མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསལ་བཤད་ཐུང་ཐུང་ཞིག

བོད་ཀྱི་དུས་བབ།
༢༠༡༣/༠༧/༠༣
Share on FacebookShare on TwitterShare on EmailShare on Whatsapp

༄༅།། འཛམ་གླིང་ཞི་བདེའི་དེ་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ད་ལྟ་ནས། ལོ་ཉི་ཤུ་རྩ་དྲུག་གི་གོང་དུ་བོད་ཀྱི་བདེན་དོན་འཐབ་རྩོད་འདི། དབུ་མའི་ལམ་གྱི་ཐོག་ནས་གནང་རྒྱུ་ཐུགས་གཏན་འཁེལ་བའི་གསུང་འཕྲིན་དྲིལ་བསྒྲགས་གནང་པ་འདི་ལ། རྒྱུ་མཚན་གཉིས་ཡོད། དང་པོ། ཏིན་ཞའོ་ཕིན་གྱིས། བོད་རང་བཙན་མ་གཏོགས་གཞན་ཚང་མ་གྲོས་བསྡུར་བྱས་ན་འགྲིག་གི་རེད་ཅེས་བརྗོད་པ་འདི་དང་།  གཉིས་པ། རྒྱལ་སྤྱི་དང་རྒྱལ་ནང་གང་གི་ཆ་ནས་བལྟས་ཀྱང་། རྒྱ་བོད་གཉིས་ཀར་ཕན་རླབས་ཆེ་བའི་ཐབས་ཚུལ་དབུ་མའི་ལམ་འདི་ཁེ་ཆེ་བར་གཟིགས་ཏེ། བོད་མྱུར་སྐྱོབས་ཀྱི་ལམ་སྟོན་འདི་གནང་བ་རེད།

དེ་ལྟར། བཀའ་སློབ་ལམ་སྟོན་རིམ་པ་གནང་བར་བརྟེན། བོད་མི་མང་ཚོགས་ཀྱིས་ཀྱང་གོ་དོན་རིམ་རྟོགས་ཀྱི། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་མི་མང་གཉིས་ཀས་མང་མོས་ཐོག  དབུ་མའི་ཐབས་ལམ་ལ་ཐག་ཆོད་རྩ་འཛིན་གནང་མུས་སུ་ཡོད་པའི་སྐབས་འདིར། སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཀྱིས། ཚོགས་དུས་ལྔ་པའི་གྲོས་ཚོགས་སུ། སྤྱི་འཐུས་སྒེར་གྱི་བསམ་ཚུལ་བརྗོད་མུར། བདེན་གསོལ་སྨོན་ལམ་གྱི། ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ།། ཞེས་པ་སོགས། མགོན་པོ་མཆོག་གི་གསུང་། དཔྱད་གསུམ་དག་པའི་གཞུང་ཚིག་རྣམས་ལུང་འདྲེན་བྱས་ཏེ། དོན་སྙིང་། ༸སྐྱབས་མགོན་ཐམས་ཅད་མཁྱེན་པ་ཆེན་པོས། བོད་རང་བཙན་རང་ལ་དགོངས་བཞེས་གནང་གི་ཡོད་ཚུལ་སོགས་དགོངས་ཚོད་བླངས་ཏེ། ༸རྒྱལ་བའི་དགོངས་བཞེད་ལ། སྟངས་འཛིན་བྱ་འདོད་བྱས་པ་འདི་ཚབས་ཆེའི་ནོར་འཁྲུལ་དང་། གང་བྱུང་ལོང་གཏམ་སྨྲས་པ་ཡིན་པ་ནི། བོད་སྐད་ཐོག་བོད་རང་དབང་དང་། བོད་རང་བཙན། ཞེས་པའི་མིང་ཚིག་གཉིས་སོ་སོར་ཡོད་པ་བཞིན་དུ། དེ་གཉིས་ཀྱི་བརྗོད་དོན་ཡང་སོ་སོར་ཡོད་པ། བོད་མི་བསམ་ཤེས་ཅན་ཚང་མས་ཧ་གོ་དོན་རྟོགས་རེད།

འོན་ཀྱང་ཁྱེད་ཀྱིས་དེ་གཉིས་མཉམ་བསྲེས་བྱས་པ་ནི། ནོར་བ་རེད། གསལ་པོར་བརྗོད་ན། བོད་རང་དབང་གི་རྩོད་གླེང་ནི། དབུ་མའི་ཐབས་ལམ་དང་མཉམ་དུ་བརྗོད་ཐུབ་པ་ཞིག་རེད།  རྒྱ་ནག་དབང་སྒྱུར་གྲལ་རིམ་པ་ཚོས་ཀྱང་། བོད་བཙན་བཟུང་བྱས་ནས་ལོ་ལྔ་བཅུ་ལྷག་སོང་རིང་། བོད་མིར་རང་དབང་དང་བདེ་སྐྱིད་ཡོད་ཚུལ་གྱིས་བཅོས་མའི་དྲིལ་བསྒྲགས་འཁྲབ་སྟོན་མུ་མཐུད་བྱས་དང་བྱེད་མུས་རེད། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་དུའང་། རང་དབང་ནི། རང་ཐག་རང་གཅོད་ཀྱི་དབང་ཆ་ཡོད་པ། ཞེས་ཚད་མཐོ་པོའི་འགྲེལ་བརྗོད་བྱས་ཡོད། དེ་ཡང་། ༼ མི་རིགས་རང་ཐག་རང་གཅོད་བྱ་རྒྱུའི་དབང་ཆ་དེ། མ་རྩ་ཅན་གྱི་དམངས་གཙོ་རིང་ལུགས་པ་ལ་མཚོན་ན། ཚད་མཐོ་ཤོས་ཀྱི་རྩ་ཁྲིམས་ཁྲིམས་སྲོལ་ཞིག་ཡིན་ཡང་། སྤྱི་ཚོགས་རིང་ལུགས་པ་ཞིག་ལ་མཚོན་ན། ཚད་དམའ་ཤོས་ཀྱི་རྩ་འཛིན་ཁྲིམས་སྲོལ་ཞིག་ཡིན།༽ ཞེས་སོགས་གསལ་བ་ལྟ་བུ་རེད། 

བོད་རང་བཙན་རྩོད་གླེང་ནི། དབུ་མའི་ཐབས་ལམ་དང་མཉམ་དུ་བརྗོད་ཐུབ་ཐབས་གཏན་ནས་མེད། དེའི་རྒྱུ་མཚན་ནི་དབུ་མའི་ལམ་ཞེས་པ། མཐའ་གཉིས་སྤངས་པའི་དབུས་སམ། དབུ་མའི་ཐབས་ལམ་ལ་ཟེར། སྤངས་རྒྱུའི་མཐའ་གཉིས་ནི་དམིགས་ཚད་མཐོ་བའི་མཐའ། བོད་རང་བཙན་རྩོད་གླེང་བྱ་རྒྱུ་དེ་ཡང་ཕར་བཞག དམིགས་ཚད་དམའ་བའི་མཐའ། ད་ལྟ་རྒྱ་ནག་དབང་འཛིན་པ་ཉུང་ཤས་ཀྱིས་དབང་ཆ་ཡོངས་རྫོགས་བཟུང་སྟེ། གང་ཟག་གིས་དབང་སྒྱུར་འོག་མི་མང་རྣམས་མནར་གཅོད་ཚད་མེད་མྱོང་དགོས་བྱུང་བའི་སྲོལ་དེ་ཡང་ཕར་བཞག་སྟེ། དེའི་དབུས་སམ། དབུ་མའི་ལམ། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་། དེ་བཞིན་མི་རིགས་རང་སྐྱོང་གི་བཅའ་ཁྲིམས་བཅས་སུ་གསལ་བའི། གྲངས་ཉུང་མི་རིགས་ལ་ཐོབ་ཐང་སྤྲད་པའི་དབང་ཆ་རྣམས་ངོ་ལྐོག་མེད་པར་ལྷག་བསམ་རྣམ་དག་གི་དོན་འཁྱོལ་ལག་ལེན་ལ་བསྟར་ཐོག མདོར་ན། རྩ་འཛིན་ཁྲིམས་སྲོལ་གྱིས་དབང་སྒྱུར་འོག་ཁྲིམས་ཐོག་ནས་མི་མང་ལ་སྤྲད་པའི་རང་དབང་ཐོབ་ཐང་ཁག  ཕྱི་གསལ་གནང་གསལ། ཀུན་སྙོམས་ཉི་མ་ལྟ་བུ་ཡོང་སླད་དུ།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐབས་ལམ་འདོན་གནང་མཛད་པ་འདི་ལ་དབུ་མའི་ཐབས་ལམ་ཟེར་བ་རེད།

ཕྱི་ལོ་ ༡༩༥༩ ལོར།  རྒྱ་མིས་བོད་ས་ཡོངས་རྗོགས་བདག་བཟུང་བྱས་པ་ནས་བཟུང་། བོད་མི་འབུམ་དྲུག་སྐོར་ཟས་སྐོམ་མ་རྙེད་པར་བཀྲེས་ལྟོག་གིས་གྲོངས་པ་དང་། ཡང་འབུམ་དྲུག་ལས་ལྷག་པ།  ཆབ་སྲིད་ཐོག་ནག་མེད་ཉེས་འཛུགས་མནར་གཅོད་འོག་བཀྲོངས་པ་སོགས་དུས་དེ་ནས་བཟུང་ད་ལྟ་ཡང་བོད་མིར་རང་དབང་བྲལ་བའི་མནར་གཅོད་ཚད་མེད་མྱོང་དགོས་བྱུང་བའི་ཚུལ་དེ་ལྟ་བུར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ཀྱིས་མ་བཟོད་པར། མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཐུགས་རྗེ་སྐུལ་བའི་བདེན་གསོལ་ཐུགས་སྨོན་ཁག་གསུང་རྩོམ་གནང་བ་རྣམས་སུ་འང་། དཔེར་ན། བདེན་ཚིག་སྨོན་ལམ་དུ། ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ།། ཞེས་སོགས་གསུངས་པ་མ་གཏོགས། ཡོངས་རྫོགས་བོད་ལྗོངས་རང་བཙན་གཙང་མའི་དཔལ།། གསུངས་མེད། གསུང་རྩོམ་གཞན་ཁག་ཏུ་ཡང་དེ་མཚུངས་རེད། དབུ་མའི་ཐབས་ལམ་མ་གསུངས་པའི་སྔོན་ལ། བོད་རང་བཙན་གསུངས་པ་ཡོད་ཆོག དེ་ནི། དེའི་ཚེ་དེའི་དུས་རེད། འོན་ཀྱང་ད་ལྟའི་ཆར། རང་ཕྱོགས་ནས་གང་ཟག་སུ་དང་སུ་ཡིན་རུང་ལན་དགུ་ཆད་མཐུད་ཀྱིས། ཇི་སྲིད། དབུ་མའི་ཐབས་ལམ་བཟུང་བ་དང་མཉམ་དུ། གང་ཟག་དེ་དང་དེས། རང་བཙན་རྩོད་གླེང་ལ་ཞུགས་ཏེ་མཉམ་བསྲེས་བྱས་ན་འགྲིག་ཐབས་མེད་དེ། དེ་ལྟར་ན། ནང་འགལ་ཁས་བླངས་པ་ཡིན་པའི་ལམ་སྟོན་སྔོན་ནས་མཛད་ཟིན་པ་ཡིན་པས་སོ།། 

དེ་ལྟར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། སྐྱེས་འགྲོ་སྤྱི་དང་བྱེ་བྲག་གངས་ཅན་པ་རྣམས་འཕྲལ་ཡུན་བདེ་ཐབས་སླད། ཐུགས་སྨོན་བདེན་ཚིག་གསུང་རྩོམ་མཛད་པའི་གཞུང་ཚིག་རྣམས། རང་གི་བསྟན་བྱའི་དོན་ལ་མི་བསླུ་བ་ཡིན་པ་ནི། དཔྱད་གསུམ་གྱིས་དག་པའི་ལུང་ཡིན་པས་ན། རྒོལ་བ་གཞན་གྱིས་ཀླན་ཀའི་ཀླག་རྙེད་པའི་སྐབས་མེད་དོ།།  དེ་ལྟར་ཡང་། རྟོག་གེ་ལ་སྦྱངས་རྒོལ་བ་མཐའ་དག་གིས། །ལན་བརྒྱར་དཔྱད་ཀྱང་མགོན་པོ་ཁྱེད་ཀྱི་གསུང། །ཆ་ཙམ་རྣམ་པ་གཞན་དུ་གཡོ་བ་སྤངས། །དག་པའི་ཐུགས་མངའ་ཁྱེད་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར་ལགས་སོ།།

མཐའ་དོན། གངས་ཅན་འགྲོ་བའི་མགོན་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ།  གུས་པས་གངས་ཅན་པ་ཡོངས་ཀྱི་སྐུ་ཚབས་ཞུས་ཏེ་སྙིང་ཁོང་རུས་པའི་སྟེང་ནས་གསོལ་བ་ཕུར་བཙུགས་སུ་འདེབས་སྙིང་། ཇི་སྐད་དུ། འགྲོ་འདི་ལྡོངས་པར་མི་འགོད་ཅིང་། །བསྐལ་བ་གྲངས་མེད་བཞུགས་པར་གསོལ། །གངས་ཅན་འགྲོ་བའི་སྡུག་བསྔལ་གྱི་མུན་པ་མ་བསལ་བར་དུ། སེམས་ཅན་སྡུག་བསྔལ་མུན་འཐོམས་ལ།  །ཆོས་ཀྱི་སྒྲོན་མེ་སྤར་དུ་གསོལ། །ཞེས་གསོལ་བ་རྩེ་གཅིག་ཏུ་འདེབས་ལགས་པ་བཅས།

བོད་དགེ་རྙིང་པ་རྗེ་དྲུང་བསྟན་འཛིན་གྱིས།  ཕྱི་ལོ་ ༢༠༡༣ ལོའི་ཟླ་བ་ ༦ པའི་ཚེས་ ༣༠ བཟང་པོར་ཕུལ།།

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

མཆན། 7

  1. ཀུན་དགའ། says:
    ལོ་ 13 སྔོན།

    ༼གསེར་འབྲུག་འདི་ག་དུས་ཡིན་ན་ཕྱི་གཏིང་ལོག་དགོས་ཡ་ག་རེ་ཡིན་ནམ། ཁྱོད་ཀྱི་མཆན་ཡོད་ཚད་གཞུང་དང་གོང་ས་མཆོག་ལ་ཟུར་ཟ་རྐྱང་རྐྱང་རེད་་་་སྐུ་ཉི་མའི་ནང་དུ་བཞུགས་ནས། གསུང་གྲིབ་མའི་ནང་དུ་འབྱོན་ན་ཡག་པོ་མི་འདུག་གོ། དེ་ལས་ལས་ཁུངས་སྲ་ཐག་ཐག་བྱོས།༽ཟེར་བ་དངོས་གནས་རེད།གསེར་འབྲུག ཁྱོད་ཀྱིས་ནམ་རྒྱུན་༸གོང་ས་མཆོག་ལ་ཟུར་ཟ་རྐྱང་རྐྱང་བྱེད་པ་ལས་བང་ཆེན་ཚགས་ཤོག་སྤོས་གཙང་ཞིག་ཨེ་ཡོང་ལྟོས།

    Reply
  2. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    བློ་འཕེལ།
    ངས་ཕྱི་གཏིང་བསློག་ཡོད་པ་མ་རེད། བཙན་བྱོལ་དུ་ཕེབས་པའི་སྔ་རྗེས་ཀྱི་ཆབ་སྲིད་རང་བཞིན་ཅན་གྱི་གསུངས་བཤད་དང་གསུངས་རྩོམ་ཁག་འགྲེལ་བརྗོད་པས་བོད་ཀྱི་རྩ་དོན་འཐབ་རྩོད་རང་བཞིན་གྱི་གནས་བབས་ཡུལ་དུས་གནས་སྐབས་སོ་སོར་རང་འཇག་མ་བཞག་པར་ཕྱི་གཏིང་བསློགས་ཡོད་པ་རེད། བྱས་ཙང་ཡུལ་དུས་གནས་སྐབས་སོ་སོའི་གསུངས་བཤད་དང་གསུངས་རྩོམ་ཁག་ཡུལ་དུས་གནས་སྐབས་སོ་སོར་རང་འཇག་བཞག་ཡོད་ན་ཕྱི་གཏིང་ལོག་རྒྱུ་མ་རེད་ལ་མི་དམངས་མགོ་ཡོམ་འཁོར་དགོས་པའི་གནས་ཚུལ་འདི་བྱུང་མི་སྲིད་པ་རེད།
    དེ་ལྟ་བས་ན་གནས་དུས་སྐབས་སོ་སོར་གནང་བའི་ཆབ་སྲིད་རང་བཞིན་ཅན་གྱི་གསུངས་བཤད་དང་གསུངས་རྩོམ་ཁག་མཚོན་མདོག་བསྒྱུར་བསྒྱུར་བྱས་པ་ཡིན་ན་དགེ་མཚན་ག་རེ་ཡོད་པ་རེད། བྱས་ན་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་དང་དོན་མཚན་བཅུ་བདུན་རྩིས་མེད་པ་བཏང་བ་སོགས་འགྲེལ་བརྗོད་གང་འདྲ་རྒྱགས་རྩིས་ཡོད་དམ། མ་ཟད་པཎ་ཆེན་སྐུ་གོང་མས་༧རྒྱལ་བ་རིན་པོ་ཆེར་རྒྱལ་ནང་དུ་ལྷན་དུ་རང་སྐྱོང་རྩོད་དུ་ཕེབས་ཤོག་ཞུ་དུས་༧རྒྱལ་བ་རིན་པོ་ཆེས་༼ཁྱེད་རང་རང་སྐྱོང་རྩོད་གནང་ངས་ཕྱི་ལོག་ནས་རང་བཙན་རྩོད་ཀྱི་ཡིན་༽ཞེས་གསུངས་པར་འགྲེལ་བརྗོད་ཀྱིས་མཚོན་མདོག་ག་རེ་བྱུག་རྩིས་ཡོད་དམ།
    དེས་ན་གནས་དུས་སྐབས་སོ་སོར་གནང་བའི་ཆབ་སྲིད་རང་བཞིན་གྱི་གསུངས་བཤད་དང་གསུང་རྩོམ་ཁག་རང་སོར་བཞག་ན་ལོ་རྒྱུས་རང་བཞིན་ལྡན་པ་ཆགས་ཀྱི་རེད། ད་ཆ་ལམ་དབུ་མའི་དགོངས་གཞི་དགོངས་དོན་དང་འབྲེལ་བའི་གསུངས་བཤད་དང་གསུངས་རྩོམ་ཁག་ཡུལ་དུས་གནས་སྐབས་རྩ་དོན་འཐབ་རྩོད་རང་བཞིན་གྱི་གནས་བབས་དང་བསྟུན་ནས་འགྲེལ་བརྗོད་བྱེད་དགོས་པ་དེ་གལ་ཆེན་རེད། དེ་མིན་ག་ལེར་བོད་ཀྱི་བྱུང་རབས་གཙང་མ་མིན་རབས་ཀྱིས་མག་མོག་བཟོ་མཁན་དག་ཐར་ལམ་ཐོབ་རྒྱུའི་ཉེན་ཁ་ཡོད་པ་རེད།

    Reply
  3. བློ་འཕེལ། says:
    ལོ་ 13 སྔོན།

    གསེར་འབྲུག་འདི་ག་དུས་ཡིན་ན་ཕྱི་གཏིང་ལོག་དགོས་ཡ་ག་རེ་ཡིན་ནམ། ཁྱོད་ཀྱི་མཆན་ཡོད་ཚད་གཞུང་དང་གོང་ས་མཆོག་ལ་ཟུར་ཟ་རྐྱང་རྐྱང་རེད་་་་སྐུ་ཉི་མའི་ནང་དུ་བཞུགས་ནས། གསུང་གྲིབ་མའི་ནང་དུ་འབྱོན་ན་ཡག་པོ་མི་འདུག་གོ། དེ་ལས་ལས་ཁུངས་སྲ་ཐག་ཐག་བྱོས།

    Reply
  4. འཇམ་གཅེས ། says:
    ལོ་ 13 སྔོན།

    བོང་རྒན་བླུན་སྤྱོད་ཅན་དག་ལ་ཡིན་ལུགས་བཤད་ན་གོ་བརྡ་འཕྲོད་པའི་དུས་ཞིག་ནམ་ཡང་མེད། དེའི་ཕྱིར་མྱི་གྲལ་ནས་གནས་དབྱུང་གཏོང་རྒྱུ་ལས་གང་ཡང་བསྡད་ཡོད་པ་མ་རེད་་་་་་་་་་་་་་་་་་་་་་་་་་་་་་

    Reply
  5. སྦྲ་ནག says:
    ལོ་ 13 སྔོན།

    སེམས་ཤུགས་ཀྱིས་བྲིས་པ་ཡིན་བཟོ་འདུག་ཀྱང་བོད་དགེ་ཞིག་གིས་ངོས་ནས་མཚོན་ན་སེམས་ཚོར་མཚོན་ཐུབ་ཙམ་འདུག བདེན་ཚིག་སྨོན་ལམ་འདི་༧གོང་ས་མཆོག་གིས་རང་གཙན་རྩོད་ལེན་གནང་བཞིན་པའི་སྐབས་བཀའ་རྩོམ་གནང་སྟབས་རང་དབང་གཙང་མ་ཟེར་བ་རང་དབང་ཙམ་ལ་འགྲེལ་ཅི་ཐུབ་བྱེད་ཅིང་ལན་དགུ་ཆད་མཐུད་ཀྱི་ཟེར་བ་འདིས་ཁྱེད་ཀྱིས་གནས་ལུགས་དང་དུང་ཞེན་གཉིས་ལས་དུང་ཞེན་འདེམས་བཞིན་པ་མཚོན་བཞིན་འདུག་པས་ངེད་ཅག་ད་དུང་གནས་ལུགས་དོར་ནས་དུང་ཞེན་གྱི་མུན་དོང་དུ་ཇི་ཙམ་གནས་དགོས་སམ།

    Reply
  6. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    དེའི་ཞོར་དུ་(ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ་)ཞེས་པར་རང་སྐྱོང་འོག་རང་དབང་གཙང་མ་ཞིག་གང་ནས་འབྱུང་གི་རེད། རང་དབང་གཙང་མའི་འོག་མི་རིགས་ཀྱི་བདག་དབང་ས་ཆའི་བདག་དབང་ཆ་ཚང་མ་མཐར་ཡང་ཡོད་དགོས་ངེས་རེད། འོ་ན། ཡོངས་རྫོགས་བོད་ལྗོངས་རང་སྐྱོང་གཙང་མའི་དཔལ་ཞེས་མི་གསུངས་པའི་རྒྱུ་མཚན་ཅི་རེད། དེ་ལྟའི་རང་སྐྱོང་འོག་རང་དབང་གཙང་མའི་སྒྲུབ་བྱེད་འགྲེལ་བརྗོད་བགྱིས།

    Reply
  7. ཚ་བ་མེ་ལྕེ། says:
    ལོ་ 13 སྔོན།

    དེའི་ཞོར་དུ། ལྷུན་འགྲུབ་ཆོས་སྲིད་ཟུང་འབྲེལ་དགའ་སྟོན་ལ། སྤྱོད་པའི་སྐལ་བཟང་མྱུར་བ་ཉིད་དུ་སྩོལ། ཞེས་པའི་ཚིག་རྐང་གཉིས་པོ་འདིར་ལའང་འགྲེལ་བརྗོད་ཅིག་གནང་རོགས།
    རང་སྲིད་རང་སྐྱོང་ལ་ཆོས་སྲིད་ཟུང་འབྲེལ་ལོངས་སུ་སྤྱོད་ཐུབ་ཀྱི་ཡོད་དམ་མེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese