མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་རང་སྲེག་ངོ་རྒོལ་རྒྱས་གླེང་།

བོད་ཀྱི་དུས་བབ།
༢༠༡༣/༠༧/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཨོ་སི་ཊི་ལི་ཡར་གནས་སྡོད་ལྷ་སྡེ་གནམ་ལོ་ཡག་ལགས་ཀྱིས་སྒེར་གྱི་ལས་ཀའི་ཞོར་དུ། བོད་མིའི་རང་ལུས་མེར་བསྲེགས་ངོ་རྒོལ་སྐོར་ལ་ཞིབ་འཇུག་བྱས་ཏེ་<<བོད་མིའི་རང་སྲེག་ངོ་རྒོལ་རྒྱས་གླེང་>>ཞེས་པའི་དཔེ་དེབ་ཅིག་རྒྱ་ཡིག་ཐོག་བྲིས་ཡོད་པ་དེ། ཉེ་ལམ་ཐའེ་ཝན་ནས་དཔར་སྐྲུན་འགྲེམས་སྤེལ་ཞུས་ཡོད་འདུག

གནས་ཚུལ་དེའི་སྐོར་རྒྱ་ཡིག་ནང་བསླེབས་པ་འདི་ལྟར་བཀོད་འདུག མི་རྣམས་ཀྱིས་ཤེས་འདོད་པའང་བོད་མི་ཚོས་རྒྱུན་མཐུད་ནས་རང་ལུས་མེར་བསྲེགས་གཏོང་དོན་ཅི།  འདི་ནི་ཏཱ་ལའི་བླ་མས་སྤེལ་བའི་ཁ་བྲལ་གྱི་ལས་འགུལ་རེད་དམ་བོད་མི་ཚོས་རང་འགུལ་གྱིས་སྤེལ་བའི་རང་དབང་བརྩོན་ལེན་རེད། རྒྱ་དམར་གཞུང་དང་བོད་མིའི་བར་འཕྲོག་རྩོད་བྱེད་ཀྱིན་པ་ནི་རང་དབང་རེད་དམ་ཕུན་སུམ་ཚོགས་པའི་གཏེར་ཁའི་ཐོན་ཁུངས་རེད།  བོད་མི་ཚོས་རང་ལུས་མེ་རུ་སྒྲོན་བཞིན་པ་ནི་ཨུ་ཐུག་རེད་དམ་དཔའ་ངར་ཞུམ་མེད་ཀྱི་ཚུར་མངོན་རེད། བོད་མིའི་མ་འོངས་པ་ཇི་ལྟར་འཚོལ་འོས་སམ། བོད་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་པའི་ཡང་སྙིང་ཅི་ཞིག་ཡིན་ནམ་ཞེས་པའི་དྲི་བ་འདི་དག་ཡིན་ངེས་པས། གལ་སྲིད་སྐུ་ཉིད་ནས་དཔྱད་གཞི་སྣ་མང་གི་གཤིབ་བསྡུར་བརྒྱུད་མ་དགོས་པར། དཔེ་དེབ་གཅིག་ཁོ་ནར་བརྟེན་ནས་བོད་མིའི་རང་ལུས་མེར་བསྲེགས་ཀྱི་གཏིང་རུམ་རྒྱུ་རྐྱེན་དང་། བོད་ཀྱི་གནད་དོན་གྱི་འདས་མ་ད་གསུམ་ཤེས་འདོད་ཚེ།  བོད་མི་རྩོམ་པ་པོ་ལྷ་སྡེ་གནམ་ལོ་ཡག་གིས་བརྩམས་ཤིང་། ཐའེ་ཝན་ཞོའུ་ཝེ་ཚན་རྩལ་བརྡ་འཕྲིན་ཚད་ཡོད་མཐུན་གཉེར་ཁང་ནས་དཔར་བསྐྲུན་བྱས་པའི《བོད་མིའི་རང་སྲེག་ངོ་རྒོལ་རྒྱས་གླེང》གིས་སྐུ་ཉིད་ལ་དྲིས་ལན་ཐ་དག་སྤྲད་ངེས་ཡིན།  དཔེ་དེབ་འདིར་ཤོག་ལྷེ་  ༢༣༦ ལྷག་ཡོད་ཅིང་། སྔོན་གླེང་དང་མཇུག་བསྡོམས་མ་ཐེ་བའི་ལེའུ་ ༧ དང་ཟུར་བཀོིད་ ༣ །  ཁ་གསབ་ཟུར་བརྗོད་ ༡ བཅས་ཀྱིས་གྲུབ་ཡོད་པ་ཞིག་རེད།

དཔེ་དེབ་འདི་བཞིན་བོད་ནང་བསྟུད་མར་བྱུང་བཞིན་པའི་བོད་མིའི་རང་ལུས་མེར་བསྲེགས་ལས་འགུལ་ཐད་སྤེལ་བའི་དཔྱད་བརྗོད་འཐུས་ཚང་ཞིག་ཡིན་པར་མ་ཟད།  བོད་ཀྱི་མ་འོངས་པ་དང་བོད་ཀྱི་གནད་དོན་ཐག་གཅོད་ཡོང་དགོས་པའི་ཡང་སྙིང་འཚོལ་སྙེག་གི་ཞིབ་འཇུག་ཐུན་མོང་མ་ཡིན་པ་ཞིག་ཏུའང་གྱུར་ཡོད་སྟབས། བོད་ཀྱི་གནད་དོན་དང་བོད་མིའི་རང་ལུས་མེར་བསྲེགས་འགྲེལ་བརྗོད་ཀྱི་མཚོན་རྟགས་གསར་བ་ཞིག་ཏུ་འགྱུར་བའི་རེ་བ་ཆེན་པོ་འདུག

ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་། བོད་མི་སྐྱ་སེར་དབྱེར་མེད་དང་ཕོ་མོ་དབྱེར་མེད། རྒན་གཞོན་དབྱེར་མེད་དང་ལས་རིགས་དབྱེར་མེད། ཆོལ་ཁ་དབྱེར་མེད་ཀྱིས་རྒྱུན་མཐུད་ནས་སྤེལ་བཞིན་པའི་རང་སྲེག་ངོ་རྒོལ་ལས་འགུལ་གྱིས་འཛམ་གླིང་ལ་གཡོ་ཁྱོམ་ཐེངས་ཤིག་བསླངས་ཡོད་པར་མ་ཟད།  གྲངས་འབོར་གྱི་ཆ་ནས་ཀྱང་གནས་སྟངས་འདི་འདྲ་སྔར་བྱུང་མྱོང་མེད་པ་ཞིག་རེད་ལ།  མི་རྣམས་ལ་སེམས་ཚོར་དྲག་པོ་ཞིག་དང་སེམས་འགྱུ་སྣ་མང་བསྐྲུན་འོངས་པ་ཞིག་ཀྱང་རེད། དེ་བས། མི་གྲངས་དུང་ཕྱུར་མང་བོའི་སྙིང་བརྗེ་དང་བསམ་གཞིགས་ངང་ངམ་ཤུགས་ཀྱིས་འདྲེན་བཞིན་མཆིས།དཔའ་རྒོད་ཚོ་ག་དུས་ཀྱང་བརྗེད་མི་རུང་། འགྱུར་བ་ཞིག་ག་ལེར་སླེབ་ཀྱིན་པར་སྲིད།


<< བོད་མིའི་རང་སྲེག་ངོ་རྒོལ་རྒྱས་གླེང་།>>

བོད་ཀྱི་མེར་བསྲེག་ངོ་རྒོལ་ལས་འགུལ་ཀྱི་བྱུང་བ་དང་འབྱུང་རྐྱེན་སྐོར།

ལྷ་སྡེ་གནམ་ལོ་ཡག་གིས་བརྩམས།


དཀར་ཆག

རང་བརྗོད།

ལེའུ་དང་པོ། མེར་བསྲེགས་ངོ་རྒོལ་ལས་འགུལ་གྱི་རྒྱབ་ལྗོངས།

གཅིག ཆབ་སྲིད།

གཉིས། ཆོས་ལུགས།

གསུམ། དཔལ་འབྱོར།

བཞི། ཤེས་རིག

ལྔ། མིའི་ནུས་པ་དང་གོ་སྐབས།

རོབ་བསྡོམས།

ལེའུ་གཉིས་པ། མེར་བསྲེགས་ངོ་རྒོལ་ལས་འགུལ་གྱི་ཁྱབ་ཁོངས་དང་མི་སྣ།

གཅིག མེར་བསྲེགས་ངོ་རྒོལ་བོད་ཁམས་ཁྱབ་པ།

གཉིས། མེར་བསྲེགས་ངོ་རྒོལ་བའི་ལོ་རྒྱུས།

གསུམ། “སེར་མོ་བ་ཁོ་ན་མེར་བསྲེགས”སྨྲ་བའི་དམིགས་ཡུལ།

རོབ་བསྡོམས།

ལེའུ་གསུམ་པ། མེར་བསྲེགས་ངོ་རྒོལ་ལས་འགུལ་གྱི་དགོས་འདུན།

གཅིག བོད་ཀྱི་རང་དབང་།

གཉིས། ཏཱ་ལའི་བླ་མ་ཕྱིར་ཕ་ཡུལ་དུ་ལོག་འཇུག་རོགས།

གསུམ། བོད་ཀྱི་རྒྱལ་ཁབ་སླར་གསོ།

རོབ་བསྡོམས།

ལེའུ་བཞི་བ། མེར་བསྲེགས་ངོ་རྒོལ་གྱི་སྙིང་སྟོབས་འཚོལ་བ།

གཅིག དཔའ་བོ་བཀུར་བའི་སེམས་ཁམས་ལས་སྙིང་སྟོབས་འཚོལ་བ།

གཉིས། བསམ་བློ་ནང་དུ་ཕྱོགས་པའི་གཤིས་ཀ་ལས་སྙིང་སྟོབས་འཚོལ་བ།

གསུམ། “ཁ་ངོའི་རིག་གཞུང”ལས་སྙིང་སྟོབས་འཚོལ་བ།

རོབ་བསྡོམས།

ལེའུ་ལྔ་བ། མེར་བསྲེགས་ངོ་རྒོལ་དང་བཤད་ཚུལ་སྣ་མང་།

གཅིག རྒྱ་ནག་པས་མེར་བསྲེགས་ངོ་རྒོལ་ལ་ལྟ་སྟངས།

གཉིས། ནུབ་ཕྱོགས་པས་མེར་བསྲེགས་ངོ་རྒོལ་ལ་ལྟ་སྟངས།

གསུམ། ནང་པ་བས་མེར་བསྲེགས་ངོ་རྒོལ་ལ་ལྟ་སྟངས།

རོབ་བསྡོམས།

ལེའུ་དྲུག་པ། མེར་བསྲེགས་ངོ་རྒོལ་ལས་འགུལ་དང་རྒྱལ་སྤྱིའི་སྤྱི་ཚོགས།

གཅིག མེར་བསྲེགས་ངོ་རྒོལ་གྱི་ལོ་རྒྱུས་བྱུང་རིམ།

གཉིས། མེར་བསྲེགས་ལས་འགུལ་ལ་གྲུབ་འབྲས་ཐོན་སྲིད་དམ།

གསུམ། མེར་བསྲེགས་ངོ་རྒོལ་དང་འོས་མཐུན་རང་སྲུང་།

རོབ་བསྡོམས།

ལེའུ་བདུན་པ། བོད་ཀྱི་མ་འོངས་པ།

གཅིག རྒྱ་ནག་དམར་ཤོག་གིས་ཁ་གཏད་པའི་འགྱུར་འགྲོས་དང་བོད་ཀྱི་གོ་སྐབས།

གཉིས། བོད་མིའི་དགོས་འདུན་དང་དམངས་གཙོའི་བསམ་བློ་གཅིག་མཐུན་བཟོ་བ།

གསུམ། ཡུ་རོབ་མནའ་མཐུན་གྱིས་ཨེ་ཤ་ཡ་ཤར་མའི་བློ་འབྱེད།

རོབ་བསྡོམས།

སྤྱིའི་མཐའ་བསྡོམས།

ཟུར་བཀོད། ༡ མེར་བསྲེགས་ལས་འགུལ་བའི་ལོ་རྒྱུས་རེའུ་མིག

༢ བོད་ཀྱི་གལ་ཆེ་བའི་ལོ་བཅུའི་རགས་ཟིན།(༡༩༤༩–༡༩༥༩)

༣ མེར་བསྲེག་ལས་འགུལ་བའི་ཞལ་ཆེམས།

༤ ཁ་གསབ་ཟུར་བརྗོད།

དཔེ་དེབ་མངགས་ཉོ་བྱེད་སྟངས།

ཀློག་པ་པོར་ཞབས་ཞུའི་ཡིག་ཟམ།  service@showwe.com.tw

དྲ་རྒྱའི་དཔེ་ཚོང་ཁང་། http://www.bodbooks.com.tw/ 

རྒྱལ་ཁབ་དཔེ་ཚོང་ཁང་། http://www.govbooks.com.tw/

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

ཆུ་ཚོད་ ༡༠ སྔོན་ལ།
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

ཆུ་ཚོད་ ༡༡ སྔོན་ལ།
26 Trade Passes Issued As India-Tibet Border Trade Resumes Photo (ETV Bharat Archives)
Mobile App

འཕགས་བོད་གཉིས་ཀྱི་ལི་པུ་ལེག་ཚོང་ལམ་སྒོ་ཕྱེ་ནས་རྒྱ་གར་གྱི་ཚོང་པ་ཤར་གཏོང་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༤ སྔོན་ལ།
TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༤
Mobile App

རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བའི་ཉི་གློག་བཟོ་སྐྲུན་གྱི་སྲིད་ཇུས་གསར་པ་ཞིག་སྤེལ་རྒྱུ་རེད།

༢༠༢༦/༠༦/༢༤
TT
Mobile App

ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་ལས་བྱེད་དང་མཇལ་འཕྲད་གནང་།

༢༠༢༦/༠༦/༢༤

མཆན། 5

  1. དོན་འགྲུབ་བཀྲ་ཤིས། says:
    ལོ་ 11 སྔོན།

    སྤྱིའི་མཐའ་བསྡོམས།

    ཟུར་བཀོད། ༡ མེར་བསྲེགས་ལས་འགུལ་བའི་ལོ་རྒྱུས་རེའུ་མིག

    ༢ བོད་ཀྱི་གལ་ཆེ་བའི་ལོ་བཅུའི་རགས་ཟིན།(༡༩༤༩-༡༩༥༩)

    ༣ མེར་བསྲེག་ལས་འགུལ་བའི་ཞལ་ཆེམས།

    ༤ ཁ་གསབ་ཟུར་བརྗོད།

    Reply
  2. གནས་ཚང་། says:
    ལོ་ 13 སྔོན།

    ཀ་ཏ་ཀ་ཟེར་བ་འདི་སྔར་རྡོ་རྗེ་དབང་ཕྱུག་ལགས་ལ་༼ང་མཁས་དབང༽ཞེས་བསྙོན་འཛུགས་མཁན་དེ་མ་རེད་པས། ད་རེས་ཡང་ག་རེ་བྱེད་བསམ་གྱི་ཡོད་དམ།

    Reply
  3. ཀེ་ཏ་ཀ says:
    ལོ་ 13 སྔོན།

    སྤྱིར་དེབ་གསར་པ་ཞིག་བྲིས་པ་དེ་གསར་འགྱུར་ཡིན་སྲིད་མོད། དེབ་གསར་པའི་སྐོར་འདི་ལྟར་བྲིས་ན་གསར་འགྱུར་ཞིག་མ་རེད་འདོད། འདི་ཏག་ཏག་རྩོམ་སྒྲིག་པའམ་གསར་འགོད་པ་གང་རུང་ཞིག་ནས་དེབ་འདིར་ཆེ་བསྟོད་བྲིས་པ་འདྲ་བས། གསར་འགྱུར་གཞུང་ལུགས་ལྟར་ན་ཉེས་པ་འབབ་ཚོད་ཡིན་ཡང། ཅང་བཤད་འདོད་མེད། ད་མང་པོ་མི་བཤད།།

    Reply
  4. ཀླུ་མཁར་བྱམས། says:
    ལོ་ 13 སྔོན།

    དེབ་འདིར་ངས་ཡུན་རིང་རེ་སྒུག་བྱས་པ་ཡིན། ད་གཞི་ནས་སླེབས་སོང་། ཅིག་ལྟ་དུས་དེབ་ཀྱི་མིང་དེ་ཆུང་དྲག་པ་འདྲ་ཞིག་འདུག “ཁ་ངོའི་རིག་གཞུང”ལས་སྙིང་སྟོབས་འཚོལ་བ་ཟེར་བ་འདི་ཁ་བྱང་ཡིན་རྒྱུ་ན་དཔེ་མེད་པ་ཞིག་འདུག་་་

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    གཉིས། ཏཱ་ལའི་བླ་མ་ཕྱིར་ཕ་ཡུལ་དུ་ལོག་འཇུག་རོགས། ་་་་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese