མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༸གོང་ས་མཆོག་གི་སྐུའི་འཁྲུངས་ལ་འཚམས་འདྲི།

བོད་ཀྱི་དུས་བབ།
༢༠༡༣/༠༧/༠༥
Share on FacebookShare on TwitterShare on EmailShare on Whatsapp

སྐུ་ངུར་སྨྲིག་གོས་ཀྱིས་རབ་མཛེས་ཤིང་།།
གསུང་ཡན་ལག་དྲུག་ཅུའི་ཆ་ཤས་རྫོགས།།

ཐུགས་བྱམས་དང་སྙིང་རྗེའི་བདག་ཉིད་ཅན།།

མགོན་༧རྒྱལ་བའི་སྐུ་ཚེ་ཞབས་པད་བརྟན།།

༄༅། ། རང་ཅག་གངས་ཅན་སྐྱེ་འགྲོ་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བདུན་ཅུ་དོན་བརྒྱད་ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ཡོངས་ནས་བཅོས་མིན་གྱི་འཚམ་འདྲིའི་བཀྲིས་བདེ་ལེགས་གྲངས་མེད་ཞུ་བ་དང་།   ༧མགོན་པོ་གང་ཉིད་སྐུ་ཚེ་ཞབས་པད་རྡོ་རྗེའི་ངོ་བོར་བརྟན་པ་དང་གང་མགྱོགས་རང་ཡུལ་གངས་ཅན་ལྗོངས་ཀྱི་ཕོ་བྲང་པོ་ཏ་ལར་ཞབས་སོར་འཁོད་ཐུབ་པའི་སྨོན་འདུན་ཞུ།།

དབུས་བོད་ཀྱི་གཞོན་ལྷན་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་ཕུལ།

 

 

༄༅།། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཛམ་གླིང་ཞི་བདེའི་དེད་དཔོན་བོད་མིའི་བླ་ན་མེད་པའི་དབུ་འཁྲིད། ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་༧༨ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་གྱི་སྐལ་བཟང་དགའ སྟོན་ལ་གཞིས་བྱེས་བུད་མེད་ཡོངས་ཀྱིས་རྟེན་འབྱུང་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་སྐུ་ཚེ་བསྐལ་བརྒྱའི་བར་དུ་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་ལྷུན་གྱི་འགྲུབ་པའི་སྨོན་འདུན་ཞུ།

སྒོ་གསུམ་གུས་པ་ཆེན་པོས་གུས་ཕྱག་དང་བཅས། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༦ ལ།།

 

 

                         ཤིས་ཚིག

དགེ་འདུན་གྲུབ་པའི་མཚན་གྱི་དོན་ནས་བྱོན་པའི་སངས་རྒྱས་གཉིས་པ་ཁྱེད།།
ལྔ་ལྡན་གླིང་གི་དབྱེ་བས་མ་ཆོད་ཀླ་ཀློའི་ཞིང་ཁམས་ཐམས་ཅད་གཤེགས།།
དྲི་མེད་ལུང་དང་རྟོགས་པའི་བསྟན་དང་ཚད་མེད་སྙིང་རྗེའི་ཞབས་རྗེས་ནི།།
མ་ཐེག་ཀུན་བཟོད་སྒེག་མོའི་འཁུན་སྒྲ་སྲིད་པའི་ཁོངས་ལས་རིང་དུ་བརྒལ།
།

ལོག་སྨོན་ཆུ་སྲིན་རྒྱ་མཚན་མཛེས་ཤིང་འཁོར་བའི་རྒྱ་མཚོར་ངལ་གསོ་བའི།།
གདུག་རྩུབ་སྙིང་ཁམས་མེ་རུ་འབར་བའི་མི་སྲུན་དྲག་པོའི་སྡེ་དེར་ཡང་།།
འཚེ་མེད་སྙིང་རྗེའི་ཡུལ་དུ་སྒོམ་པའི་བྱང་ཆུབ་སེམས་ཀྱི་ལྟ་བ་དེར།།
ཆེ་དགུ་མ་བགྲོས་གཅིག་ཏུ་བཏུད་པའི་རྣམ་ཐར་ཡང་དག་དོན་གྱིས་མཛེས།
།

རྣམ་པར་དག་པའི་ཐུགས་གཤིས་བཟང་བོས་ཆེ་དགུའི་སྙིང་ལ་བདེ་བ་སྟེར།།
ཤིན་ཏུ་ཞི་བའི་སྤྱོད་པ་བཙུན་པས་འགྲོ་བའི་སེམས་ལ་ངལ་གསོ་ཐོབ།།
ཡང་དག་སྐུ་ཡི་གསུང་དབྱངས་གཅིག་གིས་ཐམས་ཅད་ཐར་བའི་ས་ལ་འགོད།།
རྣམ་པར་རྒྱལ་བའི་རྒྱལ་མཚན་མཛེས་པས་བླ་ན་མེད་པའི་སྟོན་པར་ངེས
།།

ཁྱེད་སྐུ་མི་ནུབ་སྲིད་པའི་རྒྱལ་མཚན་བསྐལ་བརྒྱར་བརྟན་པའི་བཀྲ་ཤིས་ཤོག།
ཤིན་ཏུ་དག་པའི་ཐུགས་དགོངས་ཟབ་མོ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག།
ཁྱེད་ཞབས་དྲི་མེད་གསེར་གྱི་འཁོར་ལོ་ཁ་བ་ཅན་ལ་བསྒྱུར་བར་ཤོག།
ས་ཡ་དྲུག་དང་འཛམ་གླིང་སྐྱེ་འགྲོ་ཞི་བདེའི་དཔལ་གྱིས་འཚོ་བར་ཤོག།

བོད་གངས་ཅན་དང་ཁྱད་པར་དུ་འཛམ་གླིང་སྐྱེས་འགྲོ་ཀུན་གྱི་སྟོན་པ་ཆེན་པོ་༸གོང་ས་ལྷ་མིའི་རྣམ་འདྲེན་གང་གི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་ནས་ཁོང་གི་སྐུ་ཚེ་མི་ཤིག་རྡོ་རྗེའི་ཁམས་སུ་བརྟན་པའི་སྨོན་འདུན་དང་བཅས་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་ ༢༠༡༣ ། ༧ ། ༤ གུས་ཕུལ།

 

 

 

དབུས་དབུ་མའི་ལམ་མི་མང་ལས་འགུལ་ཁང།

 

༄༅།། ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཇིག་རྟེན་ཞི་བདེའི་དེད་དཔོན། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག ཁམས་གསུམ་ཆོས་ཀྱི་རྒྱལ་པོ། འཕགས་མཆོག་འཇིག་རྟེན་དབང་ཕྱུག་མིའི་རྣམ་པར་རོལ་པ། བོད་མི་ཡོངས་ཀྱི་འདུ་ཕྱིའི་མགོན་སྐྱབས་དང་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་ྋགོང་ས་སྐྱབས་མགོན་ཐམས་ཅད་མཁྱེན་པ་རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ། མཚན་དངོས་ནས་སྨོས་ན་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་སྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་ཕྱི་ལུགས་ལྟར། དགུང་གྲངས་ ༧༨ བཞེས་པའི་སྐུའི་འཁྲུངས་སྐར་ལ། དགའ་དད་སྤྲོ་གསུམ་གྱི་སྒོ་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ།

ངྷ་ས་དབུས་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་སྤྱི་ཁྱབ་ཡིག་ཚང་ནས་ ༢༠༡༣ ཟླ་ ༧ ཚེས་ ༦ ལ།།

 

 

༄༅།།     བོད་གཞིས་བྱེས་ཡོངས་ཀྱི་འདི་ཕྱིའི་དབུ་འཁྲིད་བླ་ན་མ་མཆིས་པ་འཛམ་གླིང་ཞི་བདེའི་དེད་དཔོན་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲང་༧༨  ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་བའི་སྐལ་བཟང་བཀྲ་ཤིས་ཀྱི་ཉིན་མོར་བཞུགས་སྒར་འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་གི་༧སྤྱི་ཁྱབ་འགན་འཛིན་དང་།  འགན་འཛིན་ལྷན་ཚོགས་ལས་བྱེད་ཐུན་མོང་ནས་ལྷ་ཕྱག་གྲང་མེད་དང་བཅས་སྒོ་གསུམ་རབ་ཏུ་གུས་པས་བཀྲིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་བ་དང་ཆབས་ཅིག་༧གོང་ས་མཆོག་སྐུ་ཚེ་ཞབས་པད་སྐལ་བརྒྱར་བསྟན་པའི་སྨོན་འདུན་རྕེ་གཅིག་ཏུ་ཞུ།།  བཞུགས་སྒར་འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་ནས་ཕྱི་ལོ་༢༠༡༣  ཟླ་༧  ཚེས་༥  བཟང་པོར་ཕུལ།།

 

འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས།

༄༅།། སྤྱི་ནོར་༧གོང་ས་༧སྐྱབས་མགོན་༧རྒྱལ་བའི་དབང་པོ་མཆོག་དགུང་གྲངས་ ༧༨ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ལ་གཞིས་བྱེས་ཇོ་ནང་པ་ཡོངས་ཀྱི་ཚབ་བྱས་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།

 

 

 

 

 

 

 

 

 

འབྲེལ་ཡོད་གསར་འགྱུར།

བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

ཆུ་ཚོད་ ༡༩ སྔོན་ལ།
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese