མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབྲུག་གི་སྐབས་གཉིས་པའི་སྲིད་བློན་འོས་འདེམས།

བོད་ཀྱི་དུས་བབ།
༢༠༡༣/༠༧/༡༥
Share on FacebookShare on TwitterShare on EmailShare on Whatsapp

འབྲུག་རྒྱལ་ཁབ་ཀྱི་སྐབས་གཉིས་པའི་སྲིད་བློན་འོས་བསྡུའི་ཁྲོད་མི་སེར་དམངས་གཙོ་ཚོགས་པའི་ཚོགས་གཙོ་ཚེ་རིོང་སྟོབས་རྒྱལ་ལགས་སུ་རྒྱལ་ཁ་ཐོབ་ཡོད་པ་རེད།

ཕྱི་ཚེས་ ༡༣ ཉིན་འབྲུག་རྒྱལ་ཁབ་ཀྱི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་ཆེན་པོ་ཐེངས་གཉིས་པ་དེ་གནང་ཡོད་པ་དང་། གྲོས་ཚོགས་འཐུས་མི་ཁྱོན་ ༤༧ ཡོད་པ་ལས་ཐེངས་འདིར། ད་ལྟའི་གཞུང་འཛིན་ཚོགས་པ་སྟེ་འབྲུག་ཕུན་སུམ་ཚོགས་པར་འོས་གྲངས་ ༡༥ ཐོབ་ཡོད་པ་དང་། མི་སེར་དམངས་གཙོ་ཚོགས་པ་ (PDP) ལ་འོས་གྲངས་ ༣༢ ཐོབ་སྟེ་མི་སེར་དམངས་གཙོ་ཚོགས་པའི་ཚོགས་གཙོ་ཚེ་རིང་སྟོབས་རྒྱལ་ལགས་ཀྱིས་འབྲུག་རྒྱལ་ཁབ་ཀྱི་སྲིད་བློན་ཐེངས་གཉིས་པའི་འོས་འགན་བཞེས་རྒྱུ་ཡིན་འདུག

མི་སེར་དམངས་གཙོ་ཚོགས་པ་ནི་འབྲུག་རྒྱལ་པོ་འཇིགས་མེད་སེང་གེ་དབང་ཕྱུག་མཆོག་གི་ཨ་ཁུ་སངས་རྒྱས་དངོས་འགྲུབ་ཀྱིས་གསར་འཛུགས་བྱས་པའི་ཆབ་སྲིད་ཚོགས་པ་ཞིག་ཡིན་པ་དང་། ༢༠༠༨ ལོའི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུའི་སྐབས་འོས་གྲངས་ ༢ ལས་ཐོབ་མེད།  

ད་ལོ་ཕྱི་ཟླ་ ༥ པའི་ནང་འབྲུག་གཞུང་གི་འོས་བསྡུ་ལྷན་ཁང་གིས། འབྲུག་རྒྱལ་ཁབ་ནང་ཆབ་སྲིད་ཚོགས་པ་ ༤ ཡོད་པ་ལས་ཚོགས་པ་གཉིས་དངོས་གཞིའི་འོས་འགྲན་ནང་ཞུགས་དགོས་པའི་བཀོད་ཁྱབ་བཏང་བ་ལྟར། སྔོན་འགྲོའི་འོས་འདེམས་ཁྲོད་འབྲུག་ཕུན་སུམ་ཚོགས་པར་འོས་གྲངས་ ༣༣ ཐོབ་ཡོད་པ་དང་། མི་སེར་དམངས་གཙོ་ཚོགས་པར་འོས་གྲངས་ ༡༢ ཐོབ་ཡོད། འབྲུག་མཉམ་རུབ་ཚོགས་པར་འོས་ཤོག་ ༢ ལས་ཐོབ་མེད་ཀྱང་ཕྱིས་སུ་མི་སེར་དམངས་གཙོ་ཚོགས་པར་ཟླ་སྒྲིལ་བཏང་ཡོད་འདུག 

འབྲུག་རྒྱལ་ཁབ་དེ་རྫོང་ཁག་ ༢༠ ལས་གྲུབ་ཡོད་པ་དང་། ཆབ་སྲིད་ཚོགས་པ་ ༤ ཡོད་པ་དག་ནི། འབྲུག་ཕུན་སུམ་ཚོགས་པ་ (DPT) དང་མི་སེར་དམངས་གཙོ་ཚོགས་པ་ (PDP)། འབྲུག་མཉམ་རུབ་ཚོགས་པ་ (DNT)། འབྲུག་སྦྱིར་དབང་ཚོགས་པ་ (DCT) བཅས་ལས། འབྲུག་ཕུན་སུམ་ཚོགས་པ་དང་མི་སེར་དམངས་གཙོ་ཚོགས་པ་གཉིས་ནི་འབྲུག་རྒྱལ་ཁབ་ཀྱི་ཆབ་སྲིད་ཁྲོད་ཤུགས་རྐྱེན་ཆེ་ཤོས་ཆགས་ཡོད།

འབྲུག་རྒྱལ་ཁབ་ནི་རྒྱ་གར་གྱི་སྲུང་སྐྱོབ་རྒྱལ་ཁབ་ཅིག་ཡིན་པ་དང་། རྒྱ་གར་གཞུང་གིས་འབྲུག་རྒྱལ་ཁབ་ལ་དཔལ་འབྱོར་དང་བདེ་སྲུང་ཐོག་རོགས་སྐྱོར་བྱེད་ཀྱིན་ཡོད་མ་ཟད། འབྲུག་པ་དག་རྒྱ་གར་ནང་ལས་ཀ་དང་སློབ་སྦྱོང་། ཡུལ་སྐོར་བཅས་སུ་སྐྱོད་པར་ཐོངས་ཆེན་ཞུ་མི་དགོས་པའི་མཐུན་རྐྱེན་སྤྲོད་ཡོད་པ་རེད། ལོ་སྔོན་མའི་ནང་འབྲུག་གི་སྲིད་བློན་འཇིགས་མེད་འཕྲིན་ལས་ཀྱིས་རྒྱ་གར་གཞུང་ལ་བཀའ་འདྲི་མ་ཞུས་པར།  རྒྱ་ནག་གི་སྲིད་བློན་ཝན་ཅཱ་པོ་ལ་ཐུག་འཕྲད་དང་རྒྱ་ནག་ནས་སྤྱི་སྤྱོད་རླངས་འཁོར་ ༢༠ ནང་འདྲེན་བྱས་སྟབས། རྒྱ་གར་དང་འབྲུག་གཉིས་བར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཡོད། ད་ལོའི་ཕྱི་ཟླ་ ༦ པའི་ཟླ་མཇུག་ལ་རྒྱ་གར་གཞུང་གིས་འབྲུག་རྒྱལ་ཁབ་ལ་སོལ་རླངས་དང་ས་སྣུམ་སོགས་ཀྱི་རོགས་སྐྱོར་མཚམས་འཇོག་བྱས་སྟབས། འབྲུག་རྒྱལ་ཁབ་ནང་སོལ་རླངས་དང་ས་སྣུམ་གྱི་རིན་གོང་ལྡབ་གཉིས་ལྷག་འཕར་ཏེ་དཀའ་ངལ་ཆེན་པོ་འཕྲད་ཡོད་འདུག

ཁ་སང་ཕྱི་ཚེས་ ༡༤ ཉིན། མི་སེར་དམངས་གཙོ་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཐོབ་པར། རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིན་( Manmohan Singh) ལགས་ཀྱིས་ “ མི་སེར་དམངས་གཙོ་ཚོགས་པར་མང་མོས་འོས་ཤོག་ཐོབ་པར་དགའ་བསུ་ཞུ་རྒྱུ་དང་། རྒྱ་གར་གཞུང་གིས་ཧི་མ་ཡའི་འབྲུག་རྒྱལ་ཁབ་ལ་མངོན་སུམ་འཛེམས་མེད་ཀྱིས་རོགས་སྐྱོར་བྱ་རྒྱུ་ཡིན་” ཞེས་བརྗོད་ཡོད་འདུག

༢༠༠༠ ལོ་ནས་བཟུང་འབྲུག་རྒྱལ་པོ་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་གིས་འབྲུག་གི་ཆབ་སྲིད་ལ་བསྐྱར་བཅོས་ཆེན་པོ་བཏང་ཡོད་པ་མ་ཟད། ཁོང་གི་དབང་ཆ་མང་པོ་ཞིག་བཀའ་བློན་ལྷན་ཚོགས་ལ་གནང་ཡོད་པ་དང་། ཐ་ན་གྲོས་ཚོགས་ཀྱིས་མང་མོས་ཐོག་རྒྱལ་པོ་ཁོ་རང་ཡང་ཕྱིར་འཕུད་གཏོང་ཆོག་པའི་ཆེས་མཐོའི་དབང་ཆའང་སྤྲད་ཡོད། ༢༠༠༥ ལོར་འབྲུག་རྒྱལ་ཁབ་ཀྱི་རྩ་ཁྲིམས་གཏན་འབེབས་དང་། ༢༠༠༨ ལོའི་སྔོན་ལ་རྒྱལ་པོས་ཁོང་གི་རྒྱལ་སྲས་ཆེ་བ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་ལགས་སུ་རྒྱལ་སྲིད་སྤྲོད་རྒྱུའི་གསལ་བསྒྲགས་གནང་ཡོད་ཀྱང་། ༢༠༠༦ ལོའི་ཟླ་ ༡༢ ནང་གློ་བུར་དུ་རྒྱལ་སྲས་ཆེ་བར་རྒྱལ་སྲིད་གནང་ཡོད་པ་དང་། སྲིད་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་གནང་བའི་གྲོས་ཚོགས་འཐུས་མིར་སྤྲད་ཡོད་པ་རེད། ༢༠༠༨ ལོར་དམངས་གཙོའི་འོས་འདེམས་བརྒྱུད་དེ་འབྲུག་རྒྱལ་ཁབ་ཀྱི་སྲིད་བློན་ཐོག་མ་འཇིགས་མེད་འཕྲིན་ལས་བདམས་ཐོན་བྱུང་ཡོད།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

ཆུ་ཚོད་ ༣ སྔོན་ལ།
Mobile App

རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བའི་ཉི་གློག་བཟོ་སྐྲུན་གྱི་སྲིད་ཇུས་གསར་པ་ཞིག་སྤེལ་རྒྱུ་རེད།

ཆུ་ཚོད་ ༣ སྔོན་ལ།
TT
Mobile App

ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་ལས་བྱེད་དང་མཇལ་འཕྲད་གནང་།

ཆུ་ཚོད་ ༣ སྔོན་ལ།
Sakkar Tashi’s profile on X. Screenshot taken on 24 June 2026.
Mobile App

རྒྱ་ནག་གཞུང་གིས་ས་དཀར་བཀྲ་ཤིས་ལགས་ཀྱི་བོད་ནང་གི་ནང་མི་རྣམས་ནག་ཉེས་ཅན་གྱི་ཐོ་གཞུང་དུ་བཅུག་འདུག

ཆུ་ཚོད་ ༤ སྔོན་ལ།
སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཀྱི་གཞུང་འབྲེལ་ཕྱོགས་ཕེབས་མཇུག་བསྒྲིལ། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༦།༦།༢༤
Mobile App

སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཁུལ་གྱི་ཕྱོགས་ཕེབས་མཇུག་བསྒྲིལ། 

ཆུ་ཚོད་ ༧ སྔོན་ལ།
Some Chinese students celebrate graduation in New York. Photo: IC
Mobile App

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

༢༠༢༦/༠༦/༢༣

མཆན། 1

  1. གནས་ཚང་། says:
    ལོ་ 13 སྔོན།

    བཀྲ་ཤིས་བདེ་ལེགས་ཡོད། ཡིན་ནའི། དྲག་ཤོས་ནང་ཁུལ་གཅིག་པུ་ནས་ཡང་བསྐོར་བསྐྱར་བསྐོར་མི་གནང་བ་ཡོང་བར་ཤོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese