་བཞིན་ཀྱི་སྐད་ཆ་ལྟ་བུ་ཆགས་ཡོད་དུས་གཞུང་རང་གི་སྲིད་ཇུས་ཤིག་ལ་ངོས་འཛིན་བྱས་ན་ཏག་ཏག་བསྡད་ཡོད་པ་མ་རེད། ཡིན་ནའང་གནས་ཚུལ་དེ་འདྲ་བྱུང་བ་བདེན་པ་རེད། ” ཅེས་བརྗོད་བྱུང་།   

ཡང་ཁོང་གིས་རྒྱ་ནག་གི་སྲིད་འཛིན་གསར་པ་ཞིས་ཅིན་ཕིན་དང་ཤེས་ལྡན་པ་ཁག་ཅིག་གི་ཆབ་སྲིད་ལྟ་བའི་སྐོར་བརྗོད་དོན། “ རྒྱ་གཞུང་གི་མགོ་ཁྲིད་ཞིས་ཅིན་ཕིན་གྱིས་བོད་ཀྱི་ཆོས་ལུགས་དད་མོས་རང་དབང་དང་སྐད་ཡིག་རིག་གཞུང་ལ་སྲུང་སྐྱོབ་བྱེད་དགོས་པའི་ཐོག ས་གནས་མི་རིགས་རང་སྐྱོང་གི་ཁྲིམས་ལག་བསྟར་ལེགས་པོ་བྱས་ན། གཞི་ནས་བོད་དེ་ཡུན་རིང་བརྟན་ལྷིང་ཡོང་བའི་སྐད་ཆ་བཤད་ཀྱི་ཡོད་པ་རེད། དེ་བཞིན་རྒྱ་ནག་ཏང་གི་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་ཅིན་ཝེ་ཡིས་ཀྱང་བཅར་འདྲི་ཞིག་གི་སྐབས་སུ། ༸རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་མཉམ་དུ་འབྲེལ་མོལ་བྱེད་དགོས་པ་དང་། ལྷག་པར་དུ་སྔོན་ཆད་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ལ་བཏང་བའི་མགོ་ཁྲིད་རིམ་པ་མང་པོ་ཞིག་གི་ཆོས་ལུགས་ཐད་ཀྱི་སྲིད་ཇུས་ལ་ཐལ་ཆ་ཆེན་པོ་ཕྱིན་སྟབས། བོད་ནང་གི་བོད་མི་ཚོའི་སེམས་ལ་རྨ་ཁ་དང་མ་འདོད་པ་ཤུགས་ཆེན་བཟོས་ཡོད་སྐོར་བཤད་པ་སོགས་ཀྱི་ཐོག་ནས་ང་ཚོས་ག་རེ་མཐོང་གི་འདུག་ཟེར་ན། གཞུང་རང་གི་ངོས་ནས་འགྱུར་བ་གཏོང་བའི་འཆར་གཞི་ཞིག་ཡོད་པ་དང་། དེ་ས་གནས་ས་ཐོག་ཏུ་གང་ལ་གང་འཚམ་ཞིག་གཞུང་འབྲེལ་མིན་པའི་ཐོག་ནས་འགྲོ་བཞིན་པ་དང་། ཡང་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་གཏོང་བའི་གཅིག་གྱུར་གྱི་སྲིད་ཇུས་མིན་པར་༸གོང་ས་མཆོག་ལ་མཚན་སྨོད་ཞུ་བ་དང་སྔོན་ཆད་ལྟར་རྩོམ་ཡིག་སྡུག་པོ་འབྲི་བ། དེ་བཞིན་ད་ལྟའི་བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་ཚོ་ཕྱི་ལ་འགྲོ་སྐབས་བོད་ནང་བྱུང་བའི་གནས་ཚུལ་ཚང་མ་ཏཱ་ལའི་ཁ་བྲལ་རིང་ལུགས་ཀྱིས་བརྒྱུད་སྐུལ་བྱས་ཚུལ་བརྗོད་པ་སོགས་ཀྱི་གནས་སྟངས་མུ་མཐུད་འགྲོ་བཞིན་ཡོད་པ་དང་། ཚགས་པར་དང་དྲ་རྒྱ་སོགས་སུ་ཡོད་པ་དེ་ཚོར་ཡང་འགྱུར་བ་གང་ཡང་སོང་ཡོད་པ་མ་རེད། དེར་བརྟེན། ཐེངས་འདིའི་གནས་ཚུལ་དེ་ཚོར་བོད་ནང་གི་རྩོམ་པ་པོ་ཚེ་རིང་འོད་ཟེར་སོགས་ཀྱིས་དེ་རྒྱ་ནག་གི་གཡོ་སྒྱུ་ཞིག་ཡིན་སྟབས། ག་དུས་ཡིན་ནའང་ང་ཚོ་དེ་ལ་མགོ་འཁོར་རྒྱུ་མེད་པའི་སྐད་ཆ་བཤད་མཁན་ཤུགས་ཆེན་པོ་རེད། ཡིན་ནའང་། རྒྱ་ནག་གཞུང་གི་མགོ་ཁྲིད་དང་ཤེས་ཡོན་ཅན་ཚོས་བཤད་པའི་བོད་སྐོར་གྱི་སྐད་ཆ་དེ་ཚོ་ལས། ང་ཚོས་རྒྱ་ནག་བཟང་ཕྱོགས་ལ་འགྱུར་བ་ཐེབས་པ་མཐོང་ཐུབ་དགོས་པའི་གནས་ཚུལ་གལ་ཆེན་པོ་ཞིག་རེད་དྲན་གྱི་ཡོད། ”ཅེས་བརྗོད་བྱུང་།

མཇུག་ཏུ་རྒྱ་ནག་གི་འགྱུར་བ་ཁག་ལ་བལྟས་ཡོང་ན། ང་ཚོས་ཀྱང་གྲ་སྒྲིག་བྱེད་གལ་ཆེ་བའི་སྐོར་ལ་ཁོང་གིས། “ ང་རང་ཚོས་གསལ་བོ་ཧ་གོ་དགོས་པ་ཞིག་ལ། རྒྱ་ནག་གཞུང་གིས་ཆོས་ལུགས་དང་ཆབ་སྲིད་ཀྱི་སྲིད་ཇུས་ཁ་ཁ་བཟོས་ཏེ། དཔེར་ན། ༸གོང་ས་མཆོག་ལ་ཆོས་ལུགས་ཀྱི་ཐོག་ནས་དད་པ་བྱས་ན་འགྲིག་གི་རེད། ཡིན་ནའང་། ཆབ་སྲིད་ཀྱི་ཕྱོགས་ནས་ཁོའི་རྗེས་སུ་རྩ་བ་ནས་འབྲང་རྒྱུ་མེད་སྐོར་བཤད་ཡོང་སྐབས། བོད་ཀྱི་གནད་དོན་དེ་ག་འདྲ་ཆགས་ས་རེད། ང་རང་ཚོའི་ཕྱོགས་ནས་གྲ་སྒྲིག་ག་འདྲ་བྱེད་དགོས་པ་དང་། བོད་ནང་གི་གནས་སྟངས་ལ་འགྱུར་བ་ག་འདྲ་ཐེབས་དགོས་པ་སོགས། ང་རང་ཚོའི་ངོས་ནས་དོ་སྣང་དང་གྲ་སྒྲིག་སྔ་ས་ནས་བྱེད་དགོས་པ་གལ་ཆེན་པོ་མཐོང་གི་འདུག ” ཅེས་བརྗོད་བྱུང་།

འབྲེལ་ཡོད་གསར་འགྱུར།

རྩོམ་པ་པོ་འཛུམ་ཤུལ་འཇམ་དབྱངས་ཐབས་མཁས་ལགས་ཀྱིས་བརྩམས་པའི་དཔེ་དེབ་དབུ་འབྱེད། པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༦།༡༢
Mobile App

ང་ཚོས་རྒྱ་ནག་གི་དྲག་གནོན་ལ་འཚེ་མེད་ཞི་བའི་ཐོག་ནས་ཁ་གཏད་བཅག་པ་ནི་རྗེས་དྲན་བྱ་འོས་པ་ཞིག་ཡིན།

༢༠༢༦/༠༦/༡༢
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ་སྔོན་འགྲོའི་ཉན་ཞིབ་ཚོགས་པ་དང་འབྲེལ་བའི་ཐག་གཅོད་གནང་སྐབས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་པར།
Mobile App

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢
བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་ལ་མཆོད་འབུལ་སྨོན་ལམ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༦།༡༢
Mobile App

བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་འདས་གྲོངས་སུ་གྱུར།

༢༠༢༦/༠༦/༡༢
Front Slider

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཞབས་པུས་སྨན་བཅོས་ལེགས་གྲུབ་བྱུང་བའི་གསལ་བསྒྲགས། ༢༠༢༦།༦།༡༢ བོད་ཀྱི་དུས་བབ་གསར་ཁང་གིས་སྐུ་པར་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

༧སྐུའི་ཞབས་པུས་གཤག་བཅོས་ལེགས་གྲུབ་དང་སྐུ་གཟུགས་གསལ་ཐང་ཡིན་འདུག

༢༠༢༦/༠༦/༡༢
Mobile App

རྒྱ་ནག་དམར་ཤོག་རིང་ལུགས་དེ་༸གོང་ས་མཆོག་ལས་དུས་ཡུན་རིང་བར་འཚོ་ཐུབ་མིན་ལྟ་རྒྱུ་ཞིག་ཡིན།

༢༠༢༦/༠༦/༡༡

མཆན། 5

  1. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    རྒྱའི་རྣམ་འགྱུར་བཟང་བྱུང་། བོད་མིས་དང་བླངས་གྱིས་ཤིག

    Reply
  2. བསྟན་འཛིན་ཆོས་འཕེལ། says:
    ལོ་ 13 སྔོན།

    རྒྱ་ནག་གཞུང་གིས་བོད་ནང་གིི་དགོན་སྡེ་ཁག་ཅིག་ནང་སྲིད་ཇུས་དེ་འདྲ་ཞིག་དྲིལ་བསྒྲགས་བྱས་ཡོད་པ་བདེན་པ་རེད་དྲན་གི ཡིན་ནའང་བཀུར་འོས་སྤྱི་འཐུས་མཆོག་གིས་གསུངས་པ་ལྟར་ཐོག་མར་རྒྱ་ནག་དབུས་གཞུང་ནང་ཁུལ་གྱི་སྲིད་ཇུས་ཤིག་ཡིན་ནའང་ཕྱི་ཚུལ་དུ་རྒྱ་ནག་གཞུང་འབྲེལ་མིན་མདོག་མདོག་གིས་ས་གནས་རིམ་པའི་ལས་ཆོས་ལུགས་ལས་ཁུངས་ཁག་ལ་མགོ་ལ་བཞག་པ་རེད་དྲན་གྱི་འདུག
    སྤྱི་ཟླ་ ༦ ་ཚེས་ ༢༩ ་ཉིན་རྒྱ་ནག་དབུས་ཆོས་ལུགས་ལས་དོན་ཇུས་ཟེར་བ་དེས་དབྱིན་ཡུལ་གྱི་ BBC ་གསར་ཁང་ལ་མགྱོགས་འཕྲིན་བཏང་སྟེ། ཀྲུང་གོའི་སྲིད་གཞུང་གིས་ཏཱ་ལའི་བླ་མའི་ཐོག་འཛིན་པའི་སྲིད་ཇུས་ལ་ཐོག་མཐའ་བར་གསུམ་དུ་འགྱུར་བ་གང་ཡང་ཕྱིན་མེད། མ་འོངས་པར་ཡང་ཏཱ་ལའི་བླ་མའི་ཁ་བྲལ་གྱི་ལས་འགུལ་དང་ཀྲུང་གོའི་ཆིག་བསྒྲིལ་བརྟེན་བརླང་ལ་གནོད་པའི་གཏམ་སྤྱོད་རིགས་མ་སྤེལ་བ་ཡིན་ན་ཏཱ་ལའི་བླ་མ་སྒེར་གྱི་གནད་དོན་ཐོག་ང་ཚོས་གྲོས་བསྡུར་བྱེད་པའི་གོ་སྐབས་ཡོདཡོད་པ་རེད་ཅེས་སོགས་བརྗོད་འདུག དེ་ཞིན་ཧྥ་རན་སིའི་གསར་ཁང་ཞིག་ལའང་གོང་མཚུངས་ཀྱི་སྐད་ཆ་དེ་རང་བསྐྱར་བཤད་བྱས་ཡོད་འདུག
    ཡིན་ནའང་རྒྱ་ནག་དབུས་ཏང་གི་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཅིན་ཝེ་ཡིས་རྒྱ་ནག་གིས་གྲང་ཉུང་མི་རིགས་དང་། ལྷག་པར་དུ་ཆོས་ལུགས་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་གཏོང་དགོས་ལུགས་བརྗོད་འདུག དེས་གང་ཞིག་སྟོན་གྱི་ཡོད་པ་རེད་ཟེར་ན་རྒྱ་ནག་དབུས་མཐོ་རིམ་དཔོན་རིགས་ནང་ཁུལ་དུ་བོད་ཐོག་འཛིན་པའི་སྲིད་ཇུས་ཐད་བསམ་ཚུལ་མཐུན་པོ་ཡོང་གི་མེད་པ་དང་། ལྷག་པར་དུ་ཉེ་ཆར་བོད་ཁུལ་དུ་བྱུང་བའི་གནས་ཚུལ་བཅས་ལ་གཞིགས་ན་མཐོ་རིམ་དཔོན་རིགས་ནང་ད་སྔ་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ནོར་འཁྲུལ་དུ་མཐོང་གི་ཡོད་མཁན་ཡོད་པ་ཧ་ཅང་གསལ་བོ་རེད།

    Reply
  3. ཉེར་གཅིག་པའི་ཅོང་བརྡ། says:
    ལོ་ 13 སྔོན།

    བོད་པ་རྣམས་དགའ་བའི་གཏམ་ཞིག་རེད་མོད།
    གཡོ་སྒྱུའི་འོག་ཏུ་འཚུད་འོང་།

    Reply
  4. མི་རྒོད། says:
    ལོ་ 13 སྔོན།

    ཧ་ཧ་རྒྱ་དམར་གཡོ་རྒྱུའི་འོག་ཚུད་པ་སྔ་དྲགས་མི་གཉན་འདི་ནི་ཨ་རིའི་གཞུང་ཚབ་ལ་མགོ་སྐོར་དང་རྒྱལ་སྤྱིར་དམིགས་པའི་གཡོ་འཇུས་གཅིག་ཀྱང་ཡིན་སྲིད་པས་ངང་བསྲིངས་རིང་པོའི་ཐོག་ནས་ལན་འདེབས་གནང་དགོས་།།།།།

    Reply
  5. བཀྲ་ཤིས་རྡོ་རྗེ། says:
    ལོ་ 13 སྔོན།

    སྤྱི་འཐུས་མཆོག་གིས་ཧ་ཅང་ཐབས་མཁས་པོ་དང་གཏིང་ཟབ་པོ་ཞིག་གསུང་གནང་འདུག ལྷག་པར་དུ་རྒྱ་ནག་གཞུང་གིས་འགྱུར་བ་གཏོང་རྒྱུའི་འཆར་གཞི་ཡོད་ཀྱང་མངོན་པར་མི་གསལ་བའི་ཐོག་ནས་གཞུང་འབྲེལ་མ་ཡིན་པའི་རྣམ་འགྱུར་སྟོན་གྱི་འདུག་ཟེར་བ་དེ་ཧ་ཅང་བདེན་པ་རེད་བསམ་གྱི་འདུག འོན་ཀྱང་ང་ཚོ་དོགས་པ་ཟ་ས་གཙོ་བོ་དེ་རྒྱ་ནག་གཞུང་གི་འཆར་གཞི་ཞིག་ཨེ་ཡིན་ནམ། འདི་བརྒྱུད་ལམ་གང་རུང་ཞིག་བརྒྱད་དེ་མང་ཚོགས་ནང་དཀྲོགས་གཏམ་བཟོས་ཏེ་རྒྱལ་སྤྱིའི་ཐོག་དྲིལ་བསྒྲགས་རྫིན་མ་འགྲོ་རུ་བཅུག་པ་མིན་འགྲོ་སྙམ། གང་ལྟར་ང་རང་རྒྱ་ནག་གཞུང་ལ་ཡིད་ཆེས་གཏན་ནས་མེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese