མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨི་ཇིབ་བར་བརྒལ་སྲིད་འཛིན་བསྐོ་བཞག

བོད་ཀྱི་དུས་བབ།
༢༠༡༣/༠༧/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཨི་ཇིབ་ཀྱི་སྲིད་འཛིན་མོར་སི་ཡིས་སྲིད་འཛིན་ལས་འགན་བཞེས་ཏེ་ལོ་གཅིག་འཁོར་མ་ཐག མི་མང་གི་གྱེན་ལོག་ལ་དམག་སྤྱིས་རྒྱབ་རོགས་བྱས་ཏེ་སྲིད་འཛིན་ཕྱིར་འཕུད་བཏང་ཡོད་འདུག

དེ་རིང་སྔ་དྲོརཨི་ཇིབ་རྒྱལ་ཁབ་ཀྱི་དམག་སྤྱི་ཆེན་མོ་སེ་སེ་ ( Abdel Fattah el-Sisi)ཡིས་རྒྱལ་ཡོངས་བརྙན་འཕྲིན་བརྒྱུད་དེ། འདས་པའི་ལོའི་ནང་ཨི་ཇིབ་ནང་རྙོག་ཟིང་མང་པོ་བྱུང་སྟེ་རྒྱལ་ཁབ་དཀའ་ཉེན་ལ་ཐུག་ཡོད་པ་དང་། སྲིད་འཛིན་མོར་སི་ཡིས་མང་ཚོགས་ཀྱི་མངོན་འདོད་ལ་ཉན་འཇོག་མི་བྱེད་པར། ཟིང་འཁྲུག་སྔར་ལས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་བཅས་ལ་བརྟེན་ཏེ། གནས་སྐབས་རིང་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཕྱིར་བསྡུ་བྱས་ཏེ་ཨི་ཇིབ་ཀྱི་སྲིད་འཛིན་མོར་སི་( Mohamed Morsi )ལས་གནས་ནས་ཕྱིར་འཕུད་མི་གཏོང་ཐབས་མེད་ཆགས་པ་དང་། གམས་སྐབས་རིང་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་མཱན་སོར་(Adli Mansour)ལགས་ཨི་ཇབ་བར་བརྒལ་སྲིད་འཛིན་དུ་བསྐོ་བཞག་བྱས་ཡོད་པ་ཁྱབ་བསྒྲགས་བྱས་མ་ཐག མི་མང་སྟོང་ཕྲག་མང་པོས་རྒྱལ་ས་ཁེད་རོབ་ཀྱི་རང་དབང་ཐང་ཆེན་དུ་ཤོག་སྦག་སྒྲོན་པ་སོགས་དགའ་བསུའི་རྣམ་པ་ཤུགས་ཆེན་བསྟན་ཡོད་འདུག སྲིད་འཛིན་མོར་སིའི་ཕྱོགས་གཏོགས་ཁ་ཆེ་སྤུན་ཟླ་མཐུན་ཚོགས་ཀྱི་མགྲིན་ཚབ་ཇྷི་ཧཱ་ཌི་( Gehad el-Haddad) ཡིས་བྷེ་བྷེ་སི་གསར་འགོད་པར། “སྲིད་འཛིན་མོར་སི་དང་ཁོང་གི་ལས་རོགས་ཚང་མ་དམག་མིས་འཛིན་བཟུང་བཀག་གཉར་བྱས་སོང”ཅེས་བརྗོད་ཡོད་འདུག

ཕྱི་ཟླ་ ༤ ཚེས་ ༢༨ ཉིན་ནས་བཟུང་གྱེན་ལོག་ཤོག་ཁག་ཌཱ་མཱ་རོབ་ཊི( Tamarod) ཡིས་སྲིད་འཛིན་མོར་སི་ལ་གནོན་ཤུགས་སྤྲད་དེ། སྲིད་འཛིན་འོས་འདེམས་སྔ་བསྣུར་གསལ་བསྒྲགས་ཡོང་རྒྱུར། འདས་པའི་ཟླ་གཅིག་ལྷག་རིང་མི་མང་ས་ཡ་ ༢༢ ཙམ་གྱི་མཚན་རྟགས་བསྡུ་རུབ་བྱས་ཡོད་པ་དང་། ཨི་ཇིབ་ཀྱི་ཆབ་སྲིད་ཚོགས་པ་དང་དྲུག་བཞི་གཞོན་ནུའི་ལས་འགུལ། རྒྱལ་ཁབ་ཉེན་སྐྱོབ་ཚོགས་པ་བཅས་ཀྱིས་ཐེངས་འདིའི་གྱེན་ལོག་ལས་འགུལ་ལ་སྣེ་ཁྲིད་ཡོད་པ་དང་། ད་རེབ་ཕྱོགས་གཉིས་ཀྱི་མི་མང་ངོ་རྒོལ་སྐབས་་ཁྱོན་མི་ ༥༠ བསད་ཡོད་པ་དང་ ༡༠༠ ལྷག་ལ་རྨས་སྐྱོན་ཕོག་སྟེ་སྨན་ཁང་དུ་སྨན་བཅོས་བྱེད་ཀྱིན་ཡོད་འདུག

ཕྱི་ཚེས་ ༣༠ ཉིན་ཏེ་མོར་སི་ཡིས་ཨི་ཇིབ་སྲིད་འཛིན་གྱི་ལས་འཁུར་ཞུས་ཏེ་ལོ་གཅིག་འཁོར་བའི་ཉིན་མོ་དང་བསྟུན་ཏེ། གྱེན་ལོག་ལས་འགུལ་ཚོགས་པ་ཌཱ་མཱ་རོབ་ཊི་ཡི་སྣེ་ཁྲིད་འོག ཨི་ཇིབ་རྒྱལ་ས་ཁེད་རོབ་( Cairo)ཀྱི་རང་དབང་ཐང་ཆེན་དང་སྲིད་འཛིན་ཕོ་བྲང་མདུན། དེ་བཞིན་གྲོང་ཁྱེར་ཁག་མང་པོའི་ནང་མི་མང་སྟོང་ཕྲག་མང་པོ་འདུ་འཛོམས་བྱས་ཏེ། སྲིད་འཛིན་མོར་སི་ཡིས་དབང་ཆ་བཟུང་བའི་རིང་། ཨི་ཇིབ་ཀྱི་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད་པ། དེ་བཞིན། རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་སྲིད་འཛིན་རང་ཉིད་ལ་ཆེས་མཐོའི་དབང་ཆ་སྤྲད་པ་སོགས་ལ་ངོ་རྒོལ་ལས་འགུལ་སྤེལ་ཏེ། མོར་སི་སྲིད་འཛིན་གྱི་གོ་གནས་ལས་གང་མགྱོགས་དགོངས་ཞུ་བྱེད་དགོས་པའི་སྐད་འབོད་བྱས་སྟབས། ཨི་ཇིབ་ཀྱི་དམག་སྤྱི་ཆེན་མོ་སེ་སེ་ཡིས་བར་འདུམ་བྱས་ཏེ། ཆུ་ཚོད་ ༤༨ རིང་སྲིད་འཛིན་མོར་སི་ཡིས་མི་མང་གི་མངོན་འདོད་ལ་ཉན་འཇོག་མ་བྱས་ཚེ། དམག་དཔུང་གིས་སྲིད་གཞུང་རྩིས་མེད་གཏོང་རྒྱུ་ཡིན་པའི་ཐ་ཚིག་བསྒྲགས་ཡོད་པ་དང་། སྐབས་དེར་སྲིད་འཛིན་མོར་སི་ཡིས། “ ང་རང་ཨི་ཇིབ་མི་མང་གིས་དམངས་གཙོའི་འགྲོ་ལུགས་ལྟར་འོས་འདེམས་བྱས་པའི་སྲིད་འཛིན་ཡིན་པ་དང་། དམག་སྤྱིའི་ཐ་ཚིག་དེར་ངོ་ལེན་རྩ་བ་ནས་མེད་པ་མ་ཟད། དེ་ནི་དམག་མིའི་གྱེན་ལོག་གིས་སྲིད་གཞུང་མགོ་རྟིང་བསློགས་ཏེ་དབང་རྒྱལ་ཁབ་ཀྱི་དབང་ཆ་སྒེར་སྤྱོད་བྱས་པ་རེད” ཅེས་བརྗོད་ཡོད།

ཁ་སང་ཕྱི་ཚེས་ ༣ ཉིན་ཨི་ཇིབ་ཀྱི་དམག་སྤྱི་སེ་སེ་ཡིས་ཨི་ཇིབ་རྒྱལ་ཡོངས་བརྙན་འཕྲིན་བརྒྱུད་ཨི་ཇིབ་སྲིད་འཛིན་མོར་སི་ཡིས་མི་མང་གི་མངོན་འདོད་ལ་དང་ལེན་མ་བྱས་སྟབས། ཁོ་རང་སྲིད་འཛིན་ལས་གནས་ནས་ཕྱིར་འཕུད་བཏང་བ་དང་། རྒྱལ་ཁབ་ཀྱི་རྩ་ཁྲིམས་གནས་སྐབས་རིང་ཕྱིར་བསྡུ་བྱས་ཏེ། ཨི་ཇིབ་སྲིད་འཛིན་གསར་བ་ཞིག་འོས་འདེམས་མ་བྱུང་བར། ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་མཱན་སོར་ལགས་ཀྱིས་ཨི་ཇིབ་བར་བརྒལ་སྲིད་འཛིན་གྱི་ལས་འགན་བཞེས་དགོས་པའི་གསལ་བསྒྲགས་སྤེལ་འདུག ད་དུང་། བར་བརྒལ་སྲིད་བློན་མཱན་སོར་དང་། དེ་སྔའི་སྲིད་བློན་ཧེན་ཞཱམ། དམག་སྤྱི་སེ་སེ་གསུམ་ལས་གྲུབ་པའི་བར་བརྒལ་སྲིད་འཛིན་ཚོགས་ཆུང་ཞིག་རྩ་འཛུགས་བྱས་ཏེ། རྒྱལ ཁབ་ཀྱི་རྩ་ཁྲིམས་བསྐྱར་བཅོས་གཏན་འབེབས་བྱེད་རྒྱུ་ཡིན་སྐོར་བསྒྲགས་འདུག

ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཐེངས་འདིར་ཨི་ཇིབ་ནང་མི་མང་གིས་ངོ་རྒོལ་བྱས་པའི་སྐོར་བརྗོད་དོན། “ དམག་མིས་ཨི་ཇིབ་མི་མང་གི་རང་དབང་དང་ཐོབ་ཐང་སྲུང་སྐྱོབ་བྱེད་རྒྱུ་དང་། ད་ལྟའི་བར་བརྒལ་སྲིད་གཞུང་གིས་དོན་མེད་གང་བྱུང་མི་མང་འཛིན་བཟུང་བཙོན་འཇུག་མི་བྱེད་རྒྱུར་རེ་སྐུལ་ཞུ་ཡོད” ཅེས་བརྗོད་འདུག དེ་བཞིན། ཡུ་རོབ་མཐུན་ཚོགས་ཀྱི་ཕྱི་འབྲེལ་སྲིད་ཇུས་འགན་འཛིན་ཁཱ་ཋི་རིན་( Cattherine Athton) ལགས་ཀྱིས་ཀྱང་། “ སྲིད་འཛིན་དང་སྲིད་བློན་གཉིས་མི་མང་གིས་རང་དབང་དང་དྲང་བདེན་ཐོག་ནས་འོས་འདེམས་བྱས་ཏེ། རྒྱལ་ཁབ་ཀྱི་རྩ་ཁྲིམས་གསར་བར་མོས་མཐུན་ཆོག་མཆན་སྤྲོད་དགོས” ཅེས་བརྗོད་འདུག

སྲིད་འཛིན་མོར་སི་ནི་ ༢༠༡༢ ལོའི་ ༦ ཚེས་ ༣༠ ཉིན་ཨི་ཇིབ་མི་མང་གིས་དམངས་གཙོའི་ལམ་ནས་འོས་འདེམས་བྱས་པའི་སྲིད་འཛིན་ཐོག་མ་དེ་ཆགས་ཡོད་ཀྱང་། འདས་པའི་ལོ་གཅིག་རིང་རྒྱལ་ཁབ་ནང་དཀའ་རྙོག་མང་པོ་ཞིག་བྱུང་ཡོད་པ་མ་ཟད། རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་སྲིད་འཛིན་ལ་དབང་ཆ་ཆེན་པོ་ཡོད་པ་བེད་སྤྱོད་ལོག་པར་བཏང་བ་བཅས་ལ་བརྟེན་ཏེ། སྲིད་འཛིན་གསར་པའི་ལས་དོན་བྱེད་ཕྱོགས་ཐོག་ཨི་ཇིབ་མི་མང་གི་འདོད་བློ་མ་ཁེངས་པར་ངོ་རྒོལ་གང་སར་བྱུང་སྟབས། ཐེངས་འདིར་ཨི་ཇིབ་རྒྱལ་ཁབ་ཀྱི་དམག་སྤྱི་ཆེན་མོས་གཞུང་གི་ལས་དོན་ཐོག་ཐེ་ཇུས་བྱས་ཏེ་སྲིད་འཛིན་མོར་སི་ཕྱིར་འཕུད་བཏང་ཡོད་འདུག

ཨི་ཇིབ་རྒྱལ་ཁབ་ནི་ཨ་ཧྥི་རི་ཀའི་གླིང་ཆེན་གྱི་འདས་པའི་ལོ་རྒྱུས་ཁྲོད། རྒྱལ་ཁབ་དང་མི་རིགས་གཞན་གྱིས་བཙན་འཛུལ་མ་ཐེབས་པའི་རྒྱལ་ཁབ་གཅིག་པུ་དེ་ཆགས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༡༡ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese