མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ ༡༠ ལ་མེ་མདའ་ཕོག་འདུག ༼པར༽

བོད་ཀྱི་དུས་བབ།
༢༠༡༣/༠༧/༠༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་ཁམས་རྟའུ་རུ་༸གོང་ས་མཆོག་གི་འཁྲུངས་སྐར་སྲུང་གཙི་གནང་སྐབས་མེ་མདའ་བརྒྱབ་ཏེ་བོད་མི་སྐྱ་སེར་བཅུ་ལྷག་རྨས་སྐྱོན་བཟོས་ཡོད་འདུག 

གྲྭ་ཡ་མ་བསོད་ནམས་ལགས་ཀྱིས་འདི་གར་གནས་ཚུལ་བཏང་འབྱོར་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༦ ཉིན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྟའུ་རྫོང་དུ་ས་གནས་སྐྱ་སེར་གཉིས་ཀྱིས་༸གོང་ས་མཆོག་ཕྱི་ལུགས་དགུང་གྲངས་ ༧༨ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་གཙི་གནང་སྐབས། རྒྱ་གཞུང་དྲག་ཆས་ཉེན་རྟོག་པས་མི་མང་ཁྲོད་གང་བྱུང་མེ་མདའ་བརྒྱབ་ཏེ་རྟའུ་ཉ་མཚོ་དགོན་པའི་དགེ་བསྐོས་ཚེ་རིང་དོན་འགྲུབ་ལགས་དང་ཕྱག་ཟུར་རྒན་བཀྲ་ཤིས་བསོད་ནམས་ལགས། དཔའ་མོ་དཔའ་ལྡན་ཆོས་མཚོའི་གཅུང་པོ་གྲྭ་བྱང་ཆུབ་རྡོ་རྗེ་དང་། གྲྭ་བློ་བཟང་རྡོ་རྗེ། གྲྭ་རྒྱལ་མཚན། དགའ་ལྡན་ཆོས་གླིང་གི་བཙུན་མ་སྒྲོལ་མ། བྲག་ཆུང་གྲོང་པའི་མི་སྐྱ་ཨ་རྒྱ་བཀྲ་ཤིས། མདུན་སྐྱ་གྲོང་པའི་སྙན་གྲགས། ཁོ་རོ་གྲོང་པའི་བཀྲ་ཤིས་རྒྱལ་མཚན། སྐྱང་གསོ་གྲོང་པའི་བཟང་པོ་བཅས་ལ་རྨས་སྐྱོན་ཕོག་ཏེ་སྨན་ཁང་དུ་སྨན་བཅོས་བྱེད་ཀྱིན་པ་མ་ཟད། ཕྱག་ཟུར་རྒན་བཀྲ་ཤིས་བསོད་ནམས་དང་མི་སྐྱ་ཨ་རྒྱ་བཀྲ་ཤིས་གཉིས་རྨས་སྐྱོན་ཚབས་ཆེན་ཕོག་ཏེ་ཉེ་ལམ་རྒྱ་ནག་གི་སྨན་ཁང་ཞིག་ཏུ་འཁྲིད་དེ་སྨན་བཅོས་བྱེད་ཀྱི་ཡོད་འདུག

ཉེ་བའི་ཆར་རྒྱ་ནག་གཞུང་གིས་ས་གནས་སུ་དམག་མི་མང་པོ་འགྲེམས་འཇོག་གིས་དམ་དྲག་བྱེད་ཀྱིན་ཡོད་སྟབས། གྲྭ་རྒྱལ་མཚན་དང་བཙུན་མ་སྒྲོལ་མ་གཉིས་ཀྱི་པར་ལག་སོན་བྱུང་མེད་པ་མ་ཟད། རྨས་མ་རྣམས་ཀྱི་གནས་སྟངས་གང་འདྲ་ཆགས་མིན་དང་ས་གནས་ཀྱི་ཞིབ་ཕྲའི་གནས་ཚུལ་སོགས་མ་ཤེས་པར་ལྷག་འདུག

ཉ་མཚོ་དགོན་པའི་དགེ་བསྐོས་ཚེ་རིང་དོན་འགྲུབ་ལགས།

དཔའ་མོ་དཔལ་ལྡན་ཆོས་མཚོའི་གཅུང་པོ་གྲྭ་བྱང་ཆུབ་རྡོ་རྗེ།

 

གྲྭ་བློ་བཟང་རྡོ་རྗེ།

                                                                        ཁོ་རོ་གྲོང་པའི་བཀྲ་ཤིས་རྒྱལ་མཚན།                                                                                                                                                                                                                

སྐྱང་གསོ་གྲོང་པའི་བཟང་པོ།

བྲག་ཆུང་གྲོང་པའི་མི་སྐྱ་ཨ་རྒྱ་བཀྲ་ཤིས།

ཕྱག་ཟུར་རྒན་བཀྲ་ཤིས་བསོད་ནམས།

མདུན་སྐྱ་གྲོང་པའི་སྙན་གྲགས།

 

 

 

འབྲེལ་ཡོད་གསར་འགྱུར།

འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

ཆུ་ཚོད་ ༡ སྔོན་ལ།
དེ་རིང་ཕྱི་ཟླ་ ༥ ཚེས་ ༢༦ ཉིན་གྱི་སྔ་དྲོར་སྐབས་བཅུ་དྲུག་པའི་བཀའ་ཤག་གི་སྲིད་སྐྱོང་མཆོག་གི་དབུས་བཀའ་བློན་རྣམ་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་པ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་སྐབས་བཅུ་དྲུག་པའི་བཀའ་ཤག་ལ་འཐོན་མཇལ་བསྩལ།

ཆུ་ཚོད་ ༢ སྔོན་ལ།
ཨོ་གླིང་གི་གྲོང་ཁྱེར་སི་ཌི་ནི་ (Sydney) ཡི་ཉེ་འགྲེམ་རི་སྔོན་པོ་ (Blue Mountain) རུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་འཚོག་བཞིན་པ། པར་རང་བཙན་ཚོགས་ཆེན་གྱི་ངོ་དེབ་ནས་བླངས། ༢༠༢༦།༥།༢༣
Mobile App

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་ཨོ་གླིང་ནས་མཇུག་བསྒྲིལ།

ཆུ་ཚོད་ ༣ སྔོན་ལ།
Mobile App

དྷ་རམ་ས་ལར་བོད་ཀྱི་རིག་གཞུང་དུས་སྟོན་འཚོག་རྒྱུ་རེད་འདུག

ཆུ་ཚོད་ ༤ སྔོན་ལ།
བོད་སྟེང་ཆེན་རྫོང་ནས་དབྱར་རྩྭ་དགུན་འབུ་བརྐོ་ཆོག་པའི་དཔང་ཡིག་མེད་པར་འབུ་བརྐོས་པའི་ཉེས་མིང་འོག་བོད་མི་ ༣༥ འཛིན་བཟུང་བྱས། དེ་འབྲེལ་གཞུང་ཕྱོགས་ཀྱི་གསར་འགྱུར་གྱི་པར། ༢༠༢༦།༥།༡༢
Mobile App

དབྱར་རྩྭ་དགུན་འབུ་བརྐོ་མཁན་བོད་མི་ ༣༥ འཛིན་བཟུང་བྱས།

༢༠༢༦/༠༥/༢༥
ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མའེ་ཁལ་མེག་ཁོལ་ (Michael McCaul) ལགས་དང་ཨ་རིའི་གྲོས་ཚོགས་འཐུས་མི་དང་བོད་དོན་ཁྲིམས་འཆར་འདོན་མཁན་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) ལགས་རྣམ་གཉིས། ༢༠༢༦།༠༥།༢༥ དུས་བབ་གསར་ཁང་ནས་པར་སྒྲིག་སྦྱོར་བྱས།
Mobile App

བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་དགོས་པའི་ཁྲིམས་འཆར་ཆེད་འདོན་གནང་།

༢༠༢༦/༠༥/༢༥

མཆན། 4

  1. བདེ་རྒྱལ། says:
    ལོ་ 13 སྔོན།

    བོད་མི་འཇོན་མཁན་ཚོས་གནས་ཚུལ་འདི་རྒྱལ་སྤྱིའི་གསར་ལམ་ལ་ཁྱབ་འཇུག་དགོས།
    དེ་ལྷག་ང་ཚོར་བྱེད་ཐབས་མེད། རང་གཞུང་དྲིལ་བསྒྲགས་དང་། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱིས་གང་མགྱོགས་གནས་ཚུལ་འདི་ཕྱི་ལ་ཁྱབ་བརྡལ་དུ་གཏོང་བར་འབད་དགོས། རྒྱ་སྒྱུ་མ་མཁན་ལ་བློ་མ་གཏོད་ཅེས་པའི་ཁ་དཔེ་དེར་འདི་ནས་བདེན་དཔངས་བྱས་འདུག བོད་པ་ཚོ་དངོས་ནས་སྙིང་རྗེ།

    Reply
  2. གནས་ཚང་། says:
    ལོ་ 13 སྔོན།

    ད་འདི་ནི་ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་རྩ་ཁྲིམས་འོག་གི་རང་སྐྱོང་གི་གནས་སྟངས་རེད། འདིའི་འོག་ལ་འགྲོ་གི་ཡིན་ལབ་མཁན་ཚོས་ཁ་གསལ་བོ་ཞིག་གྲགས་རན་ཡོད་པ་གསལ་འདུག ཡང་ན། སོ་སོ་ལ་ཐད་ཀར་མེ་མདའ་ཕོག་གི་འཇུག་ཐུབ་དགོས་ཀྱི་ཡོད་པ་རེད། དེ་མིན་ད་གང་འབྱུང་མི་འབྱུང་ལབ་རྐྱང་མི་འདུག་གཱ བོད་མི་ཚོ་སྙིང་རྗེ།

    Reply
  3. འཇམ་གཅེས ། says:
    ལོ་ 13 སྔོན།

    ཞེ་ཅིང་ཕེང་ཀྱིས་ཐེངས་དང་པོའི་བོད་མིར་དྲག་གནོན་འདི་ལ་གཞིགས་ན་རེ་བ་ཅུང་ཟད་ཡོད་པ་དེ་ཡང་མེད་པར་གྱུར་སོང་།
    ད་ནི་བོད་མི་ཚོས་རང་རང་གི་གཅེས་སྲོགས་ལ་གཅེས་སྤྲས་གནང་དགོས་པ་ལས་གྱོང་ཁ་རང་ལ་མ་གཏོགས་སུ་ལ་ཡང་རག་ཟོར་མེད་པ་མངོན་གསལ་རེད།

    རྒྱ་གཞུང་གི་བོད་མི་མེ་མདའ་ཞུས་པ་ནི་སྡིག་ཅན་རྔོན་པའི་རི་དྭགས་ལ་མེ་མདའ་བཞུས་པའི་འདུ་ཤེས་ལས་མེད་པར་ཤེས་དགོས། དེ་ལས་ཐབས་མཁས་གང་ཡང་གནང་ནས་སོ་སོའི་ཆོས་རིགས། ཡུལ་གོམས་གཤིས་ལུགས། དཔལ་འབྱོར་སོགས་ལ་མཐུར་ཤོར་མི་གནང་རྒྱུ་དེ་གལ་ཆེ་ཤོས་ཡིན་པར་འདོད།།

    Reply
  4. ཀླུ་མཁར་བྱམས། says:
    ལོ་ 13 སྔོན།

    འ་བླ་མ་མཁྱེན་་་ད་ནི་རྩ་བས་འདུག་ཐབས་མེད་སོང་བ་རེད། ཡིན་ནའང་། མི་རིགས་ཤིག་གནས་སྟངས་འདི་འདྲར་ཐུག་དུས་སེམས་ཤུགས་དང་རྣམ་དཔྱོད་ཟུང་འབྲེལ་ཐོགག་ནས་ཕར་རྒོལ་དང་རང་སྲུང་དོ་མཉམ་པ་ཞིག་དགོས་པ་ནི་ཧ་ཅང་གིས་གལ་ཆེན་པོ་རེད།ཡང་གཅིག་བཤད་ན། ང་ཚོའི་མི་ཐོག་སྔོན་མ་ཚོའང་འདི་ལྟར་ཡོང་བ་རེད། ད་དུང་འདུ་ལྟར་ལོ་ག་ཚོད་ཅིག་ལ་འགྲོ་དགོས་མིན་མི་ཤེས་མོད། ལོ་རྒྱུས་ཀྱི་ཉམས་མྱོང་དང་དུས་རབས་ཀྱི་མཐུན་རྐྱེན་གང་ལ་གཞིགས་ཀྱང་བདེན་དོན་འཐབ་རྩོད་ལ་མཐའ་གསལ་རྒྱུ་ཡོད་པར་ཡིད་ཆེ་བྱ་ཆོག་གི་རེད་ལ། གཡུལ་ས་འདི་ནས་ང་ཚོ་ཁེར་རྐྱང་དུ་ནམ་ཡང་ལྷག་གི་མ་རེད་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese