མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནེལ་སིན་མན་ཌེ་ལཱ་མཆོག་གི་གནས་སྟངས་ཛ་དྲག

བོད་ཀྱི་དུས་བབ།
༢༠༡༣/༠༧/༠༡
Share on FacebookShare on TwitterShare on EmailShare on Whatsapp

ལྷོ་ཨ་ཧྥི་རི་ཀའི་སྲིད་འཛིན་ཟུར་པ་ནེལ་སིན་མན་ཌེ་ལཱ་མཆོག་གློ་ཚད་ཅིག་གི་རྐྱེན་པས་ད་ལྟ་སྨན་ཁང་དུ་སྨན་བཅོས་བྱེད་ཀྱིན་ཡོད་ཀྱང་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད་འདུག
ཟླ་སྔོན་མའི་ཕྱི་ཚེས་ ༧ ཉིན་གྱི་ཡུལ་དེའི་མཚན་མོའི་ཆུ་ཚོད་ ༡༡ སྟེང་། ལྷོ་ཨ་ཧྥི་རི་ཀའི་སྲིད་འཛིན་ཟུར་བ་ནེལ་སིན་མན་ཌེ་ལཱ་( Nelson Mandela)མཆོག་གི་གློ་ཚད་ནད་གཞི་གློ་བུར་དུ་ཇེ་སྡུག་ལ་ཕྱིན་ཏེ། གྲོང་ཁྱེར་ཇོ་ཧན་ནེ་སི་བྷར་གྷི་ (Johannesburg) ཉེ་འགྲམ་དུ་ཡོད་པའི་ཁོང་གི་གཞིས་ཀ་ནས་ཕེར་ཌོ་རཱེ་སྙིང་གི་སྨན་ཁང་(Pretoria)ཞེས་པར་སྨན་བཅོས་བྱེད་དུ་ཕེབས་ཡོད་པ་དང་། འདི་ནི་ལོ་གཉིས་ནང་ཁོང་སྨན་ཁང་དུ་སྨན་བཅོས་བྱེད་པར་ཕེབས་ཐེངས་ལྔ་པ་དེ་ཆགས་ཡོད་འདུག

སྨན་ཁང་དེས་ཁྱད་མཁས་སྨན་པའི་རུ་ཁག་ཅིག་ཆེད་འཛུགས་ཀྱིས་སྨན་བཅོས་བྱས་ཡོད་པ་དང་། སྨན་པ་ཚོས་མན་ཌེ་ལ་མཆོག་གི་གློ་བའི་ནད་གཞི་དེ་ནི། སྔོན་ཆད་ཁོང་བཙོན་དུ་བཞུགས་སྐབས། ཁོང་ལ་བཙོན་རོགས་ཊི་སྦི་(TB)ན་ཚ་ཅན་ཞིག་ཡོད་པ་དེ་ལས་འགོས་པར་ངོས་འཛིན་བྱེད་ཀྱིན་ཡོད་འདུག  

ཁོང་གི་གཟུགས་པོའི་གནས་སྟངས་ཀྱི་སྐོར་ལ་ལྷོ་ཨ་ཧྥི་རི་ཀའི་སྲིད་འཛིན་ལས་ཁུངས་གྱི་མགྲིན་པ་མཱ་ཁུ་མ་ཧཱ་རཱ་ཇི་(Mac Maharaj)ལགས་ཀྱིས་བྷི་བྷི་སི་གསར་འགོད་པར། ཕྱི་ཟླ་ ༤ པའི་ནང་ནེལ་སིན་མན་ཌེ་ལཱ་མཆོག་གི་གློ་ཚད་བསྐྱར་ལོག་བརྒྱབ་སྟེ་སྐུ་སྲོག་ལ་ཉེན་ཁ་ཆེན་པོ་བྱུང་ཡོད་ཀྱང་། ད་ལྟ་ཁྱད་མཁས་སྨན་པ་སྐོར་ཞིག་རྩ་འཛུགས་བྱས་ཏེ་སྨན་བཅོས་གང་ལེགས་བྱེད་ཀྱིན་ཡོད་སྟབས། ད་ལྟ་ཁོང་གིས་རང་སྟོབས་ཀྱིས་དབུགས་གཏོང་ལེན་ཐུབ་ཀྱི་ཡོད་པ་དེ་ནི་བཟང་ཕྱོགས་ཀྱི་རྣམ་པ་ཙམ་ཡིན་སྐོར་བརྗོད་འདུག

ཕྱི་ཚེས་ ༢༤ ཉིན་ལྷོ་ཨ་ཧྥི་རི་ཀའི་སྲིད་འཛིན་ཇད་ཁོད་ཛོ་མཱ་ ( Jacob Zuma) ལགས་སྨན་ཁང་དུ་ཁོང་ལ་གཟིགས་སྐོར་དུ་ཕེབས་པ་གསལ་བསྒྲགས་སྤེལ་བའི་ནང་ “ ང་རང་སྨན་ཁང་དུ་སྲིད་འཛིན་ཟུར་བ་མཆོག་ལ་ཐུག་འཕྲད་དུ་སྐྱོད་སྐབས། ཁོང་ཉིད་གཟིམ་འདུག་ཀྱང་ཁོང་གི་བཟའ་ཟླ་དང་ཁྱད་མཁས་སྨན་པའི་རུ་ཁག་ལ་བཀའ་མོལ་གནང་རྒྱུ་བྱུང་སོང་། ང་ཚོ་རྒྱལ་ཡོངས་མི་མང་ཚོས་ཁོང་གི་ནད་གཞི་དྲག་སྐྱེད་བྱུང་སྟེ་སྐུ་གཟུགས་སྔར་བཞིན་བདེ་ཐང་ཡོང་བར་སྨོན་ལམ་རྒྱག་དགོས། ཡིན་ནའང་ང་ཚོས་དམ་པ་ཁོང་ཉིད་དགུང་གྲངས་མཐོན་པོར་བསླེབས་ཡོད་པར་ངེས་པར་དུ་བསམ་ཤེས་གནང་དགོས ” ཞེས་བརྗོད་འདུག

ཕེར་ཌོ་རཱེ་སྨན་ཁང་གིས་བརྗོད་པ་ལྟར་ན། ནེལ་སིན་མན་ཌེ་ལཱ་མཆོག་གི་ནད་གཞི་དྲག་སྐྱེད་ཡོང་ཆེད་ཞི་བདེའི་ཕུག་རོན་མང་པོ་གློད་གྲོལ་བཏང་ཡོད་པ་དང་། མང་ཚོགས་ཚོས་ཀྱང་ཁོང་བཞུགས་སའི་སྨན་ཁང་མདུན་དུ་མེ་ཏོག་དང་ཤིས་ཚིག་སྣ་ཚོགས་ཕུལ་ཏེ་ཁོང་གི་བཀའ་དྲན་ལ་དྲན་གསོ་ཞུས་ཡོད་འདུག

ཕྱི་ཚེས་ ༢༦ ཉིན་མན་ཌེ་ལ་མཆོག་གི་ནད་གཞི་ཅུང་ཇེ་སྡུག་ཏུ་ཕྱིན་ཏེ་དབུགས་གཏོང་ལེན་ཡོ་བྱེད་བེད་སྤྱོད་གཏོང་དགོས་བྱུང་ཡོད་པ་དང་། མང་ཚོགས་མང་པོས་མུ་མཐུད་སྨན་ཁང་མདུན་དུ་ཁོང་གི་ནད་གཞི་དྲག་སྐྱེད་ཡོང་བར་སྨོན་ལམ་འདེབས་བཞིན་ཡོད་འདུག ད་ལྟ་ཁོང་གི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད་སྟབས། ཁོང་གི་བུ་ཕྲུག་ཚོ་ལྷན་འཛོམས་གནང་སྟེ་གལ་སྲིད་ཁོང་ཉིད་འདས་གྲོངས་སུ་ཕྱིན་རྗེས་སྐུ་ཕུང་དུར་འཇུག་བྱེད་ཡུལ་དང་འདས་མཆོད་སྒྲུབ་ཕྱོགས་སྐོར་ལ་གྲོས་བསྡུར་བྱས་ཡོད་འདུག

ཕྱི་ཚེས་ ༢༩ ཉིན་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་དང་ཁོང་གི་སྐུ་ལྕམ་རྣམ་གཉིས་སྐུ་ཞབས་མན་ཌེ་ལཱ་མཆོག་གི་ནང་མི་ཚོར་འཚམས་འདྲིར་བསྐྱོད་དེ། ཨོ་བྷ་མས་ནེལ་སིན་མན་ཌ་ལཱ་མཆོག་ནི་ངའི་སེམས་ནང་གི་སྙན་གྲགས་དང་གཟི་བརྗིད་ཆེ་ཤོས་ཀྱི་དཔའ་བོ་ཞིག་ཡིན་ཞེས་བརྗོད་ཡོད་པ་དང་། སྔོན་མ་ནེལ་སིན་མན་ཌ་ལ་མཆོག་ལོ་ ༡༨ རིང་བཙོན་འཇུག་བྱེད་ཡུལ་རོལ་བྷིན་གླིང་ཕྲན་ (Robben Island)ཞེས་པའི་ས་གནས་དེར་གཟིགས་སྐོར་དུ་ཕེབས་ཏེ། མན་ཌེ་ལཱ་མཆོག་གི་གཟི་བརྗིད་ལ་དྲན་གསོ་ཞུས་ཡོད་པ་དང་། སྲིད་འཛིན་མཆོག་གིས་བཙོན་ཁང་དེའི་སྐུ་མགྲོན་གྱི་ཟིན་དེབ་སྟེང་། “ རོལ་བྷིན་གླིང་ཕྲན་གྱི་དཔའ་བོ་ཁྱེད་རང་འཛམ་གླིང་འདིར་བཀའ་དྲིན་ཆེན་པོ་ཡིན། ཁྱེད་རང་བཞུགས་སའི་བཙོན་ཁང་འདིས་འགྲོ་བ་མིའི་སྙིང་སྟོབས་ལ་འགྲན་ཟླ་མེད་པ་མཚོན་ཡོད་ ” ཅེས་བྲིས་ཡོད་འདུག 

ཕྱི་ཟླ་ ༦ ཚེས་ ༢༨ ཉིན་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་ཀྱང་ནེལ་སིན་མན་ཌེ་ལ་མཆོག་གི་ནད་གཞི་དྲག་སྐྱེད་ཡོང་བའི་ཐུགས་སྨོན་མཛད་པའི་ནང་ “ སྲིད་འཛིན་ཟུར་པ་མན་ཌ་ལ་མཆོག་སྐུ་ཁམས་བདེ་མིན་གྱི་གནས་ཚུལ་བྱུང་བ་དེ་ནི་ཧ་ཅང་བློ་ཕམ་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་ཡོད། མི་ཚང་མས་ཁོང་མྱུར་དུ་དྲག་སྐྱེད་ཡོང་ཆེད་སྨོན་ལམ་འདེབས་བཞིན་ཡོད།” ཅེས་གསུངས་འདུག

ནེལ་སིན་མན་ཌ་ལཱ་མཆོག་ནི་ཕྱི་ལོ་ ༡༩༡༨ ཟླ་ ༧ ཚེས་ ༡༨ ཉིན་ལྷོ་ཨ་ཧྥི་རི་ཀའི་ཤར་ཕྱོགས་ཀད་པུ་གྲོང་ཁྱེར་( Cape town)ཞེས་པར་སྐུ་འཁྲུངས་ཤིང་། ལྷོ་ཨ་ཧྥི་རི་ཀའི་ནང་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལ་ཁ་གཏད་བཅགས་ཏེ་རྒྱུན་རིང་འཐབ་རྩོད་བྱས་སྟེ། སྔ་ཕྱིར་ལོ་ངོ་ ༢༧ རིང་བཙོན་ཁང་དུ་བཞུགས་མྱོང་ཡོད་པ་དང་། ༡༩༩༠ ལོར་གཞུང་གི་སྲིད་བྱུས་ལ་འགྱུར་བ་ཐེབས་ཏེ་ཁོང་གི་འཐབ་རྩོད་ལ་རྒྱལ་ཁ་ཐོབ་ཡོད། ༡༩༩༣ ལོར་འཛམ་གླིང་ཞི་བདེའི་གཟེངས་རྟགས་ཐོབ་ཡོད། ༡༩༩༤ ལོར་ལྷོ་ཨ་ཧྥི་རི་ཀའི་ལོ་རྒྱུས་ཐོག་གི་མི་རིགས་ནག་པོའི་སྲིད་འཛིན་ཐོག་མ་དེ་ཆགས་ཡོད་པ་དང་། ༡༩༩༩ ལོར་ལྷོ་ཨ་ཧྥི་རི་ཀའི་མགོ་ཁྲིད་ནས་རྒན་ཡོལ་ཞུས་ཡོད།

ཟླ་འདིའི་ཚེས་ ༡༨ ཉིན་ནི་དམ་པ་ཁོང་ཉིད་དགུང་གྲངས་  ༩༥ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ཡིན།

འབྲེལ་ཡོད་གསར་འགྱུར།

In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༧ སྔོན་ལ།
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

ཆུ་ཚོད་ ༡༠ སྔོན་ལ།
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧
Front Slider

དགུང་ལོ་ ༩༨ ཡིན་པའི་ནོར་བུ་རྒྱལ་ལགས་ཐུགས་དམ་དུ་བཞུགས་ཡོད་པའི་སྐོར་ལ་བཅར་འདྲི་ཞུས།

༢༠༢༦/༠༧/༢༤

མཆན། 2

  1. བདེན་པའི་རྒྱལ་སྲས། says:
    ལོ་ 13 སྔོན།

    མན་ཌེ་ལ། ཁོང་དྲག་སྐྱེད་མྱུར་དུ་ཡོང་བའི་སྨོན་ལམ། ཁ་ཞེ་གཉིས་མེད་ཐོག་འདེབས་བཞིན་ཡོད།

    དེང་སང་དུས་བབས་ལྟ་མ་ཐུབ་ནས་བདུན་ཕྲག་གཅིག་ཙམ་འགྲོ་སོང་། དུས་བབས་ཚང་གི་ཅི་ལས་ཀྱི་ཡོད་ན་མི་ཤེས། དུས་བབས་སྒོ་སྔར་ལྟར་ཕྱེ་ཐུབ་ཀྱི་མི་འདུག ད་རེས་མང་པོ་སྣོན་བའི་རྗེས་སུ་སྒོ་ཐེངས་གཅིག་བྱེ་སོང་། རྗེས་སུ་ཡང་སྐྱར་ལྟ་དུས་སྒོ་བྱེ་མིན་ངེས་པ་མེད།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    2013.07.18
    Happy Birthday To You !
    ཧེ་པི་ བྷརྠ ཌེ ཊུཡུ།
    ནེལ་སིན་མན་ཌེ་ལཱ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཡོད།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese