མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཆོས་ལུཊ་ཚང་མའི་དམིཊ་ཡུལ་བྱམས་བརྩེ་ལྡན་པའི་མི་ཞིག་ཡོང་རྒྱུ་དེ་རེད།

བོད་ཀྱི་དུས་བབ།
༢༠༡༣/༠༧/༠༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་དྷ་ས་གཙུག་ལག་ཁང་དུ་༸གོང་ས་མཆོག་གིས་ཝེ་ཏི་ནམ་གྱི་ཆོས་ཞུ་བ་ ༣༠༠ གཙོ་བོར་གྱུར་བའི་སེར་སྐྱ་མི་མང་ ༥༠༠༠ ཙམ་ལ་ཉིན་གྲངས་ ༢ རིང་གི་གསུང་ཆོས་དབུ་འཛུཊ་གནང་སོང་།

ཝེ་ཏི་ནམ་གྱི་ནང་པའི་ཚོགས་པ་ཞིག་གིས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། དེ་རིང་སྔ་དྲོའི་ཆུ་ཚོད་ ༨ ཐོག དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་མཆོག་གིས། རྗེ་ཙོང་ཁ་པས་མཛད་པའི་༼ལམ་གཙོ་རྣམ་གསུམ་༽གྱི་གསུང་ཆོས་དབུ་འཛུགས་གནང་ཡོད་པ་དང་། ཐེངས་འདིའི་གསུང་ཆོས་སྐབས་ཝེ་ཏི་ནམ་གྱི་དད་ལྡན་ཆོས་ཞུ་པ་ ༣༠༠ ལྷག་གཙོ་བོར་གྱུར་བའི་ཕྱིའི་རྒྱལ་ཁབ་ ༥༩ ཙམ་ནས་ནང་ཆོས་དོན་གཉེར་བ་ ༧༠༠ ལྷག་དང་། དེ་བཞིན་དྷ་ས་ཁུལ་གྱི་སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་ ༥༠༠༠ ཙམ་འཛོམས་ཡོད་པ་དང་། ཝེ་ཏི་ནམ་དང་ཉི་ཧོང་། ཀོ་རི་ཡ། དབྱིན་ཇི་བཅས་ཀྱི་སྐད་ནང་ཐད་ཀར་གསུང་བསྒྱུར་ཞུ་བཞིན་འདུག

གསུང་ཆོས་ཀྱི་ཐོག་མར༸གོང་ས་མཆོག་གིས་ཝེ་ཏི་ནམ་གྱི་མི་རྣམས་ཕ་མེས་ནས་སངས་རྒྱས་པའི་ཆོས་ལ་དད་པ་བྱེད་མཁན་ཞིག་ཡིན་པ་མ་ཟད། ཤེར་ཕྱིན་གྱི་གཞུང་ཉམས་སུ་ལེན་མཁན་ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་མཁན་ཡིན་སྐོར་གསུངས་བ་དང་འབྲེལ། དད་པ་དང་རྒྱུ་མཚན་མཉམ་དུ་འགྲོ་དགོས་པ་གལ་ཆེན་ཡིན་སྐོར་གྱི་བཀའ་སློབ་བསྩལ་དོན། “ ཡེ་ཤུ་བླ་ཆེན་ཕོབ་ལགས་ཀྱིས་དད་པ་དང་རྒྱུ་མཚན་མཉམ་དུ་འགྲོ་དགོས་གསུངས་བ་དེ་ལེགས་བཤད་ཅིག་རེད་འདུག གང་ཡིན་ཟེར་ན། དུད་འགྲོས་ཀྱང་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་དེ་མི་དང་གཅིག་མཚུངས་ཡིན་ཡང་། ཆོས་དད་ཟེར་བ་དེ་མིའི་སྤྱི་ཚོགས་ནང་མ་གཏོགས་དུད་འགྲོའི་སྤྱི་ཚོགས་ནང་མི་འདུག ཡིན་ནའང་། ཡིད་ཆེས་དུད་འགྲོའི་ནང་དུའང་ཡོད་པ་རེད། དཔེར་ན། དུད་འགྲོའི་ཕྲུ་གུ་ཚོས་རང་གི་ཨ་མ་ལ་ཡིད་ཆེས་བྱེད་ཀྱི་ཡོད།  རྒྱུ་མཚན་ལ་བསམ་བློ་བཏང་སྟེ་ཡིད་ཆེས་བློ་འགེལ་བྱེད་པ་ཞིག་ལ་ཆོས་དད་ཟེར་དགོས་པ་རེད། ཆོས་དད་དེ་མིའི་སྤྱི་ཚོགས་ནང་མ་གཏོགས་མེད་པ་མིའི་ཀླད་པས་རྒྱུ་མཚན་ལ་བསམ་བློ་གཏོང་བའི་མྱོང་བ་ཡོད་པ་དང་། དུད་འགྲོས་ཀྱང་རྒྱུ་མཚན་ལ་ཕྲན་བུ་བསམ་བློ་གཏོང་ཡང་མི་ལྟར་རྒྱུ་མཚན་རྩད་བཅད་དེ། གཏན་གྱི་བདེ་བ་ག་འདྲ་ཡིན་མིན་གྱི་བསམ་བློ་དེ་འཁོར་ཐུབ་ཀྱི་མ་རེད། དེའི་ཕྱིར་དད་པ་དང་རྒྱུ་མཚན་མཉམ་དུ་འགྲོ་དགོས་ཟེར་བ་དངོས་གནས་དྲང་གནས་ལེགས་བཤད་ཅིག་རེད།  ” ཅེས་གསུངས་སོང་།

རྒྱུ་མཚན་བཀོད་པ་མི་འདྲ་བ་ཙམ་མ་གཏོགས་ཆོས་ལུགས་ཚང་མའི་དམིགས་ཡུལ་གཅིག་པ་ཡིན་སྐོར་གསུངས་དོན། “ ཆོས་ལུགས་འདྲ་མི་འདྲ་ཚང་མའི་དམིགས་ཡུལ་གཙོ་བོ་ནི་བྱམས་བརྩེ་ལྡན་པའི་མི་ཞིག་ཡོང་རྒྱུ་དེ་རེད། དེ་ཡོང་བའི་སྒྲུབ་བྱེད་འཇིག་རྟེན་བཀོད་པ་པོས་བསྐོས་བ་རེད་ཅེས་རྒྱུ་མཚན་གཅིག་བཀོད་ཡོད་པ་དང་། ཡང་འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱིས་བདེ་སྡུག་ཟེར་བ་དེ་སོ་སོའི་བྱ་སྤྱོད་ལ་རག་ལས་པ་རེད། བྱ་སྤྱོད་བཟང་པོ་བྱས་ན་རང་ཉིད་ལ་བདེ་སྐྱིད་ཡོང་བ་དང་། བྱ་སྤྱོད་མ་རབས་བྱས་ན་རང་ཉིད་ལ་སྡུག་བསྔལ་ཡོང་གི་རེད་ཅེས་རྒྱུ་འབྲས་ཀྱི་སྐད་ཆ་བཤད་ཀྱི་ཡོད་པ་རེད། བྱ་སྤྱོད་བཟང་པོ་ཟེར་བ་དེ་ཡང་སེམས་པ་ལ་རག་ལས་པ་རེད། སེམས་པ་བཟང་པོ་ཡོད་ན་བྱ་སྤྱོད་བཟང་པོ་དང་། སེམས་པ་ངན་པ་ཡིན་ན་བྱ་སྤྱོད་ངན་པ་འབྱུང་སྟབས། མཐར་གཏུག་ན་བྱམས་བརྩེ་ལ་ཐུག་ཡོད་པ་རེད། ” ཅེས་གསུངས་སོང་།

བཞུགས་སྒར་གྱི་གསུང་ཆོས་གྲུབ་རྗེས། ཟླ་འདིའི་ཕྱི་ཚེས་ ༥ ཉིན་༧གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་སུ་ཕེབས་རྒྱུ་ཡིན་འདུག

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist